Skip to main content Skip to search
15 Dec 2011
5 min 32 sec
Rating
0
No votes yet
Video Overview
Creators: 
Unknown

In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.

Show More

  • པ་སངས་དབང་འདུས།
    ད་ལྟ་གཤམ་ལ་ཡིན་ན་དེབ་འདིའི་ནང་ལ་འང་རྒྱལ་པོ་ཁྲི་ལྡེ་བཙུག་བརྟན་དང་དེའི་བཙུན་མོ་རྒྱ་བཟའ་གྱིམ་ཤིང་ཀོང་ཇོ་གཉིས་ཀྱི་ལོ་རྒྱུས་དུམ་བུ་གཅིག་སྒྲོག་སྦྱང་ཞུ་གྱི་ཡིན།
  • པ་སངས་དབང་འདུས།
    རྗེ་དེ་དང་མཆིམས་བཟའ་བཙན་མོ་རྟོག་གེའི་སྲས་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམས་ཕོ་བྲང་ལྡན་མཁར་དུ་འཁྲུངས། ཆོས་རྒྱལ་སྲོང་བཙན་སྒམ་པོས། ད་སྟེ་གདུང་རབས་ལྔ་ན་ངའི་དབོན་སྲས་རྒྱལ་པོ་ལྡེ་ཞེས་བྱ་བའི་རིང་ལ་དམ་པའི་ཆོས་འབྱུང་བའི་ལུང་བསྟན་ཟངས་ཀྱི་བྱང་བུ་ལ་བྲིས་པ་བརྙེད་པས།
  • པ་སངས་དབང་འདུས།
    རང་ཉིད་དུ་གོ་སྟེ། གངས་ཏི་སི་ནས་པཎྜི་ཏ་སངས་རྒྱས་གསང་བ་དང་སངས་རྒྱས་ཞི་བ་གཉིས་གདན་དྲངས་ཀྱང་མ་འདྲོངས། འོན་ཀྱང་ཕོ་ཉ་བས་ཐེགས་པ་ཆེན་པོའི་མདོ་སྡེ་ལྔ་བློ་ལ་བཟུང་ནས་འོངས་པས། གླེགས་བམ་ལྔ་པོ་བཞེངས་ཏེ༎
  • པ་སངས་དབང་འདུས།
    བཞུགས་ཁང་དུ་བྲག་དམར་མགྲིན་བཟང་། བྲག་དམར་ཀེ་རུ། གསང་མཁར་བྲག མཆིམས་ཕུ་སྣ་རལ། མ་ས་གོང་གི་ལྷ་ཁང་དང་ལྔ་བཞེངས་པས། 
  • པ་སངས་དབང་འདུས།
    རྒྱ་ཡུལ་ཀིང་ཤི་ནས་གསེར་འོད་དམ་པ་དང་འདུལ་བ་ལས་རྣམ་པར་འབྱེད་པ་དང་། སྨན་དཔྱད་ཀྱི་་རིགས་འགའ་ཞིག་བསྒྱུར། ལི་ཡུལ་ནས་རབ་ཏུ་བྱུང་བ་སྤྱན་དྲངས་ནས་གུས་པར་མཛད་ཀྱང་བོད་ཀྱིས་མིས་རབ་ཏུ་བྱུང་བ་ནི་མ་བྱུང་། 
  • པ་སངས་དབང་འདུས།
    འཕྱིང་བ་སྟག་རྩེ་ནས་ནོར་ཁྱད་དུ་འཕགས་པ་གཡུ་ཞིག་བརྙེད། འཇང་མོ་ཁྲི་བཙུན་ཁབ་ཏུ་བཞེས་པར་སྲས་འཇང་ཚ་ལྷ་དཔོན་ཞེས་ལྟ་བས་ཆོག་མི་ཤེས་པའི་མཛེས་སྡུག་ཅན་ཞིག་འཁྲུངས་པར་བོད་ན་དེའི་བཙུན་མོར་འོས་པའི་ན་ཆུང་མ་རྙེད་པས།
  • པ་སངས་དབང་འདུས།
    རྒྱ་རྗེ་ཡག་འཇམ་ལི་ཁྲི་བཞེར་ལང་མའི་སྲས་མོ་ཀོང་ཇོ་བསུ་བའི་སྐྱེས་ཀྱི་དངོས་པོ་དང་ཕོ་ཉ་མངགས་པར་ལེགས་ཉེས་སྟོན་པའི་་མེ་ལོང་ཞིག་ཡོད་པར་བལྟས་པས་ཡར་ཀླུངས་ཀྱི་ཡུལ་དགེ་བཅུའི་ཡོན་ཏན་ཡོངས་སུ་ཚང་ཞིང་།
  • པ་སངས་དབང་འདུས།
    རྒྱལ་བུ་དེ་ལྷའི་ཁྱིའུ་ལྟར་མཛེས་པ་ཞིག་མཐོང་ནས་བྱོན་ནའང་། གཉགས་ཀྱི་བུ་མོ་མ་བླངས་པའི་འཁོན་གྱིས་གཉགས་ཁྲི་བཟང་པོ་ཡང་འདོན་གྱིས་རྒྱལ་བུ་བཀྲོངས།
  • པ་སངས་དབང་འདུས།
    བང་སོ་མུ་ར་རི་ལ་བརྩིགས། དུས་དེར་ཀོང་ཇོས་མེ་ལོང་ལ་བལྟས་པས། རྒྱལ་བུ་བཞིན་མི་སྡུག་ཞིག་ཏུ་མཐོང་བར་བཞིན་བོད་ནས་གཏམ་ངན་པ་སྐྱེལ་མི་བྱུང་ནའང་བྱོན། ཇོ་བོ་རྒྱལ་རབས་གསུམ་དུ་མུན་པར་བཞུགས་པ་ལྷོ་སྒོ་མེ་ལོང་ཅན་ནས་བཏོན་ཏེ། གཙང་ཁང་དབུས་མར་བཞུགས་སུ་གསོལ་ནས་མཆོད་པ་བཙུགས། མཆིམས་ཕུར་མེས་ཨག་ཚོམས་ཀྱི་བཙུན་མོར་མངའ་གསོལ་ལོ༎
  • པ་སངས་དབང་འདུས།
    དུམ་བུ་འདིའི་ལོ་རྒྱུས་དེ་ཡིན་ན་གཙོ་བོ་ཁྲི་ལྡེ་གཙུག་བརྟན་དང་ཀྱིམ་ཤིང་ཀོང་ཇོའི་ལོ་རྒྱུས་རེད། ལོ་རྒྱུས་དེའི་ནང་དོན་གཙོ་བོ་འདྲ་དེ་ག་རེ་བསྟན་ཡོའོ་རེད་ཟེར་ན།
  • པ་སངས་དབང་འདུས།
    ཨཱ། ཁྲི་ལྡེ་གཙུག་བརྟན་ཡིན་ན་ཁོང་རང་འཁྲུངས་ས་དེའི་མཚན་ལ་ཡིན་ན་མེས་ཨག་ཚོམས་ཞུ་གྱི་ཡོའོ་རེད། ཕོ་བྲང་ལྡན་མཁར་དུ་འཁྲུངས། ཟེར།
  • པ་སངས་དབང་འདུས།
    ད་ལྡན་མཁར་ཟེར་ཡས་དེ་སྔ་མོའི་ས་མིང་གཅིག་འདི་ལ་ཡི་གེ་རྙིང་མ་ཁག་ཅིག་ནང་ལ་ལ་ཧ་བཏགས་ལྷན་ཟེར། ལྷན་མཁར་ཟེར་འཁྲུངས། ཟེར་དེ་འདྲས་ཀྱི་འགྲེལ་པ་བརྒྱབ་སྲོལ་ཡོའོ་རེད།
  • པ་སངས་དབང་འདུས།
    འདི་ཡིན་དུས་ཙམ་པ་ད། མེས་ཨག་ཚོམས་ད་སྐུ་ན་སོན་པའི་སྐབས་ལ་ཡིན་ན་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྔ་མོའི་རྦད་དེ་ལུང་བསྟན་གཅིག་གི་ནང་ལ། ད་སྟེ་ངའི་གདུང་རབས་ལྔ་ནས་ངའི་རྒྱུད་པའི་ནང་ལ་ཡིན་ན་ནི། རྒྱལ་པོ་ལྡེ་ཟེར་ཡས་གཅིག་གི་བྱ་བས་དམ་པའི་ཆོས་ཡོང་གི་རེད། ཟེར་བའི་ལུང་བསྟན་དེ།
  • པ་སངས་དབང་འདུས།
    དེ་ནི་ཟངས་ཀྱི་བྱང་བུ་ཞིག་ལ་བྲིས་པ་དེ་ནི་ཁོང་རང་ལ་བརྙེད་དུས་ཙམ་པ་དེ་ནི། ཨོའོ་ད་ལྡེ་ཟེར་ཡས་རྒྱལ་པོ་དེ་ང་ཡིན་གྱི་རེད་དགོངས་ནས། དེ་ནི་ཆེད་དུ་ཕོ་ཉམངགས་ནས་གངས་ཏི་ས་ནས་རྒྱ་གར་བར་དུ་རྦད་དེ་ཡིན་ན་གཅིག་གི་པཎྜི་ཏ་སངས་རྒྱས་གསང་བ་དང་སངས་རྒྱས་ཞི་བ་འཚོ་ཟེར་ཡས་གཉིས་གདན་འདྲེན་བྱེད་ཀ་བཏང་པ་རེད། ཟེར།
  • པ་སངས་དབང་འདུས།
    གདན་འདྲེན་ཞུ་ག་བཏང་བྱས་ཡིན་ནའི་གདན་འདྲེན་ཞུ་མ་ཐུབ་པ་རེད། དེ་ཡིན་དུས་ཙམ་པ། ཞུ་མ་ཐུབ་ཀྱང་དེའི་ཕོ་ཉས་གཅིག་གི་ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བློ་ལ་བཟུང་ནས། ཚུར་ཡོང་བྱས་རྒྱལ་པོ་ལ་ཕུལ་དུས། རྒྱལ་པོར་ཕུལ་བས་རྒྱལ་པོས།
  • པ་སངས་དབང་འདུས།
    ཕོ་བྲང་གཅིག་གི་ཐེག་པ་ཆེན་པོ་ལྔའི་བཞུགས་ཡུལ་ལ་ཆེད་མངགས་ཡིན་ན་ད་གཅིག་གི་གཙུག་ལག་ཁང་ལྔ་བཞངས་༼བཞེངས་༽བྱས།  འོང་གཅིག་ལ་ཡིན་ན་བྲག་དམར་མགྲིན་བཟང་། བྲག་དམར་ཀེ་རུ། འོང་གསང་མཁར་བྲག མཆིམས་བུ་སྣ་རལ། མ་ས་གོང་ཟེར་ལྷ་ཁང་ལྔ་བཞེངས་པ་རེད།
  • པ་སངས་དབང་འདུས།
    ད་ལྷ་ཁང་ལྔ་འདིའི་ནང་ལ་ཡིན་ན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་ལ་ཡིན་ན། ཡི་གེའི་དག་ཆའི་ཐོག་ལ་ཡིན་ན་འབྲི་སྲོལ་མི་འདྲ་ཞེ་དྲག་ཡོའོ་རེད། སྤྱིར་བཏང་ཡིན་ན་བྲག་དམར་ཀེ་རུ་ཟེར་མཁན་དེ་ཡིན་ན། འདིའི་ཀེ་རུ་ཟེར་ཡས་དེ་ཕལ་ཆེར་ནོར་པ་རེད། བྲག་དམར་བཀའ་བཅུ་ཟེར་དགོས་རེད། འདིའི་ནང་ལ་བྲག་དམར་བཀའ་བཅུ་འོང་། དེ་ཡིན་ན་གལ་ཆེན་པོ་གཅིག་རེད།
  • པ་སངས་དབང་འདུས།
    ག་རེ་རེད་ཟེར་ན་ཕྱིས་སུ་མི་མང་པོས་འདིའི་གོ་ནོར་ཐེབས་ཡོའོ་རེད། ཨཱ། དེ་དང་ཕྱོགས་མཚུངས་རྒྱ་ནག་ནས་རྒྱའི་རྒྱལ་པོ་རྦད་དེ་བཙུན་མོ་ཡིན་ན་ད། གཅིག་གི་ཨ་ག་རེ་ཟེར་དགོས་རེད། ཨ། ཕྱོགས་མཚུངས་རྒྱ་ནག་ནས་ག་རེ་གདན་འདྲེན་ཞུས་ཡོའོ་རེད།
  • པ་སངས་དབང་འདུས།
    ཕོ་ཉ་མངགས་བྱས་ཡིན་ན། གཅིག་གསེར་འོད་དམ་པ་དང་འདུལ་བ་རྣམ་པར་འབྱེད་པ་ཟེར་ཡས་ཀྱི་རྦད་དེ་སངས་རྒྱས་ཀྱི་གསུང་གདན་ཞུས་ཡོད་པ།
  • པ་སངས་དབང་འདུས།
    ཨ་སྨན་དཔྱད་ཀྱི་རིགས་ཁ་ཤས་ཡིན་ན། རྒྱ་ཡིག་ནས་བོད་ཡིག་ལ་བསྒྱུར་པ། ལི་ཡུལ་ནས་ཡིན་ན་ད་གཅིག་གི་རབ་ཏུ་བྱུང་བའི་རྦད་དེ་གཅིག་གི་དགེ་སློང་མང་པོ་གཅིག་གདན་དྲངས་ནས་དེ་རྣམས་ལ་གུས་པ་མཛད་པ། 
  • པ་སངས་དབང་འདུས།
    ད་ཡིན་ནའི་སྐབས་དེར། བོད་ཀྱི་མི་ལ་ཡིན་ན་ཆ་བཞག་པ་ཡིན་ན་ད་གཅིག་བོད་ལ་རབ་ཏུ་བྱུང་བ་ཡིན་ན་ལོ་རྒྱུས་བྱུང་ཡོའོ་མ་རེད།
  • པ་སངས་དབང་འདུས།
    འོང་། ཕྱིང་བ་སྟག་རྩེའི་རྦད་དེ་ཕོ་བྲང་། ཕྱིང་བ་སྟག་རྩེ་ཞུ་ཡས་དེ་ད་དེང་སང་འཕྱོང་རྒྱས་ལ་ཡོའོ་རེད་པ།
  • པ་སངས་དབང་འདུས།
    དེ་ཡིན་ན་སྐབས་དེར་རྒྱལ་པོའི་རྦད་དེ་ཕོ་བྲང་རེད།  ཨ་ཕོ་བྲང་འདིའི་ནང་ལ་ཡིན་ནའི་རྦད་དེ་ད་ཁོ་རང་ད་གཅིག་གི་འོང་བཙུན་མོ། ལྕམ་འཇང་མོ་ཁྲི་བཙུན་ཁབ་ཏུ་བསུས། དེ་འཇང་ཡུལ་ནས་གདན་འདྲེན་ཞུས་པ་རེད།
  • པ་སངས་དབང་འདུས།
    འཇང་ཡུལ་ཟེར་མཁན་དེ་ད་དེང་སང་བྱས་པ་ཡིན་ན། བོད་པའི་ཤར་ཕྱོགས་ཀྱི་རྒྱལ་ཐང་ཁུལ་དང་ཐག་ཉེ་པོ་གཅིག་ཡོའོ་རེད།
  • པ་སངས་དབང་འདུས།
    འོང་། འཇང་ཡུལ་ནས་ཁྲི་བཙུན་ཁབ་ཏུ་བཞེས་པའི་དེ་ལ་ཡིན་ན་ནི་སྲས་ཡིན་ན་འཇང་ཚ་ལྷ་དཔོན། ད་གཅིག་གི་རྒྱལ་བ་ལྔ་པའི་གསུངས་སྟངས་ལ་བཞེད་པ་ཡིན་ན། དེ་རྦད་དེ་བསམ་ཀྱིས་མི་ཁྱབ་པའི་རྦད་དེ་མཛེས་སྡུག་ལྡན་པའི་སྲས་གཅིག་འཁྲུངས་དུས། ད་དེ་ལ་བཙུན་མོ་གཅིག་འཚལ་དགོས་དུས་ཙམ་པ། བོད་པའི་ནང་ལ་བཙུན་མོ་འོས་པ་མི་འདུག ཟེར།
  • པ་སངས་དབང་འདུས།
    དེ་མེད་དུས་ཙམ་པ་དེ་ནི། རྒྱ་ནག་ནས་རྒྱ་རྗེའ་སྲེས་མོ་དེ་བཙུན་མོ་དེ་ཡར། བོད་ལ་གདན་འདྲེན་ཞུ་ཡས་ཀྱི་ཐོག་ལ་ཕོ་ཉ་ཆེད་མངགས་ནས། ད་སྐབས་དེར་དོན་དག་ག་རེ་བྱུང་པ་རེད་ཟེར་ན།
  • པ་སངས་དབང་འདུས།
    ད་འདིའི་བོད་ཀྱི་ཕོ་ཉ་གཉགས་ཟེར་མཁན་གཅིག་གི་མི་རྒྱུད་དེ་རང་གི་བུ་མོ་འདི་རྒྱལ་པོའི་བཙུན་མོ་ལ་མ་བསུས་པའི་དེའི་ཁོང་ཁྲོ་དང་འཁོན་འཛིན་གྱི་ཡིན་ན། ཨ་སྲས་ལ་ཡིན་ན་ད་གཅིག་གི་ཨ་གཉགས་ཁྲི་བཟང་ཡང་སྟོན་གྱི་ཡིན་ན།
  • པ་སངས་དབང་འདུས།
    ཨ་སྲས་འཇང་ཚ་ལྷ་དཔོན་ཟེར་ཡས་དེ་ཡིན་ན་བཀྲོངས་པའི་ལོ་རྒྱུས་དེ་རེད།  དེ་ཡིན་ན་བཙུན་མོས་རྦད་དེ་ལམ་བར་ལ་གཅིག་གི་རྒྱ་བཟའ་བོད་ལ་བྱོན་པའི་ལམ་བར་ལ་དེའི་བསྐྱེལ་ནས། དེ་ནི་བོད་ལ་ཕེབས་པའི་རྗེས་ལ་ཡིན་ན།
  • པ་སངས་དབང་འདུས།
    དེ་ནི་རྒྱལ་པོ་མེས་ཨག་ཚོམས་རང་གི་བཙུན་མོར་རྦད་དེ་མངའ་གསོལ་པ་རེད་ཟེར། ད་དེ་རྒྱུ་མཚན་དེ་འདྲས་གཅིག་ཡིན།