Skip to main content Skip to search
15 Dec 2011
20 min 4 sec
Rating
0
No votes yet
Video Overview
Creators: 
Unknown

In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.

Show More

  • ནོར་བྲང་ཨོ་རྒྱན།
    ཨེ། སྡེ་པ་རིན་སྤུངས་པ་ཟེར་ཡས་དེ་ནི་གང་འདྲས་རེད་ཟེར་ན། སྔོན་མ་བོད་རྗེ་ཤ་ཁྲི་བཙན་པོའི་སྐབས་ནས། དུས་མ་སངས་ལ་ཁར་ཁྱིའུ་མཚན་དང་ལྡན་པ་ཞིག་བྱུང་བ། མ་སངས་ལ་ཁར་ཟེར་མཁན་དེ་ནི་ཁྱིའུ་མཚན་དང་དཔེ་བྱད་ལྡན་པ། དེ་ནི་དེ་འདྲས་ཀྱིས་མཚན་དང་དཔེ་བྱད་བཟང་པོ་ལྡན་པ་དེ་འདྲས་གཅིག་བྱུང་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ། དེ་ནི་སྒེར་དུ་ཉན་ནམ་མི་ཉན་བྱས་པས་འདི་ནི་སྒེར་དུ་རུང་བས་ཁྱེར་ཅིག་གསུངས་པས། དེ་ནི་སྒེར་དུ་ཉན་ནམ་མི་ཉན་ཅེས་གསུངས་པས། སྒེར་གྱི་མིང་དུ་གྲགས་པ་བྱུང་བར་སྒེར་དཔལ་ལེགས་འོད་པོར། འོང་དཔལ་ལེགས་འོད་པོར་བཏགས་པ་དེ་ནས་བཟུང་། ཕྱི་སྒེར། ནང་སྒེར། སྒྲུབ་ཐོབ་ཀྱི་སྒེར་དང་བཅས་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་སྒེར་ཟེར་ཡས་དེ་ཁོ་རུས་པའི་མིང་ཆགས་བྱས་དེ་འདྲས་རེད། དཔལ་ལེགས་འོད་པོ་ཟེར་དེ་ནས་བྱུང་བྱས། དེ་ནི་ཕྱི་སྒེར་དང་ནང་སྒེར་དང་། སྒྲུབ་ཐོབ་ཀྱི་སྒེར་དང་བཅས་སྟེ། དེ་འདྲས་ཀྱི་སྒེར་པ་ཡིན་ན་རིགས་གསུམ་བྱུང་བ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་རིམ་པ་བཞིན་བརྒྱུད་པ་མི་རབས་ཉེར་ལྔ་པ་ན། ནང་སྒེར་རལ་པ་འཛིན་གྱིས་ད་དེ་ནས་མི་ཐོག་མའི་དཔལ་ལེགས་འོད་པོ་ནས་བརྩིས་པའི་དེ་ནི་རིམ་པ་བྱས་པའི་དེ་ནི་རྦད་དེ་མི་རབས་ཉི་ཤུ་རྩ་ལྔ་འགྲོ་དུས་ཙམ་པ་དེ་ནི། སྒེར་རལ་པ་འཛིན་ཟེར་མཁན་དེ་འདྲས་བྱུང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེའི་ཁ་གཏུག་ལ་ཆ་བཞག་ནའི་གྲུ་གུའི་ཡུལ་ནས་གྲུ་གཟིངས་བདུན། འོང་གྲུ་གུའི་ཡུལ་ནས་གྲུ་གཟིངས་བདུན་གྱིས་རིན་པོ་ཆེ་གཡུའི་ཟོང་དྲངས། གྲུ་གུ་ཡིན་ན་གྲུ་གཟིངས་བདུན་གྱིས་དེ་ནི་རིན་པོ་ཆེའི་གཡུའི་ཟོང་དྲངས། དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ་ཁྲག་གི་ལུས་ལ་མགོ་ལྔ་པ་འབྲུག་གི་སྐད་འབྱིན་པའི་གདོན་ཞིག་རིགས་སྔགས་ཀྱིས་བཏུལ་བས། ད་གདོན་དེ་འདྲས་ཀྱི་དཔེར་ན། ཨང་ལུས་པོ་གང་ག་ཁྲག་ཡིན་པ། དེ་ནི་མགོ་ལྔ་པ་བྱས་པ་དེ་འདྲས་ཀྱི་སྐད་ཡིན་ན་འབྲུག་རྒྱག་མཁན་གཅིག་གི་དེ་ནི་རྦད་དེ་དེ་འདྲས་གདོན་དེ་དཔེར་ན་རིག་སྔགས་ཀྱིས་བཏུལ་ལ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ནང་སྒེར་རལ་པ་འཛིན་ཟེར་ཡས་དེ། ནུས་པ་ཆེན་པོ་ཡོད་པ་རེད་ཟེར། ཁོང་གིས་ནུས་མཐུ་ཆེ་བར་ཡོངས་སུ་གྲགས་ཤིང་། ཟེར། དེས། ནང་སྒེར་པ་རལ་པ་འཛིན་གྱིས་དེས་དེ་ནི་ཕྱོགས་གཅིག་ནས་ཁོང་གིས་ཡིན་ན་མཐུ་སྟོབས་ཐོག་ལ་ཐོགས་པ་མེད་པ་དེ་འདྲས་གཅིག་དང་། ལྷག་པར་དུ་ཕྱག་ན་པདྨ་སྤྱན་རས་གཟིགས་དེ་ནི་མིའི་རྗེ་བོའི་ཚུལ་བཟུང་བ་དེ་ནི་ཆོས་རྒྱལ་པོ་སྲོང་བཙན་སྒམ་པོའི་དེ་ནི་ནང་བློན་དེ་འདྲས་མཛད་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ནང་བློན་མཛད་བྱས་ད་མི་རབས་བྱེད་དུས་ཙམ་པ་མི་རབས་ལྔ་པ་ནས་བྱས་བྱས། བྱེད་དུས་ཙམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ནང་བློན་གྲལ་ལ་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ་ཁྲ་འབྲུག་ལྷ་ཁང་བཞེངས་པའི། ཁྲ་འབྲུག་ལྷ་ཁང་ཟེར་ཡས་དེ་ནི་ལྷོ་ཁ་ལ་ཡོད་པའི་ཁྲ་འབྲུག་ལྷ་ཁང་ཟེར་ཡས་གཅིག་རེད་པ་ད། བོད་ལ་སྲོང་བཙན་སྒམ་པོས་ལྷ་ཁང་བཞེངས་པའི་ཐོག་མ་དེ་འདྲས་རེད། དེ་བཞེངས་པས་དེ་ནི་སྲིད་ཞུར་ཡིན་ནའི་འབད་བརྩོན་བྱེད་པ། གནང་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ནང་སྒེར། ནང་སྒེར་རལ་པ་ཅན་དེ་ཉིད་ཀྱི་བརྒྱུད་ལ་བློ་གྲོས་ཀྱི་རྩལ་དང་ལྡན་པ་ཟླ་བ་རྒྱལ་མཚན་གྱིས་མངའ་བདག་ཁྲི་སྲོང་ལྡེའུ་་བཙན་གྱི་ཆོས་བློན་དུ་གྱུར་པ། ཟེར། ནང་སྒེར་རལ་པ་ཅན་དེ་ཉིད་ཀྱི་བརྒྱུད་པ་ལས་་བྱུང་བ་བློ་གྲོས་ཀྱི་རྩལ་དང་ལྡན་པ་དེ་ནི་ཟླ་བ་རྒྱལ་མཚན་ཟེར་ཡས་དེ་ནི། བྱུང་བ་རེད་ཟེར། དེ་ཡིན་ན་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ལ་དེ་ནི་ཆོས་བློན་དུ་གྱུར་པ་དེ་ནས་དེ་ནི། མི་རབས་ཉི་ཤུ་སོང་བའི་མཐར་སྒེར་ཤཱཀྱ་འབུམ་གྱི་སྲས་བཞི། སྒེར་ཤཱཀྱ་འབུམ་ཟེར་ཡས་དེ་ལ་དེ་ནི།
  • ནོར་བྲང་ཨོ་རྒྱན།
    ཨ་ནི་སྲས་བཞི་བྱུང་ཡོའོ་རེད། ཟེར། སྲས་བཞི་པོ་དེའི་མིང་ལ་ག་རེ་ཟེར། ནམ་མཁའ་རྒྱལ་མཚན་ཟེར། གཅིག་གི་མིང་ལ་བསོད་ནམས་རྒྱལ་མཚན། གཅིག་ལ་ནི་རྒྱལ་མཚན་བསམ་གྲུབ་ཟེར། གཅིག་ལ་ཆོས་ཀྱི་རྒྱལ་པོ་བྱས། དེ་འདྲས་ཀྱི་དེ་ནི་བཞི་བྱུང་ཡོའོ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    འོང་། འོང་། བཞིའི་ནང་ནས་དང་པོ་ནམ་་མཁའ་རྒྱལ་མཚན་གྱིས་དེ་ནི་སྣེ་གདོང། སྣེ་གདོང་་་་སྣེ་གདོང་། སྡེ་སྲིད་སྣེ་གདོང་གི་རེད་པ། གོང་མ་སྡེ་སྲིད་དབང་གྲགས་པ་རྒྱལ་མཚན་གྱི་ཞབས་ལ་གཏུགས་པས་ཟེར་ན། 
  • ནོར་བྲང་ཨོ་རྒྱན།
    སྣེ་གདོང་། གཞི་ཀ་རིན་སྤུངས་ཀྱི་རྫོང་དཔོན་བསྐོ་གཞག་མཛད་པ་དེ་ནས་བཟུང་། ཟེར་བྱས་ནས་ད་དེ། འོང་སྣེ་གདོང་གོང་མ་སྡེ་་སྲིད་དབང་གྲགས་པ་རྒྱལ་མཚན། གྲགས་པ་རྒྱལ་མཚན་གྱི་ཞབས་ལ་གཏུགས་པས་དེ་ནི། གཞིས་ཀ་རིན་སྤུངས་རྫོངས་དུ་བསྐོ་གཞག་མཛད་པ་དེ་ནས་བཟུང་ཟེར་ཡས་དེ། ཕག་གྲུའི་ཁ་གཏུག་ལ་ཆ་བཞག་སོང་ན། དེ་ནི་འོང་། ཨ། གྲགས་པ་རྒྱལ་མཚན་གྱི་ཐོག་ལ་དེའི་ཁ་གཏུག་ལ་རྦད་དེ། གཞི་ཀ་སོ་སོ་ཡིན་ན་ལོ་དུས་ཀྱི་དེ་བྱས་ན་མ་གཏོགས། དེ་ནི་གང་གཏན་འཇགས་དེ་འདྲས་ཡོའོ་མ་རེད་པ།
  • ནོར་བྲང་ཨོ་རྒྱན།
    ད་དེ་ནི་གྲགས་པ་རྒྱལ་མཚན་ཁ་གཏུག་ལ་ཆ་བཞག་ན། སྡེ་པ་རིན་སྤུངས་པ་དེ་ཐོག་མ་ལ་དེ་ནི། ཨེ། འོང་། ཞེས་བྱས་ཤིང་། ནམ་མཁའ་རྒྱལ་མཚན་གྱི་དེ་ནི་རྦད་དེ་རིན་སྤུངས་རྫོངས་ལ་བསྐོ་གཞག་གནང་བ་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནས་བཟུང་། སྒེར་གྱིས་བརྒྱུད་པས་རིན་སྤུངས་རྫོངས་ཁ་འཛིན་གཏན་འཇགས་འཛིན་སྐྱོངས་བྱས་པ་ལ་བརྟེན་རིན་སྤུངས་པ་ཞེས་པའི་མིང་དེ་ནས་བྱུང་། དེ་ནས་དེ་ནི་སྒེར་གྱིས་བརྒྱུད་པས་རིན་སྤུངས་རྫོངས་དེའི་ཁ་འཛིན་གཏན་འཇགས་འཛིན་སྐྱོངས་བྱས་པ་ལ་བརྟེན་ནས། དེ་ནི་རིན་་སྤུངས་པ་ཟེར་ཡས་དེ། མིང་དེ་ནས་གྲགས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    རིན་སྤུངས་པ་ཟེར་ཡས་དེ་ཐོག་མའི་སོ་སོའི་ལོ་རྒྱུས་ཡིན་ནའི་ཆ་བཞག་ན་དེ་རེད་ཟེར། གང་ཟེར། སྒེར་པ་ཟེར་ཡས་དེ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་ནས་བྱུང་བ་དེ་ནས་རིན་སྤུངས་ཀྱི་རིན་སྤུངས་རྫོངས་དེ་ཁ་འཛིན་གཏན་འཇགས་བྱེད་ཡས་གྲུབ་དུས་ཙམ་པ་དེ་ནི། རིན་སྤུངས་རིན་་སྤུངས་ཟེར་ཡས་དེ་བྱུང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ནམ་མཁའ་རྒྱལ་མཚན་གྱིས་རིན་་སྤུངས་རྫོང་དཔོན་བྱས་རྗེས་དབང་གྲགས་པ་རྒྱལ་མཚན་གྱིས་གཙང་ཆུ་མིག་ཁྲི་དཔོན་དང་། དཔལ་ལྡན་ས་སྐྱའི་ལྷ་ཁང་ཆེན་མོའི་དཔོན་ཆེན་དུ་རིམ་པར་བསྐོས། ཟེར། ནམ་མཁའ་རྒྱལ་མཚན་གྱིས་དེ་ནི་རིན་སྤུངས། ཕྱོགས་གཅིག་ནས་རིན་སྤུངས་རྫོང་དཔོན་བྱས་པའི་རྗེས་ལ། དབང་གྲགས་པ་རྒྱལ་མཚན་གྱིས་སླར་ཡང་དེ་ནི་གཙང་ཆུ་མིག་གི་ཁྲི་དཔོན་དང་། ཁྲི་སྐོར་བཅུ་གསུམ་པའི་ནང་ནས་ཆུ་མིག་ཟེར་ཡས་དེ་དང་། དཔལ་ལྡན་ས་སྐྱའི་ལྷ་ཁང་ཆེན་མོའི་དཔོན་ཆེན་དུ་རིམ་པར་བསྐོས་ཟེར།
  • ནོར་བྲང་ཨོ་རྒྱན།
    དཔལ་ལྡན་ས་སྐྱའི་ལྷ་ཁང་ཆེན་མོར་སྔ་མ་ཡིན་ན་དཔལ་ཆེན་ཟེར་ཡས་གཅིག་དེ་ནི་ཕག་གྲུའི་དུས་སྐབས་ལ་ཆ་བཞག་ན་དཔལ་ལྡན་ས་སྐྱའི་ལྷ་ཁང་ཆེན་མོའི་དཔོན་ཆེན་དུ་བསྐོས་ཟེར་ཡས་དེ་འདྲས་ཀྱི་གཅིག ཨོའོ་དེ་ཚོ་ལ་ཡིན་ནའི་དཔོན་དུ་བསྐོས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཕག་མོ། ཕག་མོ་གྲུ་པའམ་རླངས་ཀྱི་གདུང་རྒྱུད་ཤཱཀྱ་རིན་ཆེན་པའི་སྲས་མོ་བསོད་ནམས་དཔལ་མོ་དེའི་ཁབ་ཏུ་བསུས་པར་སྲས་ནམ་མཁའ་རྒྱལ་པོ་དང་། ལྕམ་ཀུན་དགའ་དཔལ་འཛོམས་གཉིས་འཁྲུངས་པ་ལས་ཟེར། ད་དེ་གཉིས་དེའི་ཁ་གཏུག་ལ་བྱས་པ་ཡིན་ན། ནམ་མཁའ་འོང་། ནམ་མཁའ་རྒྱལ་མཚན། ནམ་་མཁའ་རྒྱལ་མཚན་གྱི་ཡིན་ན་གང་ཟེར། ཕག་གྲུའི་དེ་ནི་གདུང་བརྒྱུད་ཡིན་པ་དེ་ནི་དཔལ་ཤཱཀྱ་རིན་ཆེན་བསོད་ནམས་དཔལ་མོ་ཟེར་ཡས་དེ་བསུས་པ་ལ་བརྟེན་ནས་དེ་ནི། སྲས་ནམ་མཁའ་རྒྱལ་པོ་དང་ལྕམ་ཀུན་དགའ་དཔལ་འཛོམས་གཉིས་འཁྲུངས་པ་ལས་ཟེར།
  • ནོར་བྲང་ཨོ་རྒྱན།
    སྲས་ནམ་མཁའ་རྒྱལ་པོ་ན་ཚོད་ཕྲ་མོའི་དུས་ནས་ཆོས་སྲིད་ལུགས་གཉིས་ཀྱི་མཁྱེན་པའི་སྤྱན་མཆོག་ཏུ་ཡངས་ཤིང་། ཟེར། ཡབ་ནམ་མཁའ་རྒྱལ་མཚན་དགུང་ལོ་བཞི་བཅུ་ཞེ་བདུན་པར་གཤེགས་རྗེས། ནམ་མཁའ་རྒྱལ་པོ་དགུང་ལོ་བཅོ་ལྔ་པར་དབང་གྲགས་པ་རྒྱལ་མཚན་གྱིས་རིན་སྤུངས། འོང་རིན་སྤུངས་ཀྱི་རྫོང་དཔོན་དུ་བསྐོས་ཟེར།
  • ནོར་བྲང་ཨོ་རྒྱན།
    སླར་ཡང་དེ་ནི་ནམ་མཁའ་རྒྱལ་མཚན་བཤགས་པའི་རྗེས་ལ། ནམ་མཁའ་རྒྱལ་པོ་དེ་ནི་རིན་སྤུངས་རྫོངས་ལ་དབང་གྲགས་པ་རྒྱལ་མཚན་དེ་ནི་མུ་མཐུད་བསྐོས་པ་གནང་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེའི་ཁབ་ཏུ་རྒྱལ་རྩེ་བ་ནང་ཆེན་ཀུན་དགའ་འཕགས་ཀྱི་སྲས་མོ་བྱང་སེམས་མནོ་མོ་རྡོ་ར་ཞེས་པ་། ད་དེའི་ནང་ལ་ནང་ཆེན་ཀུན་དགའ་འཕགས་དེ་ནི་རྒྱལ་རྩེ་ནང་ཆེན་ཀུན་དགའ་འཕགས་ཟེར་མཁན་དེ། དེའི་སྲས་མོ་དེ་ནི་མནོ་མོ་རྡོ་ར་ཞེས་པ། ཆུ་རྟ་ལོ་སྤྱི་ལོ་༡༤༠༢ལོ་ལ། དེ་ལ་གཤེགས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    སྐབས་ལ་གཤེགས་བྱས། དེའི་ལྕམ་དྲུང་འཛོམ་མ་དང་། ཆུ་ལུག་སྤྱི་ལོ་༡༤༠༣ལོར་དེ་ལ་སྲས་ལྕམ་དྲུང་འཛོམ་མ་དང་། ཆུ་ལུག་སྤྱི་ལོ་༡༤༠༣ལོ་ལ་སྲས་ནོར་བུ་བཟང་པོ། ཤིང་བྱ་སྤྱི་ལོ་༡༤༠༥ལོ་ལ་དཔལ། དཔལ་བཟང་རིན་ཆེན་རྣམས་རྫོང་དཀར་དུ་འཁྲུངས། ཟེར། དེ་ནི་ཁོང་ལ་སྲས་གཉིས་དང་དེ་ནི་སྲས་མོ་གཅིག་འཁྲུངས་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ནོར་བུ་བཟང་པོས་གོང་མ་གྲགས་པ་རྒྱལ་མཚན་པའི་ཞབས་ལ་གཏུགས་ཤིང་། ཡབ་ནམ་མཁའ་རྒྱལ་པོ་དང་། མེས་པོ་ནམ་མཁའ་རྒྱལ་མཚན་གྱི་དུས་རིན་སྤུངས་རྫོང་སྡོད་ཁྲི་དཔོན་རྣམས་ཀྱི་འཇའ་ས་ཁོང་དགུང་ལོ་བཅུ་གཉིས་པར་དབང་གྲགས་པ་རྒྱལ་མཚན་ནས་གནང་། ཟེར། ད་རིན་སྤུངས་པ་ད་ལྟ་དེ་རེད་པ། འོང་ནོར་བུ་བཟང་པོ་ཟེར་མཁན་དེ་ལ་གོང་མ་གྲགས་པ་རྒྱལ་མཚན་གྱི་ཐོག་ལ་དེ་ནི་རྦད་དེ་ཞབས་ལ་གཏུག་པའི་གཞུག་གུ་ལ། ཁོང་རང་གི་ཡབ་ནམ་མཁའ་རྒྱལ་པོ་དང་། མེས་པོ་ནམ་མཁའ་རྒྱལ་མཚན་གཉིས་དེ་ནི་རིན་སྤུངས་རྫོང་དཔོན་ཟེར་ཡས་དེ་ནི་བསྐོ་གཞག་དེ་ནི་མུ་མཐུད་ཁོ་རང་ཚོ་གནང་ཡས་དེ་དེ་ནི་དགུང་ལོ་བཅུ་གཉིས་པར་དབང་གྲགས་པ་རྒྱལ་མཚན་གྱིས་དེ་ནི་བསྐོ་གཞག་དེ་འདྲས་གནང་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དགུང་ལོ་བཅོ་ལྔ་ཤངས་འབྲོང་པོ་སྒང་པ་དང་དཔོན་གཡོག་མཛད། ཤངས་འབྲོང་པོ་སྒང་པ་ཟེར་ཡས་དེ་ལ་དཔོན་གཡོག་མཛད། དཔུང་གི་སྦྱོར་བས་མི་མཐུན་པ་རྟ་གཡག་གི་རྫོང་དང་། ལྕགས་ཐག་མགོ་སྤྲེལ་དུ་གྲགས་པ་སྟག་གླིང་སྐྱ་གསུམ་དང་། ཤངས་ལུང་པ་སོགས་དེ་སྔ་རིན་སྤུངས་རྫོང་དང་འདབ་འབྲེལ་བཀོད་འོག་ཏུ་མི་འདུས་པ། རྒྱལ་ཕྲན་མང་པོའི་མངའ་འབངས་རྣམས་བླངས། ཟེར། དེ་ནི་དེའི་ཁོང་གིས་ཡིན་ན། ག་རེ་གནང་ང་རེད་ཟེར་ན། ད་ནོར་བུ་བཟང་པོས་ཡིན་ན། རྦད་དེ་འོང་། འོང་གང་ཟེར་དགོས་རས༼རེད༽། ཁོང་གིས་དཔུང་འཇུག་པའི་དེ་ནི་དམག་དཔུང་ལ་བརྟེན་ནས། དེ་ནི་མི་མཐུན་རྟ་གཡོག་གི་རྫོང་དང་། ལྕགས་ཐག་མགོ་སྤྲེལ་དུ་གྲགས་པ་སྟག་གླིང་སྐྱུར་གསུམ་ཟེར་ཡས་དང་། ཤངས་ལུང་པ་སོགས་པ་དེ་སྔ་རིན་སྤུངས་རྫོང་གི་ད་དེ་ནི་ས་གས་ཐག་ཉེ་པོ་ཡོད་པ་དེ་ཚོ་ཡིན་ན། འདབ་འབྲེལ་དུ་ཡོད་པ་དེ་ཚོ་ཡིན་ན། སྔ་མ་ཡིན་ན་རིན་སྤུངས་རྫོང་གི་བཀོད་འོག་ཏུ་མི་འདུས་པ། དེ་གས་དེ་ཡིན་ན་དེ་ནི་མང་པོ་སོ་སོའི་མངའ་འོག་ཏུ་བསྡུས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཕྱིས་ཉང་སྨད་བསམ་གྲུབ་རྩེའི་རྫོང་དཔོན་འཕྱོངས་རྒྱས་པའི་ལག་ནས་བླངས་ཏེ་རྫོང་དཔོན་མཛད་པ་དང་། འཕྱོངས་རྒྱས་པ་རང་ཡུལ་དུ་བརྫངས་ཟེར།
  • ནོར་བྲང་ཨོ་རྒྱན།
    སྔ་མ་ཡིན་ན་དེ་ཡང་དེ་ཉང་སྨད་བསམ་གྲུབ་རྩེ་ཟེར་ཡས་དེ། དེང་རིང་ཁ་སང་པ་བྱས་ན་གཞི་ཀ་རྩེ་ཟེར་ཡས་དེ་རེད། བསམ་གྲུབ་རྩེའི་རྫོང་དཔོན་དེ་ཡིན་ན་འཕྱོངས་རྒྱས་པའི་ལག་ནས་དཔེར་ན་དབང་ཆ་ཡོད་པ་དེ་འདྲས་རེད་དའི། དེ་ནི་རིན་སྤུངས་པ་ནོར་བཟང་གིས་འཕྱོངས་རྒྱས་པའི་ལག་ནས་བླངས་ཏེ་རྫོང་དཔོན་མཛད་པ་དང་། ད་ག་ནང་བཞིན་འཕྱོངས་རྒྱས་ཡིན་ན་རང་ཡུལ་དུ་བརྫངས། སོ་སོའི་ལུང་པ་བརྫངས་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    གཏེར་སྟོན་ཀུན་སྐྱོང་གླིང་པས། གཏེར་སྟོན་ཀུན་སྐྱོང་གླིང་པས་འོང་། བསྟན་མ་གསོལ་ཞིང་རྗེ་ཡི་མགུར་ལྷ་མཆོད༎ མི་རབས་བཅུ་གསུམ་བར་དུ་མི་རབས་བརྟན༎ ཞེས་པའི་ལུང་བསྟན་བཟང་པོ་མཛད་ཟེར། སྐབས་དེ་ནི་དེ་དུས་གཏེར་སྟོན་སྐྱོང་གླིང་པས། དེ་ནི་ཁྱེད་རང་དཔེར་ན་བསྟན་མ་གསོལ་ཞིང་རྗེ་ཡི་མགུར་ལྷ་དེ་གས་དེ་ལ་མཆོད་པ་བྱས་ན། དེ་ནི་མི་རབས་བཅུ་གསུམ་བར་དུ་མི་རབས་ཡིན་ན་བརྟན་པོ་ཡོང་གི་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་དེ་ནི་དེ་འདྲས་ཀྱི་ལུང་བསྟན་བཟང་པོ་གནང་ང་རེད་ཟེར། དེ་ནི་དགུང་ལོ་ཉི་ཤུ་རྩ་ལྔ་མེ་ལུག་སྤྱི་ལོ་༡༤༢༧ལོར་རོང་བྱམས་ཆེན་གྱི་ཆོས་སྡེ་བཏབ་ཟེར། ཉི་ཤུ་རྩ་བདུན་གྱི་ལོ་ལ་རོང་བྱམས་ཆེན་གྱི་ཆོས་སྡེ་བཏབ་པ་དང་། གཙུག་ལག་ཁང་ཆེན་པོའི་གཞི་བཏིངས་པ་ལོ་ངོ་བདུན་ལ་གྲུབ་ཟེར། 
  • ནོར་བྲང་ཨོ་རྒྱན།
    ད་གཙུག་ལག་ཁང་ཆེན་པོའི་རྨང་གཞི་བཏིངས་པ་ལ་སོགས་པ། རོང་བྱམས་ཆེན་ཟེར་ཡས་དེ་ད། གཞི་ཀ་རྩེའི་ནང་ནས་དགོན་པ་ཡིན་ན་ཆེན་པོ་གཅིག་ཡོའོ་རེད། དེ་ནི་ཁོང་གིས་ས་ལ་ཕྱག་བཏབ་ཟེར་དེ་འདྲས་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཁོང་གས་༼གིས༽གཙུག་ལག་ཁང་ལ་སོགས་པ་དེ་ཚོ་ཡིན་ནའི་ལོ་ངོ་བདུན་ལ་གྲུབ་པ་རེད་ཟེར། བྱམས་ཆེན་ཆོས་སྡེའི་དགེ་འདུན་རྣམས་ལ་དབྱར་དགུན་དང་དཔྱིད་ཆོས་ཀྱི་ཕོགས་སོགས་ཇ་ཚུལ་གྱི་མཐུན་རྐྱེན་གྱ་ནོམ་སྦྱར། དེ་ནི་བྱམས་ཆེན་ཆོས་སྡེའི་དགེ་འདུན་རྣམས་ལ་དེ་ནི་དབྱར་ཆོས་དང་དགུན་ཆོས་དང་། ད་ག་ནང་ལྟར་དཔྱིད་ཆོས་ལ་སོགས་པ་ལ་ཕོགས་དང་ཇ་ཚུལ་ལ་སོགས་པ་དེ་གས་དེའི་མཐུན་རྐྱེན་གྱ་ནོམ་པ་སྦྱར་གནང་ང་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    རིན་སྤུངས་ནོར་བཟང་པ་དགུང་ལོ་དྲུག་བཅུ་རེ་དྲུག་པ་ས་གླང་སྤྱི་ལོ་༡༤༦༩ལོར་བྱམས་ཆེན་ཆོས་སྡེར་གསེར་ཟངས་ལས་གྲུབ་པའི་རྗེ་བཙུན་བྱམས་པའི་སྐུ་བརྙན་ཕལ་པའི་ཐོག་སོ་དགུའི་འོང་། ཐོག་སོ་དགུའི་སྐུ་ཚད་བཞེངས་པ་ལོ་དྲུག་ལ་ལེགས་པར་གྲུབ་པ་བཅས་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    དེ་ནི་རིན་པ་ནོར་བཟང་པས་ད་དུང་ག་རེ་གནང་ཡོའོ་རེད་ཟེར་ན། དེ་ནི་༡༤༦༧ལོ་ལ་བྱམས་ཆེན་ཆོས་སྡེ་ཟེར་མཁན་དེ་རོང་བྱམས་ཆེན་ཆོས་སྡེ་ཟེར་མཁན་དེར་དེ་ནི་གསེར་ཟངས་ལས་གྲུབ་པའི་དེ་ནི་རྒྱལ་བ་བྱམས་པའི་སྣང་བརྙན་སྐུ་ཚད་ལ་དེ་ནི་རྦད་དེ་དེ་ནི་ཐོག་སོ་དགུ་ཡོད་པ་སྤྱིར་བཏང་གི་དེ་ནི་ཐོག་སོ་དགུ་ཡོད་པ་དེ་ནི་དེ་འདྲས་གཅིག་བཞེངས་གནང་བྱས་དེ་ནི་ལོ་དྲུག་ནང་ལ་བཞེངས་གནང་བྱས་དེ་ཚོ་ཡིན་ན། ཡག་པོ་བྱུང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ཙམ་དུ་མ་ཟད་པའི་དེ་ནི་སྐུ་གསུང་ཐུགས་རྟེན་དེ་ནི་རྟེན་མང་དུ་བཞེངས་ཡས་ལ་སོགས་པ་དེ་ཚོའི་གནས་ལ་ཆ་བཞག་ནའི་དེ་ནི་སྐབས་དེ་དུས་རྒྱ་གར་ནས་པཎ་ཆེན་ནགས་ཀྱི་རིན་ཆེན་ཟེར་ཡས་དེ་སྤྱན་དྲངས་ནས་ཨེ་རབ་ཏུ་གནས་པའི་མེ་ཏོག་གཏོར་བ་ཟེར། ད་དེ་འདྲས་གནང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་བཞིན་བྲག་དམར་ཆོས་སྡེ་རྙིང་པའི་འདབས་སུ་དགུང་ལོ་སུམ་ཅུ་སོ་ལྔ་མེ་སྦྲུལ་སྤྱི་ལོ་༡༤༣༧ལོར་སྐྱེད་མོས་ཚལ་གྱི་ཆོས་སྡེའི་གཞི་བཏིངས་ཟེར་ན། དེ་ནི་བྲག་དམར་ཆོས་སྡེ་བཞེངས་པའི་དེ་ནི་སྐྱེད་མོས་ཚལ་གྱི་ཆོས་སྡེའི་ཡིན་ན། གཞི་བཏིངས། སྤྱིལ་པོ་ཟེར་ཡས་དེ་ནི།་དགེ་འདུན་པའི་བཞུགས་སའི་ཁང་པ་དེ་འདྲས་རེད་པ།
  • ནོར་བྲང་ཨོ་རྒྱན།
    བརྒྱ་ལྷག་ཙམ་བརྩིགས་ཏེ་ཐོས་བསམ་སྒོམ་པ་ཚུལ་བཞིན་དུ་བྱེད་པའི་འདུས་གྲྭ་བཙུགས། དེ་ནི་ཐོས་བསམ་སྒོམ་པ་ཚུལ་བཞིན་དུ་བྱེད་པའི་དེ་ནི་འདུས་པའི་དེ་ནི་དགེ་འདུན་གྱི་སྡེ་དེ་འདྲས་བཙུགས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    མདོར་ན་རིས་མེད་པའི་གྲུབ་མཐའ་མཐའ་དག་ཐམས་ཅད་ལ་བསྙེན་བཀུར་བླ་ན་མེད་པ་མཛད་པས་ཆོས་སྲིད་ཀྱི་མཛད་པ་གཞན་ལས་མངོན་པར་མཐོ། ད་ཁོང་རྦད་དེ་མདོར་ན། གཅིག་གི་གྲུབ་མཐའ་རིས་སུ་མ་ཆད་པའི་ཐོག་ལ་བསྙེན་བཀུར་བླ་ན་་མེད་པ་མཛད་པའི་ཆོས་སྲིད་ཀྱི་དེ་ནི་མཛད་པ་བླ་ན་མེད་པའི་དེ་ནི་གཞན་ལས་མངོན་པར་མཐོ་བ་དེ་འདྲས་ཡིན་ན་བྱུང་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ་ནོར་བུ་བཟང་པོའི་དེ་ནི་ལོ་རྒྱུས་དེའི་གསུངས་བའི་ཁ་གཏུག་ལ་བྱས་ན། ཨ་ནི་ཆོས་རྗེ་བསོད་ནམས་གྲགས་པས་དེ་ནི་རྒྱལ་རབས་འཕྲུལ་གྱི་ལྡེ་མིག་ཏུ། གང་གསུངས་ཡོའོ་རེད་ཟེར་ན། ཆོས་རྗེ་ངོར་ཆེན་པས་རིན་སྤུངས་ནོར་བཟང་པ་ལ། རྗེ་དགེ་འདུན་གྲུབ་ཀྱིས་བཀྲིས་ལྷུན་པོའི་དགོན་པ་འདེབས་པ་འགོག་དགོས་ཚུལ་གསུངས་པ་ནི་ངག་རྒྱུན་མ་དག་པའི་འཆལ་གཏམ་གཏད་སོ་མེད་པ་ཞིག་བྲིས་པར་སྣང་སྟེ། ཟེར་ཡས་དེ་ཡང་།
  • ནོར་བྲང་ཨོ་རྒྱན།
    གང་འདྲས་རེད་ཟེར་ན། ཆོས་རྗེ་བསོད་ནམས་གྲགས་པས་པཎ་ཆེན་བསོད་ནམས་གྲགས་པས་དེ་ནི་རྒྱལ་རབས་འཕྲུལ་གྱི་མེ་ལོང་ནང་ལ་གང་འདྲས་གསུངས་ཡོའོ་རེད་ཟེར་ན། དེ་ནི་ཆོས་རྗེ་ངོར་ཆེན་པས་རིན་སྤུངས་ནོར་བཟང་པ་ལ་གཅིག་གི་རྗེ་དགེ་འདུན་གྲུབ་པ་ལ་བཀྲ་ཤིས་ལྷུན་པོ་འདེབས་ཡས་ཀྱི་ཨེ། འདེབས་ཡས་ཀྱི་ཨེ་བཀག་དགོས་ཀྱི་རེད་བྱས་ནས་དེ་འདྲས་ཡོའོ་རེད་བྱས་ནས་གསུངས་ཡོའོ་རེད། དེ་འདྲས་གསུངས་ཡོའོ་རེད་ཟེར། 
  • ནོར་བྲང་ཨོ་རྒྱན།
    ཁོང་གིས་གསུངས་ཡས་ལ་བྱས་ན་རིན་སྤུངས་ནོར་བཟང་དེ་ཕལ་ཆེར་དེའི་ཁོངས་གཏོགས་རེད་པ། གང་ཟེར་དགོས་རེད་པས། འོང་། དེ་ལ་གཞི་ཀ་རྩེ། ད་ལྟ་བསམ་གྲུབ་རྩེའི་རྫོང་དཔོན་གནང་བ་འི་བཟོ་འདྲ། དེ་འདྲས་བཟོ་འདྲ་པོ་གཅིག་གསུངས་ཡོའོ་རེད་པ།
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་དེ་འདྲས་གསུངས་པ་ལ་བརྟེན་ནས། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོ་འདེབས་སྐབས། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོ་འདེབས་སྐབས། བསམ་འགྲུབ་རྩེའི་རྫོང་དཔོན་ནི་འཕྱོངས་རྒྱས་པ་ཧོར་དཔལ་འབྱོར་བཟང་པོ་ཡིན་ཞིང་། སྐབས་དེ་དུས་དེ་ནི་བཀྲ་ཤིས་ལྷུན་པོ་འདེབས་པའི་ཁ་གཏུག་ལ་ཡིན་ན། ད་དངོས་གནས་བྱས་ན་གང་འདྲས་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    བསམ་འགྲུབ་རྩེའི་རྫོང་དཔོན་དེ་ཡིན་ན། རིན་སྤུངས་ནོར་བཟང་དེ་འདྲས་མ་རེད་ཟེར། ཨ་ནི་བསམ་འགྲུབ་རྩེའི་རྫོང་དཔོན་ནི་འཕྱོངས་རྒྱས་པ་ཧོར་དཔལ་འབྱོར་བཟང་པོ་ཡིན་ཟེར། འཕྱོངས་རྒྱས་པ་དཔལ་འབྱོར་བཟང་པོ་ཡིན་ཞིང་ཟེར།
  • ནོར་བྲང་ཨོ་རྒྱན།
    འོང་། དཔལ་འབྱོར་བཟང་པོ་འདི་ཉིད་ཀྱིས་ཧོར་དཔལ་འབྱོར་བཟང་པོ་དེ་ཉིད་ཀྱིས་དེ་ནི་གཅིག་གི་རྗེ་དགེ་འདུན་གྲུབ་ཀྱི་བཀྲ་ཤིས་ལྷུན་པོ་འདེབས་པའི་སྦྱིན་བདག་གི་མཐིལ་ལེན་མཛད་པར་འོང་། ཧོར་འཕྱོངས་རྒྱས་པ་དཔལ་འབྱོར་བཟང་པོ་དེ་ཉིད་ཀྱིས་ཡིན་ན། དེ་ནི་རྗེ་དགེ་འདུན་གྲུབ་པ་ལ་ཨ་ནི་སྦྱིན་བདག་གནང་བྱས། ཨ་ནི་བཀྲ་ཤིས་ལྷུན་པོ་འདེབས་པའི་སྦྱིན་བདག་གནང་བྱས། སྦྱིན་བདག་གི་མཐིལ་ལེན་མཛད་པ་དེ་ནི་མིང་ཙམ་གྱི་མཁས་པའི་གྲགས་སུ་འདྲེན་འོས་མ་ཡིན་པ་དེ་ནི་མཁས་པའི་གྲགས་པ་ཡིན་ན་དོན་དང་མཐུན་པ་པཎ་ཆེན་བྱསམ་པ་གླིང་པ་བསོད་ནམས་རྣམ་པར་རྒྱལ་བས་མཛད་པའི་སྡེ་ཡར་རྒྱབ་ཀྱི་གདུང་རབས་ན་གསལ་བར་གསུངས་སོ།
  • ནོར་བྲང་ཨོ་རྒྱན།
    ད་དེ་འདྲས་ཀྱི་དཔེར་ན་ཁོང་གི་མཛད་རྗེས་བསམ་གྱིས་མི་ཁྱབ་པ་ཡོད་པ་དེ་གས་དེ་ཡིན་ན། འདིར་གསུངས་སོ་ཟེར། གང་ཟེར། པཎ་ཆེན་བྱམས་པ་གླིང་པ་བསོད་ནམས་རྣམ་པར་རྒྱལ་བས་མཛད་པའི་སྡེ་པ་ཡར་རྒྱབ་ཀྱི་གདུང་རབས་ན་གསལ་བར་གསུངས་སོ། ཟེར།
  • ནོར་བྲང་ཨོ་རྒྱན།
    འོང་། ད་རིན་སྤུངས་ནོར་བཟང་པའི་དེ་ལ་སྲས་ག་ཚོད་བྱུང་བ་ཡིན་ན། ཨུ་པ་སི་ཀ་དང་། ཀུན་ཏུ་བཟང་པོ། དོན་གྲུབ་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཤཱཀྱ་རྒྱལ་མཚན་དང་ལྔ་འཁྲུངས་པ་རེད་ཟེར། འོང་།
  • ནོར་བྲང་ཨོ་རྒྱན།
    དཔོན་ཨུ་པ་སི་ཀ་ཆུང་ཆུ་ནི་ཟེར་ན་ད་ཁོང་གི་སྲས་འབྲིང་བ་དེ་ཨུ་པ་སི་ཀ་ཟེར་མཁན་དེ་ཆུང་ཆུ་ནས་བཤགས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    འོང་། ཀུན་ཏུ་བཟང་པོས་དབང་གྲགས་པ་འབྱུང་གནས་དང་། སྐུ་མཆེད་དབང་ཀུན་དགའ་ལེགས་ཀྱི་ཞབས་ལ་གཏུགས་པས་ཁོང་ཡབ་མེས་ཀྱི་འཇའ་ས་དང་ལས་ཀ་གནང་སྟེ། རིན་སྤུངས་ཀྱི་རྫོང་དཔོན་མཛད། ད་ཀུན་ཏུ་བཟང་པོས་ཡིན་ན་དབང་གྲགས་པ་རྒྱལ་མཚན། དབང་གྲགས་པ་འབྱུང་གནས་ཕག་གྲུའི་དབང་གྲགས་པ་འབྱུང་གནས་དང་། སྐུ་མཆེད་དབང་ཀུན་དགའ་ལེགས་ཀྱི་ཞབས་ལ་གཏུགས་པས། ཁོང་ཡབ་མེས་ཀྱི་འཇའ་ས་དང་ཁོང་ལ་སྔ་མ་ལྟར་གྱི་རིན་སྤུངས་ཀྱི་དེ་ནི་ཡབ་དང་མེས་པོའི་ཐོག་ལ་འཇའ་ས་བྱུང་བ་ནང་ལྟར་དང་ད་ག་ནང་ལྟར་རིན་སྤུངས་རྫོངས་ཀྱི་ལས་ཀ་དེ་མུ་་མཐུད་རིན་སྤུངས་ཀྱི་རྫོང་དཔོན་མཛད་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེའི་སྐབས་དཔལ་ལྡན་ས་སྐྱ་པའི་རིང་ལུགས་འཛིན་པ་ཀུན་མཁྱེན་སངས་རྒྱས་འཕེལ་དང་། གོ་བོ་རམ་འབྱམས་པ་བསོད་ནམས་སེང་གེ་གཉིས་དང་མཆོད་ཡོན་དུ་འབྲེལ་ཏེ་སྐྱེད་མོས་ཚལ་གྱི་དགོན་པར་བཤད་གྲྭ་བཙུགས་ཤིང་། རྟ་ནག་ཐུབ་བསྟན་རྣམ་རྒྱལ་གྱི་དགོན་པ་འདེབས་པའི་མཐུན་རྐྱེན་མཛད།ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་ཁོང་གིས་དེ་ཡིན་ན། ཀུན་ཏུ་བཟང་པོས་གཅིག་གི་ད་རིན་སྤུངས་རྫོང་དཔོན་གནང་བའི་སྐབས་ལ་གང་གནང་བ་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    ཨ་ནི་དཔལ་ལྡན་ས་སྐྱ་པའི་རིང་ལུགས་འཛིན་པ། དེ་ནི་ས་སྐྱའི་རིང་ལུགས་འཛིན་པ་དེ་ནི་ཀུན་མཁྱེན་སངས་རྒྱས་འཕེལ་དང་གོ་བོ་རམ་པ། ཀུན་མཁྱེན་གོ་རམ་པ་བསོད་ནམས་སེང་གེ་ལ་ཨ་ནི་མཆོད་ཡོན་གྱི་འབྲེལ་བྱས་རེད་པ། འབྲས་ཡུལ་སྐྱེད་མོས་ཚལ་གྱི་དགོན་པར། དགོན་པའི་ནང་ལ་བཤད་གྲྭ་བཙུགས་པ་རེད་པ། བཤད་གྲྭ་བཙུགས་ད་ག་ནང་ལྟར་རྟ་ནག་ཐུབ་བསྟན་རྣམ་རྒྱལ་གླིང་དགོན་པ་ལ་ཡིན་ན་རྟ་ནག ཐུབ་བསྟན་རྣམ་རྒྱལ་གླིང་ཟེར་ཡས་དེ་ལ་རྟ་ནག་ཁོ་ཡོད་པའི་ཨེ་ས་ལུགས་དགོན་པ་ཆེ་ཤོས་གཅིག་རེད། དེའི་དགོན་པོ་དེར་མཐུན་རྐྱེན་ཡིན་ནའི་མཛད་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    འོང་སྲས་དོན་གྲུབ་རྡོ་རྗེས་གཞི་ཀ་བསམ་གྲུབ་རྩེའི་རྫོང་དཔོན་གྱི་ལས་ཀ་བཟུང་བ་དང་། ཨ་དེ་ནི་སྲས་དོན་གྲུབ་རྡོ་རྗེས་གཞི་ཀ་བསམ་གྲུབ་རྩེའི་ལས་ཀ་བཟུང་བ་དང་། མ་སངས་མཚོ་སྐྱེས་རྡོ་རྗེས་ཆུ་རྟ་སྤྱི་ལོ་མ་སངས་ཆུ་སྐྱེས་རྡོ་རྗེ་ཞུ་ཡས་དེ་ཆུ་རྟ་སྤྱི་ལོ་༡༤༦༢ལོར་འཁྲུངས་བ་དེ་འདྲས་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ས་དེའི་དཔུང་སྟོབས་ལ་བརྟེན་ནས་དེ་ནི་ད་རིན་སྤུངས་པ་ད་དཔུང་སྟོབས་ལ་བརྟེན་ནས་ག་རེ་བྱས་པ་རེད་ཟེར་ན། ཡར་ཀླུངས་མཁར་ཐོག་གི་རྫོང་བཟུང་ཞིང་། ཟེར། ཡར་ཀླུངས་ཟེར་ན་ད་རྦད་དེ་ལྷོ་ཁ་ངོགས་པ་བྱས་ནས། ཨ་ནི་ཡར་ཀླུངས་མཁར་ཐོག་གི་རྫོང་བཟུང་ཞིང་། 
  • ནོར་བྲང་ཨོ་རྒྱན།
    སྣེ་གདོང་སྡེ་སྲིད་དང་སྤྱན་སྔ་དཔལ་ངག་གི་དབང་ཕྱུག སྣེ་གདོང་སྡེ་སྲིད་དང་། སྤྱན་སྔ་དཔལ་ངག་གི་དབང་ཕྱུག་སྐུ་གཤེགས་ཁར་གདུང་སྲས་ངག་དབང་བཀྲ་ཤིས་གྲགས་པ་དགུང་ལོ་གསུམ་ལས་མ་སོན་པས་སྤྱན་སྔའི་ཁུར་བཞེས་དང་ཟེར།
  • ནོར་བྲང་ཨོ་རྒྱན།
    སྐབས་དེ་དུས་ད་ཨེ་སྣེ་གདོང་ལ་ཆ་བཞག་ནའི་ཨ་སྤྱན་སྔ་བ་དཔལ་ངག་གི་དབང་ཕྱུག་སྐུ་གཤེགས་པ་དང་དེ་ནི་གདུང་སྲས་ངག་གི་དབང་ཕྱུག་ ངག་དབང་བཀྲ་ཤིས་གྲགས་པ་ཡིན་ན་དགུང་ལོ་གསུམ་ལས་མ་ལོན་པ་དེ་ནི། ཨ་གང་ཟེར་དགོས་རེད་པས། སྣེ་གདོང་གི་གཅིག་གི་གདུང་སྲས་སོགས་ཉག་ཕྲ་བའི་གནས་དུས་ཙམ་པའི་ཁ་གཏུག་ལ། དེ་ནི་སྐབས་དེ་དུས་ད་སྡེ་སྲིད་ཀྱི་ལར་རྒྱ་མི་འཕྱུག་པ་སྤྱན་སྔ་ཆོས་ཀྱི་གྲགས་པས་མཛད་རྒྱུ་ཞལ་བཞེས་ལྟར། སྐབས་དེ་དུས་དེ་ནི་སྡེ་སྲིད་ཀྱི་ལ་རྒྱ་དེ་ནི་མི་འཕྱུག་པ་སྤྱན་སྔ་ཆོས་ཀྱི་གྲགས་པས། མཛད་རྒྱུ་ཡིན་ན་ཞལ་བཞེས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་ངག་གི་དབང་པོ་སྐུ་གཤེགས་རྗེས། གདུང་བརྒྱུད་སྐུ་ན་ཆེས་ཕྲ་བས་ཕོ་བྲང་སྣེའུ་གདོང་རྩེར་དཔོན་ཚབ་ཀྱི་ཐེལ་གཏོང་སྟེ་ཟེར། ད་སྐབས་དེ་དུས་ད་གདུང་སྲས་དགུང་ལོ་ཆུང་ཆུང་བྱེད་དུས་ཙམ་པ། ད་སྲིད་འཛིན་པ་གནང་ཡས་དང་དེ་འདྲས་ཀྱི་གཅིག་གི་ཁུར་ཟེར་ན། ནུས་པ་འདྲ་པོ་དེ་མེད་པ་བྱེད་དུས་ཙམ་པ་དེའི་ཁ་གཏུག་དེར་དཔོན་ཚབ་ཐེལ་གཏོང་ཟེར་ཡས་གཅིག་ད་གང་ཟེར་དགོས་རེད་པས།
  • ནོར་བྲང་ཨོ་རྒྱན།
    སྣེ་གདོང་གི་དཔེར་ན། ཨེ་ཁྲི་དཔོན་གྱི་ཚབ་དེ་དཔོན་ཚབ་ཐེལ་གཏོང་ཟེར་ཡས་གཅིག་བྱུང་བ་རེད་ཟེར། དཔོན་ཚབ་ཐེལ་གཏོང་ཟེར་ཡས་གཅིག ལྕགས་ཕག་སྤྱི་ལོ་༡༤༩༡ནས་ལོ་དགུའི་རིང་རིན་སྤུངས་མཚོ་སྐྱེས་རྡོ་རྗེས་དཔོན་ཚབ་ཐེལ་གཏོང་ཞེས་བྱ་བ་མཛད་པ་དོན་ལ་ཕག་མོ་གྲུ་པའི་སྲིད་ཀྱི་ཁ་ལོ་བསྒྲུར།ཟེར།
  • ནོར་བྲང་ཨོ་རྒྱན།
    དེའི་སྐབས་སུ་དོན་དུ་བྱས་ན། དཔོན་ཚབ་ཐེལ་གཏོང་ཟེར་ནའི་གང་ལྟར་ཁྱོན་སྐབས་དེ་དུས་དེ་ནི་སྣེ་གདོང་པས་རྦད་དེ་གདུང་སྲས་ཚོ་སྐུ་ན་ཕྲ་བའི་ཁ་གཏུག་ལ་ཆ་བཞག་ན། དེ་ནི་རིན་སྤུངས་དེའི་གི་གང་ཟེར། མཚོ་སྐྱེས་རྡོ་རྗེས་དཔོན་ཚབ་རིན་སྤུངས་དཔོན་ཚབ་ཐེལ་གཏོང་ཟེར་མཁན་དེ། ལོ་དགུའི་ནང་ལ་མཛད་ན་ཡང་དོན་ལ་ཕག་མོ་གྲུ་པས་སྲིད་ཀྱི་ཁ་ལོ་བསྒྱུར་རིན་སྤུངས་བསྒྱུར་དེ་ནི་དེ་འདྲས་གཅིག་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    རིན་སྤུངས་མཚོ་སྐྱེས་རྡོ་རྗེས་དཔོན་ཚབ་ཐེལ་གཏོང་དབང་བསྒྱུར་བྱེད་རིང་ཕག་གྲུའི་བློན་པོ་གཞན་ལ་གྲོས་འདྲི་སོགས་མེད་པར་རང་འདོད་ཁོ་ནས། སྲིད་དབང་བསྒྱུར་པར་བརྟེན། མཚོ་སྐྱེས་རྡོ་རྗེ་དེ་ནི་དཔོན་ཚབ་ཐེལ་གཏོང་བྱེད་པའི་ཁ་གཏུག་ལ་དེ་ནི་ཕག་གྲུའི་བློན་པོ་ད་དེ་ནི་མང་པོ་ཡོད་པ་ལ་སོགས་པ་ཨོའོ་དེ་ཚོ་ལ་ཁྱོན་ནས་ཨེ་གྲོས་ཐོག་ལ་མེད་པ་སོ་སོས་ཁོ་ནས་རང་འདོད་ཁོ་ནས་སྲིད་དབང་བསྒྱུར། བསྐྱངས་པ་ལ་བརྟེན་ནས་དེ་ནི། ཕག་གྲུའི་བློན་པོ་གཞན་དག་རྣམས་མ་མགུ་བས་སྡེ་གཟར་ཡང་ཡང་བྱུང་།
  • ནོར་བྲང་ཨོ་རྒྱན།
    དེ་ནི་ཕག་གྲུའི་བློན་པ་ཨོ་གཞན་དག་ཡིན་ནའི་བློ་ལ་འབབ་པ་མ་བྱུང་བའི་རྐྱེན་གྱིས་དེ་འདྲས་ཡིན་དུས་ཙམ་པ་དེ་ནི། ཕན་ཚུན་གྱི་ད་ནང་འཁྲུང་བཟོ་འདྲ་སྡེ་གཟར་དེ་འདྲས་དེ་ནི་དམག་འཁྲུག་དེ་འདྲས་ཡིན་ནའི་ཡང་ཡང་བྱུང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    རིན་་སྤུངས་པའི་དཔུང་སྟོབས་ལ་འགྲན་མ་ཐུབ་མ་བྱུང་བས་འོང་། དེ་འདྲས་ཀྱི་ད་སྡེ་གཟར་ཡང་ཡང་བྱུང་པ་ཡིན་ནའི་དེ་ནི་དེ་རིན་སྤུངས་ཀྱི་དཔུང་སྟོབས་དེ་ཆེ་དེ་འདྲ་པོ་ཆེ་འགྲོ་དུས་ཙམ་པ་གཞན་དག་གས་༼གིས༽འགྲན་མ་ཐུབ་པ་བྱས་བྱས། དེ་ནི་རིན་སྤུངས་པའི་སྟོབས་ཤུགས་དེ་དེ་ནི་ཇེ་ཆེར་སོང་བས་ལས། དེ་ནི་ཇེ་ཆེར་སོང་ཞིང་། དེ་ནི་དབུས་གཙང་ཡོངས་ལ་་དབང་བསྒྱུར་བྱེད་ཐུབ་པའི་རྨང་གཞི་ཆགས། བྱས་ཙང་དེ་ནི་སྟོབས་ཤུགས་དེ་འདྲས་རིམ་པས་རིམ་པས་ཇེ་ཆེར་ཕྱིན་ནས། རེད་པ། སོ་སོའི་ཁ་གཏད་དེ་ཚོ་རིམ་པས་རིམ་པས་མེད་པ་བཟོས་བྱས། ཨ་ནི་སོ་སོའི་དཔུང་ཤུགས་དེ་ཆེ་རུ་ཇེ་ཆེར་ཇ་ཆེར་ཕྱིན་ཤིང་དེ་ནི་མཐའ་མ་དེ་ནི་དབུས་གཙང་ཡོངས་པ་དབང་བསྒྱུར་བྱེད་ཐུབ་པའི་དེ་ནི་རྨང་གཞི་དེ་འདྲས་ཆགས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    འོང་ལྷག་པར་རིན་སྤུངས་པའི་བརྟེན་ཡུལ་ཀརྨ་ཞྭ་དམར་བ་ཆོས་གྲགས་ཡེ་ཤེས་དང་། ཟེར། ལྷག་པར་དེ་ནི་རིན་སྤུངས་པས་བརྟེན་ཡུལ་རེད་པ་ཀརྨ་ཞྭ་དམར་ཆོས་གྲགས་ཡེ་ཤེས་དང་། ཀརྨ་ཞྭ་ནག་པ་ཆོས་གྲགས་རྒྱ་མཚོའི་ཐུགས་ཞེན་གྱི་དབང་དུ་སོང་སྟེ། ཟེར། སྐབས་དེ་དུས་དེ་ནི་ཞྭ་དམར་པ་ཆོས་གྲགས་ཡེ་ཤེས་དང་ཞྭ་ནག་པ་ཆོས་གྲགས་རྒྱ་མཚོའི་ཐུགས་ཞེན་གྱིས། ད་ཁོང་རྣམ་གཉིས་ཀྱི་གྲུབ་མཐའ་ཕྱོགས་ཞེན་ད་བཀའ་བརྒྱུད་པའི་ཕྱོགས་ཞེན་དབང་དུ་སོང་ནས། དགེ་ལུགས་པའི་གྲུབ་མཐའ་འཛིན་པ་རྩེད་ཐང་ནས་ཚོགས་པར་རྩེད་ཐང་ཚོགས་པར་ཞྭ་སེར་སྤངས་ནས། ཞྭ་མོ་དམར་པོ་གྱོན་པའི་ཁྲིམས་བསྒྲགས་པ་དང་། ཟེར།
  • ནོར་བྲང་ཨོ་རྒྱན།
    རྩེད་ཐང་ཚོགས་པ་ཟེར་མཁན་གཅིག་ཡོའོ་རེད་པ། ཚོགས་གཅིག་ཟེར་ཡས་ཀྱི་ནང་ཚན་རྩེད་ཐང་ཚོགས་པ་ཟེར་ཡས་དེ་་ཡིན་ན། ཞྭ་སེར་སྤངས་ནས་དགེ་པ་རེད་དའི་དགེ་པ་ཟེར་མཁན་དེ། དཔེར་ཆ་བཞག་ན་ཞྭ་སེར་གྱི་བསྟན་པ་ཟེར་ཡས་དེ་ཞྭ་མོ་དེ་སེར་པོ་གཅིག་གྱོན་གྱི་ཡོའོ་རེད་པ། ཡིན་ན་དེ་ནི་་ཞྭ་སེར་སྤངས་ནས་ཞྭ་མོ་དམར་པོ་གྱོན་དགོས་པའི་དེ་ནི། ཁྲིམས་བསྒྲགས་པ་དང་ཟེར། གཙོ་བོ་དཔེར་ན་དེ་ནི་དགེ་ལུགས་པའི་གྲུབ་མཐའ་དེ་བཞག་ནས་དཔེར་ན། བཀའ་བརྒྱུད་པའི་གྲུབ་མཐའ་བྱེད་དགོས་ཡས་ཟེར་ཡས་དེ། དེ་འདྲས་ཀྱི་ཁྲིམས་བསྒྲགས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    རབ་བྱུང་བརྒྱད་པའི་ས་རྟ་སྤྱི་ལོ་༡༤༩༨ནས་བཟུང་སྟེ་ལྷ་ས་སྨོན་ལམ་ཆེན་མོར། ད་སྐབས་དེ་དུས་དེ་ནི་དེ་ཙམ་མ་སླེབས་པའི་བར་ལ། རྩེད་ཐང་ཚོགས་པ་ལ་ཆ་བཞག་ནའི་ཞྭ་མོ་སེར་པོ་གྱོན་མི་ཆོག་པ་དེ་ནི་ཞྭ་མོ་དམར་པོ་གྱོན་དགོས་ཡས་ཀྱི་དེ་ནི་ཁྲིམས་བསྒྲགས་པ་དང་། དེ་ཙམ་མ་ཟད་པའི་ལྷ་ས་སྨོན་ལམ་ཆེན་མོར་ཡིན་ནའི་སྔར་ཡིན་ན། སེ་འབྲས་དགའ་གསུམ་གྱི་དེ་ནི་མུ་མཐུད་གཞུག་མོས་བྱས་བྱས་དེ་འདྲས་རེད། གཙོ་བོ་ཐོག་ནས་ད་སེ་འབྲས་དགའ་གསུམ་བྱས་པ་དེ་འདྲས་ཀྱི་དགོན་སྡེ་ཁག་མང་པོ་ནས་ཕེབས་ཀྱི་ཡོའོ་རེད་པཱ། དེ་འདྲས་ཡིན་དུས་ཙམ་པ་དེ་ནི། ཁོང་གིས་ཡིན་ན་གང་འདྲས་བྱས་པ་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    མཚོ་སྐྱེས་རྡོ་རྗེས་ཡིན་ན་རྦད་དེ་ལྷ་ས་སྨོན་ལམ་ཆེན་མོར་ལ་ཡིན་ནའི་དེ་ནི་སེ་འབྲས་ཀྱི་དགེ་འདུན་ཚོ་ཡིན་ནའི་གཞུག་མ་ཆོག་པ་དེ་ནི་ཁྲིམས་དེ་འདྲས་བཟོས་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    བཟོས་པ་ཟེར་ནའི། བཟོས་ནས་ད་ལོ་ཉི་ཤུའི་རིང་ལ་ཡིན་ན། དེ་ནས་ལོ་ཉི་ཤུའི་རིང་ལ་ལྷ་སའི་ཉེ་འདབས་ཀྱི་བཀའ་བརྒྱུད་པ་དང་། ས་སྐྱ་པ་སོགས་དགོན་ཁག་གི་དགེ་འདུན་པ་ཚོས་ཨེ་དེའི་རིང་ལོ་ཉི་ཤུ་ཙམ་གཅིག་གི་རིང་། ཉེ་འདབས་ཀྱི་བཀའ་བརྒྱུད་པ་དང་། ས་སྐྱ་པ་སོགས་དགོན་ཁག་གི་དགེ་འདུན་པ་ཚོས་ལྷ་ས་སྨོན་ལམ་འོང་། ལྷ་སའི་སྨོན་ལམ་ཚོགས་པ་དང་། སོགས་བཀའ་དགེ་གྲུབ་མཐའི་འཐེན་འཁྱེར་གྱིས་དབུས་གཙང་ཡོངས་ལ་མི་བདེ་པ་ཆེན་པོ་མང་པོ་བྱུང་བ་མ་ཟད། ཟེར་ན།
  • ནོར་བྲང་ཨོ་རྒྱན།
    ད་སྐབས་དེ་དུས་དེ་འདྲས་བྱེད་དུས་ཙམ་པ། ལོ་ཉི་ཤུའི་རིང་ལ་དེ་ནི་ལྷ་སའི་སྨོན་ལམ་ཆེན་མོར་ཡིན་ནའི་དགེ་ལུགས་པ་གཞུག་མ་ཐུབ་པ་ལ་སོགས་པ་དེ་འདྲས་ཀྱི་དེ་ནི་བཀའ་བརྒྱུད་དང་། དགེ་ལུགས་པའི་བར་པ་ཡིན་ན་དེ་ནི་ཕྱོགས་ཞེན་གྱི་རྦད་དེ་འཐབ་རྩོད་ཡིན་ནའི་འཐེན་འཁྱེར་གྱི་ཡིན་ནའི་ཞེ་དྲག་མང་པོ་བྱུང་། བྱུང་ཡོང་དུས་ཙམ་པ་དེ་ནི། ཨེ་བཀའ་བརྒྱུད་པའི་ཕྱོགས་ཡིན་ནའི་རེད། དགེ་ལུགས་ཕྱོགས་ཡིན་ནའི་རེད། དེ་ཚོ་གཉིས་བཀའ་དགེ་གཉིས་ཀྱི་ཕྱོགས་ལ་དེ་ནི་དམག་འཁྲུག་རྒྱག་ཡས་ལ་སོགས་པ། ཨ་ནི་དབུས་གཙང་ཡོངས་ལ་དེ་ནི། མི་བདེ་བ་མང་པོ་བྱུང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ་སྡེ་སྲིད་ཕག་མོ་གྲུ་པའི་སྲིད་འབྱོར་ཇེ་སྡུག་ཇེ་ཞན་དུ་འགྲོ་བ་ལས་ཕན་པ་གང་ཡང་བྱུང་མེད། དེ་ཙམ་མ་ལབ་པའི་ད། སྡེ་སྲིད་ཕག་མོ་གྲུ་པའི་དེ་ནི་སྲིད་ཀྱི་འབྱོར་པ་ལ་ཆ་བཞག་ན། ཇེ་སྡུག་ཇེ་ཞན་དུ་འགྲོ་བ་ལས་དེ་ནི་ཕན་པ་དེ་འདྲས་བྱུང་ཡོའོ་མ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    གཅིག་ནས་སྐབས་དེ་དུས་གཙོ་བོ་རྦད་དེ་རིན་སྤུངས་བ་དབང་བསྒྱུར་བྱས་ནས་རེད་པ། སྡེ་སྲིད་ཕག་མོ་གྲུ་པའི་སྲིད་འབྱོར་དེ་དེ་ཡིན་ན། འོང་ཇེ་སྡུག་ཇེ་ཞན་ལ་ཕྱིན་པ་དེ་འདྲས་རེད། ཟེར། 
  • ནོར་བྲང་ཨོ་རྒྱན།
    ཤཱཀྱ་རྒྱལ་མཚན་གྱིས་ཉང་ཁོག་གི་རྫོང་གཞིས་སུ་བཞུགས་ནས་བདག་པོ་རྒྱལ་མཁར་རྩེ་པ་གཟེར་བ་སོགས་ཟེར། དེ་ནི་ཤཱཀྱ་རྒྱལ་མཚན་གྱིས་བདག་པོ་ཤཱཀྱ་རྒྱལ་མཚན་གྱི་དེ་ནི་སྣེ་གདོང་ཤཱཀྱ་རྒྱལ་མཚན་གྱི་དེ་ནི་ཉང་ཁོག་གི་རྫོང་གཞིས་སུ་བཞུགས་ནས་བདག་པོ་ཤཱཀྱ་རྒྱལ་མཚན་གྱི་དེ་ནི། ཤཱཀྱ་རྒྱལ་མཚན་གྱིས་བཞུགས་ནས་དེ་ནི། བདག་པོ་རྒྱལ་མཁར་རྩེ་པ་རྩེ་བ་སོགས་དགྲ་ཐབས་ཀྱི་བྱ་བ་ལ་མཁས་པ་ཟེར། ད་དེ་ཤཱཀྱ་རྒྱལ་མཚན་ཟེར་མཁན་དེ་གང་འདྲས་རེད། ཟེར། ཤཱཀྱ་རྒྱལ་མཚན་ཟེར་མཁན་དེ་ད་ལྟ་དེ་གཅིག་རེད་པ། དེ་ཡིན་ན། རིན་སྤུངས་ནོར་བཟང་པའི་སྲས་ཆུང་ཤོས་དེ་རེད་པ། ཤཱཀྱ་རྒྱལ་མཚན་ཟེར་མཁན་དེ་ཡིན་ན། ཉང་ཁོག་གི་རྫོང་གཞིས་སུ་བཞུགས་ནས། དེ་ནི་བདག་པོ་རྒྱལ་མཁར་རྩེ་པ། རྒྱལ་མཁར་རྩེ་པ་ཟེར་ཡས་དེ་སྐབས་དེ་དུས་རྒྱལ་མཁར་རྩེ་པ་རང་རིན་སྤུངས་ཁོངས་ལ་གཏོགས་ཡོའོ་མ་རེད་པ། ཡིན་ནའི་བདག་པོ་རྒྱལ་མཁར་རྩེ་པ་དེ་ཡིན་ན། རྩེ་པ་ལ་སོགས་དགྲ་ཐབས་ཀྱི་བྱ་བ་ལ་དེ་ནི་རྦད་དེ་དམག་བརྒྱབ་ཡས་ཐོག་ལ་ཤིན་ཏུ་མཁས་པ་ཡོའོ་རེད་ཟེར་ཡས་ཀྱི་དེ་ན་ཡོངས་གྲགས་ཡིན་ནའི་བྱས་པ་བྱུང་བ་རེད། ཟེར། འོང་དེ་འདྲས་ཀྱི་བཤད་སྲོལ་ཡོའོ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་དུམ་བུ་དེ་འདྲས་བྱས་སོང་། ལགས།