Video Overview
A traditional Tibetan nomadic folk song as performed in Khyungchu in Amdo.
- ང་ལ་ལ་གཞས་ཤྭ་སྒྲོ་གང་ཡོད།
- ང་ལ་ལེན་པོ་གོ་སྒྲོ་གང་ཡོད།
- བླངས་བླངས་མོད་ཚར་རྒྱུ་མེད་པ།
- ད་དུང་ཁ་མཚར་ཁུག་ལུ་གང་ཡོད།
- ཁྱོས་ལ་གཞས་སྣེ་ལོ་གང་དེ།
- ཁར་མ་ཐུག་རྐུབ་ལ་འཚིག་ཡོད།
- ངས་རྫ་རི་རྫ་མཐའ་འགྲིམ་དུས།
- ང་རྫ་ཁའི་འབྲོང་མོར་ཐུག་སོང་།
- འབྲོང་ཞིག་རེད་བསམ་སྐྲག་མོད།
- འབྲོང་ཞིག་མ་རེད་གཡག་ཞིག་རེད།
- གཡག་སྣ་གཅུ་བསྐོར་ནས་བཏགས་ཡོད།
- ངས་ནགས་རི་ནགས་མཐོ་འགྲིམ་དུས།
- ང་ནགས་མཐའི་སྟག་མོར་ཐུག་སོང་།
- ངས་སྟག་ཞིག་རེད་བསམ་སྐྲག་མོད།
- སྟག་ཞིག་མ་རེད་ཁྱི་ཞིག་རེད།
- ཁྱི་ལྕགས་ཐག་བསྐོར་ནས་བཏགས་ཡོད།
- ངས་སྡེ་རུ་སྡེ་མཐའ་འགྲིམ་དུས།
- ང་སྡེ་མཐའི་གླུ་བར་ཐུག་སོང་།
- ངའི་གླུ་བ་རེད་བསམ་སྐྲག་མོད།
- གླུ་བ་མ་རེད་གླུ་ཞོལ་རེད།
- གླུ་ཁེར་རུ་ཞིག་གིས་པད་སེ་བཞག