03 May 2013
26 min 47 sec
Video Overview
Creators:
Unknown
This video is the second part of an interview with Bhikshu Tendzin Püntsok about the rituals of Sangdrok Monastery in Chentsa, Amdo.
- Kyagya
- Sangdrok Dechen
- Speaker 1ད་ཐེངས་ཀྱི་སྤྲུལ་སྐུའི་བར་དུ་གཡེར་གཤོང་ཆོས་པ་རིན་པོ་ཆེ་སྐུ་ཕྲེང་བརྒྱད་སོང་བ་རེད།
- Speaker 1གཡེར་གཤོང་ཆོས་པ་རིན་པོ་ཆེ་ཡི་སྐུ་ཕྲེང་བརྒྱད་སོང་བ་རེད།
- Speaker 1དགེ་བཤེས་ཚང་གདན་ཁ་བཞུགས་པ་དང་ཨ་ལགས་ཁོང་ཚང་ཡང་ཕེབས།
- Speaker 1ཐམས་ཅད་ལ་ལམ་རིམ་བློ་སྦྱོང་ཁྲིད་དགོས་པ་རེད་ཟེར་ནས།
- Speaker 1ལམ་རིམ་བློ་སྦྱོང་ཁྲིད་པ་རེད།
- Speaker 1ཐམས་ཅད་ལ་རྒྱུགས་ཀྱང་བླངས་པ་རེད།
- Speaker 1སྲོལ་འདི་བཙུགས་ཏེ་རྒྱུན་དུ་ཕེབས་པའི་རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1ལམ་རིམ་གྱི་སྟེང་ནས་གནད་དུ་བཟུང་ཡོད་པ་རེད།
- Speaker 1རྒྱུད་པ་བ་ཡིན་པ། གྲྭ་ས་ཆེ་ཆུང་གང་ཡིན་རུང་།
- Speaker 1དགོན་པ་ཆུང་ཆུང་རྒྱུད་སྡེ་བ་ཞིག་ཡིན་ན་ཆོག་གི
- Speaker 1ཐམས་ཅད་ཀྱིས་ཤེས་པ་དང་གོ་བའི་རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1ཕར་ནང་ཚུར་ནང་གི་དགོན་པ་གཞན་དང་མི་མཚུངས་པ་བཟང་བོ་ཞིག་ཡིན།
- Speaker 1འདིའི་ཀོའུ་བ་དགོན་པ་དང་ང་རིང་དགོན་སོགས་དགོན་པ་ལེགས་པོ་དག་ཡོད་པ་རེད།
- Speaker 1ང་ཚོ་ཁྱད་པར་ཅན་ཞིག་ཡིན་ཟེར་བ་མིན་མོད། འོན་ཀྱང་ང་ཚོས་བཙུགས་ཡོད་ཞེས་པ་དེ་ཡིན།
- Speaker 1ང་ཚོས་དགེ་རྒན་གཅིག་གི་མི་ཚད་གཉིས་ཞུས་ཡོད་ཟེར་བ་དེ་ཡིན།
- Speaker 1གསལ་བོ་ཞིག་ཡིད་ལའང་མི་ཤར་བ་རེད། དེ་འདྲ་ཞིག་རེད།
- Speaker 1བཟང་བ་རེད།
- Speaker 2སྔོན་ཆད་གྲྭ་བ་ཅི་འདྲ་ཞིག་བཞུགས་པ་དང་།
- Speaker 2བན་དེ་སྐྱེལ་མཁན་ཡོད་མེད།
- Speaker 2བན་དེ་ལ་དགེ་རྒན་གྱིས་ཅི་ལྟར་ཁྲིད་ཀྱི་ཡོད་པ།
- Speaker 2ཁྲིད་རྗེས་ཁ་ཤས་གྲྭ་ས་ཆེན་པོ་དག་ཏུ་སྐྱེལ་མཁན་ཡང་ཡོད་ཀྱི་རེད་མོད།
- Speaker 2དེའི་སྐོར་གྱི་རྒྱུ་མཚན་ཁ་བརྡ་ཞིག་བྱས་ན།
- Speaker 1སྔོན་ཆད་ང་ཚོར་གྲྭ་བ་ཉིས་བརྒྱ་ལྷག་ཡོད་པ་རེད།
- Speaker 1ཆོས་སྒོ་ཕྱེ་ནས་བརྒྱད་བཅུ་རྩ་གཅིག་རྩ་གཉིས་ནས་རྩིས་ན།
- Speaker 1གྲྭ་བ་བརྒྱ་ལྷག་ཡོད་བའི་སྐབས་ཀྱང་བྱུང་ཡོད།
- Speaker 1སྐབས་དེར་གྲྭ་བ་ཁ་ཤས་ཡར་མར་གྱི་དགོན་པ་གཞན་དུ་སོང་བ་རེད།
- Speaker 1ཅུང་ཙམ་ཇེ་ཉུང་དུ་སོང་བ་རེད།
- Speaker 1ད་ལོར་མཚོན་རྒྱུ་ན། གྲྭ་བ་ཇེ་མང་དུ་སོང་ཡོད་པ་རེད།
- Speaker 1ད་ལོ་གྲྭ་བ་བརྒྱད་བཅུ་ལྷག་ཡོད་པ་རེད།
- Speaker 1ད་ལོ་གྲྭ་བ་བྱེད་མཁན་བན་དེ་ཡང་ཅུང་ཙམ་ཡོད་པ་རེད།
- Speaker 1བན་དེ་གསར་བ་བཅུ་གསུམ་བཅུ་བཞི་ལྷག་ཡོད་པ་རེད།
- Speaker 1དེ་དག་ཐམས་ཅད་ལའང་ཨ་ལགས་ཚང་གིས་ཐུགས་ཁུར་གནང་ནས།
- Speaker 1སློབ་གྲྭ་བཙུགས་པ་རེད།
- Speaker 1དགེ་རྒན་རང་རང་གི་རྩབས་ནའང་བཟང་མོད།
- Speaker 1འོན་ཀྱང་གཞུང་གིས་སློབ་གྲྭ་བཙུགས་ན་ལེགས་པ་རེད་ཟེར།
- Speaker 1རང་གི་དགོན་པའི་འདོན་རྟ་རྩོབས་མཁན་གྱི་དགེ་རྒན་ཞིག་བཞག
- Speaker 1སློབ་གྲྭ་བཙུགས་ནའང་། དེ་དགེ་རྒན་གྱིས་ཡང་བསྐྱར་རྩོབས་དགོས་པ་རེད།
- Speaker 1རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1སློབ་གྲྭ་བཙུགས་ཡོད་པ་རེད། བན་དེ་ཚོའི་འགྲོ་སྒོ་གཞུང་ནས་གཏོང་གི་ཡོད་པ་རེད།
- Speaker 1ང་ཚོ་རྒན་པ་ལོ་དྲུག་ཅུའི་ཡན་ཆད་རྣམས་ལ་ཨ་ལགས་ཀྱིས་ཐུགས་ཁུར་གནང་སྟེ།
- Speaker 1ཡང་རྒན་གསོ་ཁང་བཙུགས་ཡོད་པ་རེད།
- Speaker 1གྲྭ་བའི་ནང་ནས་ཇ་མ་ཡང་བཞག
- Speaker 1དེ་གཞུང་གི་ཇ་མ་དང་ཕལ་ཆེར་གཅིག་རེད།
- Speaker 1ཡང་གྲོང་ཆོག་ལ་འགྲོ་མི་ཐུབ་པ་རེད།
- Speaker 1དེར་འོས་འཚམས་ཀྱི་གླ་རེ་བྱིན་ཡོད་པ་རེད།
- Speaker 1རྒན་གསོ་ཁང་གི་རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1དགེ་རྒན་ཡང་ཆད་མི་ཆོག་པར་རྒྱུན་དུ་དཔེ་ཁྲིད་བྱེད་དགོས་པ་རེད།
- Speaker 1ཟླ་རེ་གླ་ཕོག་རེ་སྟེར་དགོས་པ་རེད།
- Speaker 1ཡར་མར་ལ་སོང་མི་ཆོག་པར་བན་དེ་ཚོར་རྩོབས་དགོས་པ་རེད།
- Speaker 1ཨ་ལགས་ཚང་གིས་ཀྱང་བན་དེ་ཚོར་འཚོ་བའི་ཁ་སྣོན་དུ་ཟླ་རེ་སྒོར་མོ་སྟོང་རེ་གནང་ནས།
- Speaker 1བན་དེ་ཚོར་མཚམས་མཚམས་ལ་གུང་ཇ་དང་དགོང་ཇ་སྐོལ་བཞིན་ཡོད་པ་རེད།
- Speaker 1ཨ་ལགས་ཚང་གིས་ཐུགས་ཁུར་གནང་བའི་གནས་ཚུལ་དེ་འདྲ་ཞིག་རེད།
- Speaker 1ཕྱིར་གྲྭ་བ་བདུན་བཅུ་བརྒྱད་བཅུ་ཙམ་ཡོད་པ་རེད།
- Speaker 1བན་དེ་ཚོའི་གནས་ཚུལ་དེ་འདྲ་ཞིག་རེད།
- Speaker 2ཁྱོད་ཚོར་ལྷ་སྡེ་རེ་ཡོད་པ་རེད་ལ།
- Speaker 2ཁྱོད་ཚོའི་ལྷ་སྡེ་དེ་གང་དག་ཡིན་ནི་རེད།
- Speaker 2ལྷ་སྡེ་ཡིས་དགོན་པར་མཐུན་རྐྱེན་སྒྲུབ་པའི་ཕྱོགས་ནས་ངོ་སྤྲོད་མདོར་བསྡུས་ཙམ་བྱས་ན།
- Speaker 1ལྷ་སྡེ་དེ་སྐྱ་རྒྱ་ཤོག་ཁ་ཟེར་དོན་འདི་འདྲ་ཞིག་རེད།
- Speaker 1ཤོག་ཁ་ཟེར་རྒྱུ་ན། སྐྱ་རྒྱ་ཤོག་ཁ་ཟེར་བ་རེད།
- Speaker 1སྡེ་བ་རེ་རེ་བཞིན་རྩིས་ན། ཀླེ་རིང་། ཡང་ཀླེ། སྐྱ་རྒྱ་རགས་མ།
- Speaker 1བར་ཚིགས།ཕ་གཞིས། གནམ་སྟེང་། ཨ་འབྱུང་སྡེ་བ་གཉིས་ག
- Speaker 1ད་དེ་འདྲ་ཞིག་རེད།
- Speaker 1རྒྱ་སྐོར་དེ་སྐྱ་ནག་གི་རེད།
- Speaker 1ཁོ་ཚོ་ཡང་སྐྱ་ནག་གི་ཕྱོགས་ཡིན་ནི་རེད།
- Speaker 1ཁོང་ཚོ་ལྷ་སྡེ་ཡིན་པ་རེད།
- Speaker 1ང་ཚོ་རིས་ཆ་དང་ལས་ཀ་སོགས་ཡོད་ན།
- Speaker 1ཁོ་ཚོར་བརྡ་བརྒྱབ་ན་ཡོང་དགོས་པ་རེད།
- Speaker 1འདིའི་འགན་ཁུར་ཅི་ཞིག་རེད་ཟེར་རྒྱུ་ན།
- Speaker 1གཡེར་གཤོང་གི་སྤྲུལ་སྐུ་དགུང་ལོ་བཅུ་དྲུག་པ་རེད།
- Speaker 1དབང་ཞུས་པའི་སྐབས་སུ་རྒྱ་སྐོར་ཚོས་དཀར་ཐིག་རྒྱག་དགོས་པ་མ་ཟད།
- Speaker 1འདི་རུ་ཡོང་ནས་ལས་ཀ་ཡང་ལས་དགོས་པ་རེད།
- Speaker 1དབང་གི་སྟེང་དུ་རིས་ཆ་མ་བརྒྱབ་པ་ཡིན།
- Speaker 1རང་གི་ཁྱིམ་ཚང་གི་འཛོམས་ཚོད་ཀྱིས།
- Speaker 1སྦྱིན་བདག་ཞིག་ཡིན་རྒྱུ་ན། སྒོར་མོ་ཅི་ཙམ་སྟེར་དགོས་པ་དང་།
- Speaker 1དཀར་ཐིག་ཞིག་ཡིན་ན། རང་ཉིད་ཀྱིས་ཅི་འདྲ་ཞིག་སྟེར་རྒྱུ་ཡིན་པ།
- Speaker 1རང་འཐད་དང་འཛོམས་ཚོད་ཀྱིས་དཀར་ཐིག་རྒྱག་རྒྱུ་མ་གཏོགས་བཙན་ཚུགས་ཀྱིས་མི་བསྡུ་བ།
- Speaker 1དམངས་ཚོགས་ལའང་དཀའ་བསྔལ་ཅུང་ཙམ་ཡོད་པ་རེད།
- Speaker 1རང་གི་འཛོམས་ཚོད་ཀྱིས་བྱིན་ན་ལེན་པ་རེད།
- Speaker 1མ་བྱིན་ན་ཁྲལ་བྱས་ནས་བསྡུ་རྒྱུ་མེད་པ་རེད།
- Speaker 1རྒྱ་སྐོར་ང་ཚོའི་ཤོག་ཁ་རེད།
- Speaker 1ཀླེ་རིང་ཡང་ཀླེར་མཚོན་རྒྱུ་ན།
- Speaker 1ཆོས་ཐོག་ཏུ་འཛིན་རྒྱུ་སྲིན་པོའི་གདགས་གཞུག་རེད།
- Speaker 1སྲིན་པོའི་གདགས་གཞུག་ཉིན་བཅུ་བཞིར་བདུན་མཚམས་པ་ཚོགས་ན།
- Speaker 1གཉིས་པའི་ཉི་ཤུ་དྲུག་ནས་བཟུང་ཚོགས་པ་རེད།
- Speaker 1ཚེས་པ་གཉིས་གསུམ་ནས་བཟུང་ཚོགས་མང་ཚོགས་ཀྱི་ཡོད་པ་རེད།
- Speaker 1དེ་བར་དུ་ཉིན་བདུན་ཡིན་པ་རེད།
- Speaker 1གསུམ་པའི་ཚེས་པ་གསུམ་ནས་ཚོགས་ན་ཚེས་བཅུ་ལ་གྲོལ་དགོས་པ་རེད།
- Speaker 1ཚེས་པ་བཅུའི་བར་དུ་ཉིན་བཅུ་བཞི་འགོར་བ་རེད།
- Speaker 1ཀླེ་རིང་གིས་སྐོལ་བའི་རྒྱུ་མཚན་དེ་རེད།
- Speaker 1གོ་རེ་དགོངས་ཇ།
- Speaker 1དེ་རིང་གནང་ཁ་ཤ་མི་ཟ་བ་རེད།
- Speaker 1སྔོན་ཆད་ཤ་ཟ་བའི་དུས་སུ།
- Speaker 1ཤ་ཡོངས་རྫོགས་ཁྲལ་ལྟར་བསྡུ་བ་དང་ཡང་ན།
- Speaker 1སྒོར་མོ་བསྡུས་ཏེ་ཉོ་བ་རེད།
- Speaker 1ཆོས་ཐོག་གི་ཁོང་ཚོའི་སྐལ་དེ་འདྲ་ཞིག་རེད།
- Speaker 1གཉིས་པའི་ནང་དུ་ཆོས་ཐོག་མེད་པ་རེད།
- Speaker 1གསུམ་པའི་ནང་དུ་དེ་རེད།
- Speaker 1བཞི་པའི་སྨོན་ལམ་གནམ་སྟེང་གི་འཛུགས་ཀྱི་ཡོད་པ་རེད།
- Speaker 1གནམ་སྟེང་གི་འཛུགས་དགོས་པ་རེད།
- Speaker 1ཨ་འབྱུང་གི་ཡང་གཅིག་འཛིན་དགོས་པ་རེད།
- Speaker 1མཆོད་པ་དང་གཉིས་ག་ཡོད་པ་རེད།
- Speaker 1གཉིས་ག་ཨ་འབྱུང་དང་གནམ་སྟེང་གི་འཛིན་དགོས་པའི་རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1དེ་ལྟར་རེད།
- Speaker 1གོ་རེ་དང་དགོངས་ཇ་སོགས་ཁོ་ཚོས།
- Speaker 1སྔོན་ཆད་ཤ་ཟ་བའི་དུས་སུ་ཤ་འགྲོ་བ་མ་རེད།
- Speaker 1ད་ཡང་ཤ་འགྲོ་བ་མ་རེད། གཅིག་ཀྱང་འགྲོ་བ་མ་རེད།
- Speaker 1དགོངས་ཟས་དང་གོ་རེ་ཤ་སྟག་རེད
- Speaker 1མཆོད་པའི་སྐབས་སུ་ཟས་པ་ཡིན།
- Speaker 1རྒྱུ་མཚན་གཅིག་འདྲ་རེད
- Speaker 1བཞི་པ་དང་ལྔ་པའི་ནང་དུ་ཆོས་ཐོག་མེད་པ་རེད།
- Speaker 1དྲུག་པའི་ནང་དུའང་ཡོད་པ་མ་རེད།
- Speaker 1དྲུག་པའི་དབྱར་གནས་དེ་སྐོལ་མཁན་གྱི་སྦྱིན་བདག་ཡོད་པ་རེད།
- Speaker 1སྒོར་སྟོང་རེ་སྟེར་མཁན་དང་སྟོང་གཉིས་རེ་སྟེར་མཁན།
- Speaker 1སྟོང་གསུམ་རེ་སྟེར་མཁན། ཡང་ལྔ་བརྒྱ་སྟེར་མཁན་སོགས་དཀར་ཐིག་རྒྱག་མཁན་མང་བ་རེད།
- Speaker 1འདི་དབྱར་གནས་ཀྱི་སྐབས་སུ་སྐོལ་དགོས་པ་རེད།
- Speaker 1དེ་གཞུང་གིས་བླངས་ནས་སྐོར་གསུམ་དུ་བཅད་དེ་སྐོལ་གྱི་ཡོད་པ་རེད།
- Speaker 1གནས་མཆོད་ཕྱག་མཆོད་བཏོན་ན།
- Speaker 1མཆོད་པ་སྟོང་རེ་དང་གནས་མཆོད་ཕྱག་མཆོད་འདོན་པའི་དུས་སུ།
- Speaker 1ཉིན་གང་བོར་ཚོགས་ནས་འདོན་རྒྱུ་ཅུང་ཙམ་མང་བ་རེད།
- Speaker 1ནངས་མོ་ལམ་མཆོད་དང་སྨོན་ལམ། ཆོས་སྤྱོད་སོགས་བཏོན་པ་རེད།
- Speaker 1གནས་མཆོད་ཕྱག་མཆོད་སོགས་བཏོན་ན་ཉིན་གང་བོར་འདོན་དགོས་པ་རེད།
- Speaker 1དྲོས་ཇ་དང་ནངས་ཇ་རང་རང་གི་གྲྭ་ཤག་ནས་འཐུང་གི་ཡོད་པ་ཡིན།
- Speaker 1གུང་ཚིགས་དང་དགོང་ཇ་གཉིས་ག་གཞུང་ནས་སྐོལ་གྱི་ཡོད་པ་རེད།
- Speaker 1རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1བཅུ་བའི་ལྔ་མཆོད་འདི་སྐྱ་རྒྱ་ཧར་ཞིས་ཀྱིས་སྐོལ་བ་རེད།
- Speaker 1སྐྱ་རྒྱ་ཧར་ཞིས་ཀྱང་དེ་ལྟར་རེད།
- Speaker 1གཞུང་གིས་སྡེ་བ་ཚོར་བགོས་པ་མ་གཏོགས་སྤྱིར་བཅུ་བའི་ལྔ་མཆོད་འདི་ཨ་ལགས་ཚང་གི་སྐལ་ཡིན་པ་རེད།
- Speaker 1སྔོན་ཆད་ནས་བཟུང་ཨ་ལགས་ཚང་གི་སྐལ་ཡིན་པ་རེད།
- Speaker 1གསང་སྒྲོགས་བླ་བྲང་གི་སྐལ་ཡིན་པ་རེད།
- Speaker 1གང་ནའང་དེ་འདྲ་རེད།
- Speaker 1དགོན་ནས་ཀྱང་བཅུ་བའི་ལྔ་མཆོད་འདི་ཨ་ལགས་ཀོའུ་བ་ཚང་གི་སྐལ་ཡིན་པ་རེད།
- Speaker 1རྔ་བུགས་ནས་ཀྱང་བཅུ་བའི་ལྔ་མཆོད་དེ་རྔ་བུགས་བླ་བྲང་གི་སྐལ་ཡིན་པ་རེད།
- Speaker 1ལྔ་མཆོད་འདི་བླ་མ་རེ་རེ་རང་རང་གི་གཏོང་དགོས་པ་རེད།
- Speaker 1རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1ཆོས་སྒོ་ཕྱེ་ནས་སྐལ་བགོ་དུས་དེ་ལྟར་བགོས་ཡོད་པ་རེད།
- Speaker 1གོ་རེ་དང་དགོང་ཇ་ཧར་ཞིས་ཀྱིས་ཁྱེར་ནས་ཡོང་དགོས་པ་རེད།
- Speaker 1ཧར་ཞིས་ཀྱིས་ཁྱེར་ཡོང་ན་སྐོལ་མཁན་བླ་བྲང་ཡིན་པ་རེད།
- Speaker 1གོ་རེ་སོགས་དེར་ཁྱེར་ཡོང་དགོས་པར་ཐག་གིས་བཅད་ཡོད་པ་རེད།
- Speaker 1སྤྱིར་ན་འདི་གསང་སྒྲོགས་ཨ་ལགས་ཀྱི་སྐལ་ཡིན་པ་རེད།
- Speaker 1རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1བོད་ལོའི་ལྕགས་མཁར་ད་སྐབས་འཛུགས་ཀྱི་མེད་པ་རེད།
- Speaker 1འཛུགས་མ་ཐུབ་པ་རེད།
- Speaker 1སྔོན་ཆད་ཀྱི་ལྕགས་མཁར་འདི་འཛུགས་ཤེས་མཁན་གྱི་གྲྭ་བ་ཞིག་མེད་པ་རེད།
- Speaker 1ལྕགས་མཁར་འདི་སྐོལ་མཁན་རི་འོག་མ་རེད།
- Speaker 1རི་འོག་མ་འདིའི་སྐོལ་གྱི་ཡོད་པ་རེད།
- Speaker 1ལྕགས་མཁར་འདི་བཙུགས་ན་འདོན་རྒྱུ་ཅི་ཞིག་རེད་ཟེར་ན།
- Speaker 1ལྕགས་མཁར་ཟུར་དགུ་བ་རེད།
- Speaker 1འདི་འཛུགས་མཁན་ལྷ་རུས་སྔགས་རམས་པ་རེད།
- Speaker 1ལྷ་རུས་སྔགས་པ་འདིའི་ལོ་རྒྱུས།
- Speaker 1རྐ་ཕུག་པཎ་ཊི་ཏ་རེད།
- Speaker 1རྐ་ཕུག་པཎ་ཊི་ཏ་ཚང་ལ།
- Speaker 1རྐ་ཕུག་རྫོང་དམར་དགོན་པར་ལྷ་རུས་སྔགས་རམས་པ་དཔོན་ལ་བཞུགས་ནས་དེར་བཙུགས་པ་རེད།
- Speaker 1རྐ་ཕུག་པཎ་ཊིས་སྲོལ་འདི་བཙུགས་པ་རེད།
- Speaker 1ཆོ་ག་ཕྱག་ལེན་འགྲོ་ཕྱོགས་འདུག་ཕྱོགས་ཐམས་ཅད།
- Speaker 1ལྷ་རུས་ཀྱི་རྟེན་རེད།
- Speaker 1འཛུགས་ཕྱོགས་ཀྱི་ཐོག་ནས་གོང་མ་རྣམས་ལས་ཅུང་ཟད་བསྒྱུར་ཡོད་པ་རེད།
- Speaker 1རྐ་ཕུག་པཎ་ཊིས་བཙུགས་ན།
- Speaker 1འཛུགས་མཁན་མ་གཅིག་པ་མ་གཏོགས་ཆོ་ག་ཕྱག་ལེན་ཅུང་ཟད་བསྒྱུར་ཡོད་པ་རེད།
- Speaker 1རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1དེ་རྐ་ཕུག་པཎ་ཊིས་བཙུགས་པ་རེད།
- Speaker 1ལྕགས་མཁར་དེ་ཟུར་དགུ་པ་རེད།
- Speaker 1ལྕགས་མཁར་ཟུར་དགུ་པ་སྔོན་ཆད་གཅན་ཚའི་ལྷ་རུས་མ་གཏོགས་འདོན་མཁན་མེད་པ་རེད།
- Speaker 1དེའི་རྗེས་ནས་གསང་སྒྲོགས་ཀྱིས་བཙུགས་ཏེ་འདོན་པ་རེད།
- Speaker 1གསང་སྒྲོགས་མ་གཏོགས་འདོན་ནི་མེད་པ་རེད།
- Speaker 1བྱ་ཁྱུང་ལ་མཚོན་ནའང་། ལྕགས་མཁར་ཟུར་བཅུ་དྲུག་པ་རེད།
- Speaker 1ལ་མོ་བདེ་ཆེན་ལ་མཚོན་ནའང་། ཟུར་བཅུ་དྲུག་པ་རེད།
- Speaker 1ཀོའུ་བ་དགོན་ལ་མཚོན་ནའང་། མགོན་པོ་སྟོབས་སྒྲུབ་རེད།
- Speaker 1མགོན་པོ་སྟོབས་སྒྲུབ་མ་གཏོགས་ལྕགས་མཁར་ཡོད་པ་མ་རེད།
- Speaker 1ལྕགས་མཁར་འཛུགས་རྒྱུ་མེད་པ་རེད།
- Speaker 1ཀོའུ་བ་དགོན་གྱི་མགོན་པོ་སྟོབས་སྒྲུབ་དེ་ལྷ་རུས་ཀྱི་ཆོ་ག་ཕྱག་ལེན་རེད།
- Speaker 1ལྷ་རུས་སྔགས་རམས་པའི་ཆོ་ག་ཕྱག་ལེན་རེད།
- Speaker 1ལྷ་རུས་སྔགས་རམས་པའི་རྒྱུད་དེ་རེད།
- Speaker 1དེ་ཅི་ལྟར་ཤེས་པ་རེད་ཟེར་ན།
- Speaker 1ད་ནིང་བཙུགས་པའི་དུས་སུ།
- Speaker 1ཁོ་ཚོར་དེའི་དཔེ་ཆ་མེད་པས།
- Speaker 1ཁོང་ཚོ་རྒན་པ་ཁ་ཤས་ཡོད་ནི་རེད།
- Speaker 1ཁྱོད་ཚོས་ཤེས་ནའང་ཐང་། མི་ཤེས་ནའང་ཐང་།
- Speaker 1བསྟན་འཛིན་ནག་ལོ་ཟེར་བ་དང་ཨ་ཁུ་ཡུམ་སྐྱབས།
- Speaker 1ཨ་ཁུ་བསྟན་འཕེལ་ལྕགས་སོགས་ལྷ་རུས་ལ་སོང་ནས།
- Speaker 1དཔེ་ཆ་གཞིར་བཟུང་ནས་ལྷ་རུས་ཀྱི་ཆོ་ག་ཕྱག་དང་གཅིག་མཚུངས་ལྟར་བཅོས་པ་རེད།
- Speaker 1བསྟན་འཕེལ་ལྕགས་ཀྱིས་སྔོན་ཆེད་དབུ་འཛིན་བྱས་མྱོང་བ་རེད།
- Speaker 1ལྷ་རུས་སྔགས་རམས་པའི་དཔེ་ཆ་དེ་ཡོད་ན། དེ་གཞིར་བཟུང་ན་མཆོག་པ་རེད།
- Speaker 1ལྷ་རུས་ལ་དཔེ་ཆ་གཡོར་གྱི་ཡོད་པ་རེད།
- Speaker 1རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1ལྕགས་མཁར་བཙུགས་པའི་རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1ལྕགས་མཁར་འཛུགས་ཐུབ་སོང་ན། འགྲོ་སོང་ཅུང་ཙམ་ཡོད་པ་རེད།
- Speaker 1རི་འོག་མ་སྡེ་བ་ཆེ་བའི་དབང་གིས་ཁོ་ཚོར་སྤྲད་པ་ཡིན།
- Speaker 1ད་ལྟའི་བར་དུ་ལྕགས་མཁར་འཛུགས་མ་ཐུབ་པར་ལུས་ཡོད།
- Speaker 1རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1རྒྱ་ལོའི་སྨོན་ལམ་གྱི་ཆོས་ཐོག་དེ་གཡག་རེད།
- Speaker 1གཡག་གི་ཁྱེར་ཡོང་དགོས་པ་རེད།
- Speaker 1ཀུང་ཧྲེ་བགོ་ཕྱོགས་ཀྱིས་ཚོ་དྲུག་ལ་བཅད་པ་མ་གཏོགས།
- Speaker 1སྔོན་ཆད་གསང་སྒྲོགས་ཀྱི་ལྷ་སྡེ་ཡིན་པ་རེད།
- Speaker 1ཤོག་ཁ་སྐྱ་ནག་ཤོག་ཁ་ཡིན་པ་རེད།
- Speaker 1ཁྲལ་རིས་ཆ་སོགས་ཡོད་ནའང་། སྐྱ་ནག་ཤོག་ཁར་ཡོང་གི་ཡོད་པ་རེད།
- Speaker 1རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1གཡག་སྡེ་ཡིས་རྒྱ་ལོ་སྨོན་ལམ་གྱི་སྐབས་སུ།
- Speaker 1གོ་རེ་དང་དགོང་ཇ་སོགས་ཚོགས་ལ་མཁོ་བའི་བཞེས་བ་བཞེས་ཆུ་སོགས་ཁྱེར་ཡོང་གི་ཡོད་པ་རེད།
- Speaker 1ཁོང་ཚོར་ཡང་སྐལ་དེ་ཡོད་པ་རེད། དེ་ལྟར་བགོས་ཡོད་པ་རེད།
- Speaker 1བཅུ་བའི་སེང་གདོང་སྐོལ་མཁན་དེ་བར་ཚིགས་རེད།
- Speaker 1ཆོས་ཐོག་འདི་མ་བཙུགས་སྔོན་ལ་བར་ཚིགས་སྡེ་བར་ཆགས་སྒོ་འགའ་རེ་བྱུང་བ་རེད།
- Speaker 1ཨ་ལགས་མདོ་བ་ཚང་གིས་ཁོང་ཚོར་ལོ་རེ་སེང་གདོང་བཟློག་པ་རེ་ཆད་དུ་མ་འཇུག་ཅེས་གསུངས་པ་རེད།
- Speaker 1དེ་ལྟར་གསུངས་པས་ལོ་གཉིས་ལྷག་ལ་ཁོང་ཚོས་སྡེ་བའི་ནང་ནས་བཏོན་པ་རེད།
- Speaker 1དེ་ལྟར་རྒྱུན་སྐྱོང་ཐུབ་པ་མ་རེད་སྙམ་ནས་སེང་གདོང་ཁོང་ཚོས་ཁས་བླངས་པ་རེད།
- Speaker 1ཁོང་ཚོས་སྐོལ་རྒྱུ་ཡིན་ཟེར།
- Speaker 1ཁོང་ཚོར་སེང་གདོང་རེ་ཨ་ལགས་མདོ་བ་ཚང་གིས་ཚུགས་ཟེར་བ་རེད།
- Speaker 1སྡེ་བའི་ནང་དུ་འཛུགས་མི་ཐུབ་པ་རེད།
- Speaker 1ཁོང་ཚོ་སྐྱེལ་རྒྱུར་བདེ་བ་རེད།
- Speaker 1ཆོས་ཐོག་ཁོང་ཚོ་བྱས་ནས་སྐོལ་རྒྱུ་ཡིན་ཟེར།
- Speaker 1སེང་གདོང་གི་ཆོས་ཐོག་དེ་བར་ཚིགས་ཀྱི་སྐོལ་བ་རེད།
- Speaker 1བགོས་པའི་རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1ཨ་འབྱུང་། གནམ་སྟེང་སོགས་ལ་དེ་ལྟར་བགོས་ཡོད་པ་རེད།
- Speaker 1དེ་རིང་གནང་ཁ་ཤ་མི་ཟ་བ་རེད།
- Speaker 1ཤ་མ་ཟོས་ན་གོ་རེ་དང་དགོང་ཇ་གཉིས་ག་རེད།
- Speaker 1དེ་མ་གཏོགས་ཁྱེར་ནས་ཡོང་རྒྱུ་མེད་པ་རེད།
- Speaker 1ཤ་བཞེས་ནི་མ་རེད། རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1ལྕགས་ཟངས་ནང་དུ་ཤ་སྐོལ་མི་མཆོག་པ་རེད།
- Speaker 2ས་ཆ་ཁ་ཤས་སུ་རི་ཁྲོད་དུ་ཅུང་ཟད་སུན་སྣང་སྐྱེས་ཀྱི་ཡོད་པ་རེད།
- Speaker 1དེ་རེད།
- Speaker 2དེང་སྐབས་ཟང་ཟིང་ཆེ་སར་འགྲོ་བཞིན་ཡོད་པ་རེད།
- Speaker 2ཁྱོད་ཚོ་དེ་འདྲ་མ་རེད་ལ།
- Speaker 1ང་ཚོ་དེ་འདྲ་ཞིག་མ་རེད།
- Speaker 1སྔོན་ཆད་དགོན་པའི་གདན་ས་འཚོལ་བའི་སྐབས་སུ་གནས་དབེན་པ།
- Speaker 1ཟང་ཟིང་མེད་པ་སོགས་སུ་ཡོད་པ་རེད།
- Speaker 1རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1ང་ཚོའི་ཁ་སྟོད་ཀྱི་དགོན་པ་འདི་ཚོ།
- Speaker 1ང་རུང་དང་ཀོའུ་བ། ང་ཚོའི་མཐུན་སྒྲིལ་ཧ་ཅང་བཟང་བ་རེད།
- Speaker 1ལྷག་ཏུ་མཐུན་སྒྲིལ་ཇེ་བཟང་དུ་སོང་ཡོད་པ་རེད།
- Speaker 1ཅི་ལྟར་མཐུན་སྒྲིལ་ཇེ་བཟང་དུ་སོང་བ་རེད་ཟེར་ན།
- Speaker 1ཨ་ལགས་ཡོངས་འཛིན་རིན་པོ་ཆེ་ཚང་གིས་དུས་འཁོར་དབང་ཆེན་གསུངས་པ་དང་།
- Speaker 1གསུངས་རྗེས་སུ་བླ་མ་གསུམ་པོ་ཚོགས་སུ་བཅུག་ནས་ཁས་ལེན་དུ་བཅུག་པ་རེད།
- Speaker 1སྨོན་ལམ་འདི་ཨ་ལགས་ཡོངས་འཛིན་རིན་པོ་ཆེ་ཡིས་བཙུགས་པ་རེད།
- Speaker 1བཙུགས་པའི་རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1སྐོལ་རྒྱུའི་ཕྱོགས་ནས་ཀྱང་།
- Speaker 2ལ་མོ་ཡོངས་འཛིན་ཚང་རེད།
- Speaker 1ལ་མོ་ཡོངས་འཛིན་རེད།
- Speaker 1འབྲོག་ཐར་ཤུལ་དགོན་པ་ན་བཞུགས་པའི་ལ་མོ་ཡོངས་འཛིན།
- Speaker 1སྐུ་ཕྱོགས་ཞབས་དྲུང་དཀར་པོའི་ཡོངས་འཛིན།
- Speaker 1སྐུ་ཕྱོགས་ཞབས་དྲུང་དཀར་པོའི་ཡོངས་འཛིན་ཡིན་པའི་རྒྱུ་མཚན་གྱིས།
- Speaker 1ལ་མོ་ཡོངས་འཛིན་ཟེར་བ་རེད།
- Speaker 1སྐུ་གོང་མ།
- Speaker 1ད་ལྟའི་འདིའི་ཡོངས་འཛིན་ཡང་ཡིན་ཟེར་ན་ཆོག་ནི་རེད།
- Speaker 1ད་ལྟའི་སྐུ་ཕྲེང་འདི་ཡང་ཆུང་ངུའི་དུས་སུ་ཐར་ཤུལ་ན་གཉོར་ཡོད་པ་རེད།
- Speaker 1ཁོང་ཚང་སྐུ་མ་བཞུགས་པ་མ་གཏོགས་ད་དུང་གཉོར་བཞིན་ཡོད་ཀྱི་རེད།
- Speaker 1རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1གང་ལྟར་ཡང་ལ་མོ་ཡོངས་འཛིན་གྱིས་དུས་འཁོར་དབང་ཆེན་གསུང་པའི་སྐབས།
- Speaker 1ཁྱོད་ཚོས་ཤེས་སམ།
- Speaker 1རྒྱུ་མཚན་དེ་འདྲ་རེད།
- Speaker 1དེའི་རྗེས་ནས་སྨོན་ལམ་འདི་བཙུགས་པ་རེད།
- Speaker 1མགོ་མ་ཀོའུ་བ་དགོན་ནས་བཙུགས་པ་རེད།
- Speaker 1དེའི་རྗེས་ནས་ང་ཚོའི་འདི་ནས་བཙུགས་པ་རེད།
- Speaker 1དེའི་རྗེས་སུ་ང་རུང་ནས་བཙུགས་པ་རེད།
- Speaker 1ལོ་རེ་བཞིན་འཁོར་ནས་འགྲོ་བའི་རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1ལྷག་པར་མཐུན་སྒྲིལ་ཇེ་བཟང་དུ་སོང་བའི་རྒྱུ་མཚན་དེ་རེད།
- Speaker 1ལ་མོ་ཡོངས་འཛིན་གྱིས་ཆོས་ཐོག་གཅིག་བཙུགས་པས་སྔོན་ཆད་དང་བསྡུར་ན།མཐུན་སྒྲིལ་ཇེ་བཟང་དུ་སོང་ཡོད་པ་རེད།
- Speaker 1ཇེ་བཟང་དུ་སོང་ཡོད་པ་རེད།
- Speaker 1ཆོས་ཐོག་འདི་ཅི་ལྟར་སྐོལ་བ་རེད་ཟེར་ན།
- Speaker 1སྐྱ་ནག་ཡིན་ནའང་། ལམ་ཐག་རིང་བ་རེད་ཟེར་ནས་འདུག་ས་མེད་པ་རེད།
- Speaker 1རང་གི་སྐལ་དེ་བླ་བྲང་ལ་སྐྱེལ་ནས་སྐོལ་དགོས་པ་རེད།
- Speaker 1ཉིན་གཅིག་ལ་སྐོལ་དགོས་པ་རེད།
- Speaker 1ཕར་ལོ་བ་ཕྱོགས་ང་ཚོ་གསང་སྒྲོགས་ལ་ཐག་རིང་བ་རེད་ཟེར་ནས་འཇོག་ས་མེད་པ་རེད།
- Speaker 1ཁོང་ཚོས་ཚུར་ལ་ཁྱེར་ནས་ཡོང་དགོས་པ་རེད།
- Speaker 1ཤོག་ཁ་དེ་ལྟར་དགོས་ཡོད་པ་རེད།
- Speaker 1དཔེར་ན། དེ་རིང་ཚེས་པ་གསུམ་རེད་ལ།
- Speaker 1དེ་རིང་ཕྱི་དྲོ་ནས་བཟུང་ཡར་ཚོགས་རེད།
- Speaker 1དེ་རིང་ཚེས་པ་གསུམ་གྱི་ཕྱི་དྲོ་ཡར་ཚོགས་རེད།
- Speaker 1དེ་རིང་ཕྱི་དྲོ་ནས་བཟུང་སུའི་སྐོལ་དགོས་པ་རེད།
- Speaker 1གནང་ཁའི་གུང་ཚིགས་བར་དུ་སུའི་སྐོལ་དགོས་པ་རེད།
- Speaker 1གནང་ཁ་གུང་ཚིགས་ནས་བཟུང་སུའི་སྐོལ་དགོས་པ་རེད།
- Speaker 1དེ་ལྟར་གཅིག་གིས་གཅིག་ལ་སྤྲད་ནས་འགྲོ་དགོས་པ་རེད།
- Speaker 1ཆོས་ཚང་མ། ཚོ་དྲུག ལོ་བ། སྨན་རིའི་ཕྱོགས།
- Speaker 1གང་ཡིན་རུང་ལམ་ཐག་རིང་བ་རེད། ཆར་བབས་ཡོད་པ་རེད་ཟེར་ནས་བསྡད་ན་མི་ཆོག་པ་རེད།
- Speaker 1ཁོང་ཚོ་ཡོང་དགོས་པ་མ་ཟད། ཡོང་ནས་སྐོལ་ཡང་དགོས་པ་རེད།
- Speaker 2ད་ལོ་གསང་སྒྲོགས་རེད།
- Speaker 1དེ་རིང་སྔ་དྲོ་ཆུ་ཚོད་གཅིག་གི་སྟེང་དབང་ལ་ཚོགས་རྒྱུ་རེད།
- Speaker 1ཆུ་ཚོད་གཅིག་གི་སྟེང་ཚོགས་ནས་གསུམ་བཞི་ཙམ་དུ་གྲོལ་རྒྱུ་རེད།
- Speaker 1བཞི་ཡི་སྟེང་དུ་གྲོལ་ན། ལྔ་ཡི་སྟེང་དུ་བརྡ་རྒྱག་པ་རེད།
- Speaker 1སྨོན་ལམ་གྱི་ཡར་ཚོགས་ལ་བརྡ་རྒྱག་པ་རེད།
- Speaker 1ལྔ་ཡི་སྟེང་དུ་སྨོན་ལམ་ཡར་ཚོགས་ལ་བརྡ་བརྒྱབ་བཏང་ན།
- Speaker 1སྨོན་ལམ་གྱི་ཡར་ཚོགས་ལ་ཆེན་པོ་འདོན་རྒྱུ་མེད་པ་རེད།
- Speaker 1གནང་ཁ་ནམ་ལངས་མ་ལངས་ཀྱི་མཚམས་ནས་ཚོགས་དགོས་པ་རེད།
- Speaker 1གནང་ཁ་ཕྱི་དྲོ་བར་དུ་ཚོགས་དགོས་པ་རེད།
- Speaker 1ཡང་འདོན་པ་གཅིག་ནི་མ་རེད།
- Speaker 1ད་རེས་འདི་བཏོན་ན། རྗེས་སུ་གཞན་པ་ཞིག་འདོན་པ་རེད།
- Speaker 1དེ་ལྟར་བཏོན་ན།
- Speaker 1སྨོན་ལམ་ཚོགས་པའི་རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1དེ་རིང་ལྔ་བའི་ཚེས་པ་གསུམ་རེད།
- Speaker 1ཚེས་པ་གསུམ་ལ་སྨོན་ལམ་གྱི་ཡར་ཚོགས་རེད།
- Speaker 1རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 1ང་ཚོ་དགོན་པ་ཚོའི་མཐུན་སྒྲིལ་ཇེ་བཟང་དུ་སོང་ནས་སྨོན་ལམ་འདི་སྐོལ་གྱི་ཡོད་པ་རེད།
- Speaker 1ད་དེ་འདྲ་རེད།
- Speaker 2ལ་མོ་བདེ་ཆེན་གྱི་དགོན་ལག་ཡིན་ནི་མ་རེད་ལ།
- Speaker 1གསང་སྒྲོགས་འདི་ལ་མོ་བདེ་ཆེན་གྱི་དགོན་ལག་མ་རེད།
- Speaker 1ཁོང་ཚོས་དགོན་ལག་ཡིན་ཟེར་བ་རེད།
- Speaker 1དགོན་ལག་ངོ་མ་མིན་པ་རེད།
- Speaker 1རྒྱུ་མཚན་དེ་འདྲ་ཞིག་རེད།
- Speaker 2རེད། རེད། རེད།
- Speaker 2ཡ་ད་སྨོན་ལམ་དེ་འདྲ་ཞིག་རེད་ལ།
- Speaker 2སྨོན་ལམ་འདི་དུས་ནམ་ཞིག་ལ་ལ་མོ་ཡོངས་འཛིན་ཚང་གིས་ས་ཆ་གསུམ་པོར་སྐོལ་བ་རེད།
- Speaker 2ལོ་རེ་རེ་བཞིན་སྐོལ་གྱི་ཡོད་པ་རེད་ལ།
- Speaker 1དེ་མི་དྲན་པ་རེད།
- Speaker 1ལོ་ལྔ་རེ་འཁོར་བ་རེད།
- Speaker 2ལྔ་རེ་འཁོར་བ་རེད་ལ།
- Speaker 1ལྔ་རེ་འཁོར་བ་རེད།
- Speaker 2ལོ་བཅོ་ལྔ་འགོར་སོང་བ་རེད་ལ།
- Speaker 1དེ་འདྲ་འགོར་སོང་བ་རེད།
- Speaker 2བཅོ་ལྔ་འགོར་སོང་བ་རེད། ད་ལོ་ཉིས་སྟོང་བཅུ་གཉིས་ཡིན་ན།
- Speaker 2ད་ལོ་དུ་རེད།
- Speaker 2དགུ་བཅུ་ཡས་མས་ཀྱི་ལོ་རེད་ལ། རེད།
- Speaker 2བརྒྱད་བཅུ་གྱ་དགུ་ལོ་རེད།
- Speaker 2དགུ་བཅུ་ཐམ་པ་ལོ།
- Speaker 2དགུ་བཅུ་ཐམ་པ་ལོར་མེད་པ་རེད།
- Speaker 3གོ་བདུན་གྱི་ལོ་རེད་པ།
- Speaker 2ཨ།
- Speaker 3གོ་བདུན་ལོ།
- Speaker 2དགུ་བཅུ་གོ་བདུན་ལོ་རེད།
- Speaker 1ལོ་བཞི་ཡིན་པ་རེད། ང་ནོར་བ་རེད།
- Speaker 1དབུ་འཛིན་བཞི་མ་གཏོགས་མ་འཁོར་བ་རེད།
- Speaker 2ཨོ། རེད། རེད།
- Speaker 1ད་འདི་གཅིག་རེད། ང་ཚོའི་དགེ་རྒན་ལ་བསྡད་ཡོད་པ་དེ་གཅིག་རེད།
- Speaker 1བསྟན་པ་དར་རྒྱས་ཟེར་བ་དེ་གཅིག་རེད།
- Speaker 1ད་ལོ་ཡི་འདི་གཅིག་རེད།
- Speaker 1བཞི་མ་གཏོགས་མ་འཁོར་བ་རེད།
- Speaker 2ཆོས་ཐོག་འདི་ཧ་ཅང་ཡག་པ་རེད།
- Speaker 1ལེགས་པ་རེད།
- Speaker 2ཕར་ཁ་ཚུར་ཁ་ཡོངས་རྫོགས་ཕྱོགས་གཅིག་ཏུ་བསྡུས་ཡོད་པ་རེད།
- Speaker 1ཚང་མ་ཕྱོགས་གཅིག་ལ་བསྡུས་པ་རེད།
- Speaker 1ཐག་ཉེ་དགོན་ཚོར་འགྲོ་ས་ཡོད་པ་དག་དེར་སོང་ཡོད་པ་རེད།
- Speaker 1དགོན་དུ་སོང་ན། འདུག་ས་ཡོད་ན་བསྡད་པ་རེད།
- Speaker 1རྒྱུ་མཚན་དེ་འདྲ་རེད།
- Speaker 1ང་ཚོའི་འབྲེལ་བ་ཧ་ཅང་བཟང་བ་རེད།
- Speaker 2རེད། རེད།
- Speaker 1དེ་ཧ་ཅང་བཟང་བ་རེད།
- Speaker 1ཨ་ལགས་ང་རུང་ཚང་། ཨ་ལགས་གསང་སྒྲོགས་ཚང་། ཨ་ལགས་ཀོའུ་བ་ཚང་།
- Speaker 1ཁོང་གསུམ་པོས་ཨ་ལགས་ཡོངས་འཛིན་གྱི་མདུན་ནས་ཁས་བླངས་པ་རེད།
- Speaker 2དེ་ས་ཆའི་མཐུན་སྒྲིལ་ལ་ཕན་རྒྱུ་རེད།
- Speaker 1མཐུན་སྒྲིལ་ལ་ཕན་པ་རེད།
- Speaker 1ཚོ་དྲུག་སོགས་ཡོངས་རྫོགས་ཡོང་དགོས་པ་རེད།
- Speaker 1མཐུན་སྒྲིལ་ཡོང་ན་མི་ཡོང་ན། ཆོས་ཐོག་ཏུ་ཡོང་དགོས་པ་རེད།
- Speaker 2རེད། རེད།
- Speaker 1ཡིན་གཅིག་མིན་གཉིས་ཟངས་ང་གཅིག་གི་ནང་དུ་སྐོལ་ནས་འཐུང་དགོས་པ་རེད།
- Speaker 2རེད། རེད།
- Speaker 1དེ་མ་སྐོལ་ས་མི་འགྲོ་བ་རེད།
- Speaker 1མཐུན་སྒྲིལ་ལ་ཕན་པ་རེད།