Video Overview
In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.
- Sakya
- Latö
- Lhasa
- India
- China
- Mongolia
- Ü
- Tsang
- ནོར་བྲང་ཨོ་རྒྱན།དཱ། ས་སྐྱའི་གནས་ཚུལ་དེ་རེད་པ།
- ནོར་བྲང་ཨོ་རྒྱན།དེ་ཡིན་ན་དཱ། དེ་ཡང་རྗེ་བཙུན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ཀྱི་རིགས་ཟེར་ན།
- ནོར་བྲང་ཨོ་རྒྱན།ཀུན་དགའ་བཟང་པོ་དེ་ཉིད་ཀྱི་རིགས་ནི། གནམ་ནས་ལྕེ་རིང་། གཡུ་རིང་། གཡུ་བསེ་མཆེད་གསུམ་ལས། དེ་འདྲས་གནམ་གྱི་ཐོག་ནས་དེ་ནི་ལྕེ་རིང་ཟེར་མཁན་གཅིག གཡུ་རིང་ཟེར་མཁན་གཅིག གཡུ་བསེ་ཟེར་མཁན་གཅིག་སྐུ་མཆེད་གསུམ་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེའི་དེ་ནི་ཆུང་བའི་དེ་ནི་མིའི་རྗེ་བོ་མཛད་ནས་དེ་ནི། གཡུ་བསེ་བྱི་ལ་སྤུན་བཞི་བྱུང་བ་ཟེར། གཡུ་བསེ་བྱི་ལ་དེ་ནི་སྤྱུན་བཞི་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།འདོང་གི་རུས་ཆེན་བཅོ་བརྒྱད་དང་འཁྲུགས་་པའི་དེ་ནི་སྐབས་དེ་་དུས་ད་འདོང་གི་རུས་ཆེན་བཅོ་བརྒྱད་ཟེར་ཡས་དེ་དང་ཕར་ཚུར་འཁྲུགས་པ་ཤོར་བྱས་བྱུང་བའི་རྣམས་ལ། གཡུ་རིང་གིས་རོགས་མཛད་ཏེ། བཏུལ་ནས་བྲན་དུ་བཀོལ། རྣམས་ལ་དེ་ནི་གཡུ་རིང་གིས་རོགས་བྱས་ནས། ཨ་ནི་ད་ལྟ་འདོང་གི་རུས་ཆེན་བཅོ་བརྒྱད་དང་འཁྲུགས་པའི་ཐོག་དེ་ནི་བྲན་དུ་བཀོལ་ཟེར།
- ནོར་བྲང་ཨོ་རྒྱན།གཡུ་རིང་གིས་རྨུའི་བུ་མོ་གཡུ་ས་ལྡེམ་ཁབ་ཏུ་བཞེས་པར་སྲས་མ་སངས་སྤུན་བདུན་བྱུང་བས་དེ་ནི་གཡུ་རིང་གི་བུ་མོ་རྨུའི་བུ་མོ་གཡུ་ས་ལྡེམ་ཁབ་ཏུ་པར། ཁབ་ཏུ་བཞེས་ཟེར་ན།མནའ་མ་ལ་བཞེས་པ་དེ་སྲས་མ་སངས་སྤུན་བདུན་ཟེར་ཡས་གཅིག་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེའི་ཆེ་བ་དྲུག་དང་དེ་ནི། ཡབ་དེ་ནི་འོང་། གཡུ་རིང་གཉིས་དེ་ནི་ལྷ་ཡུལ་ཕེབས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཆུང་བའི་སྲས་ཐོག་ཚ་དཔའ་བོ་སྟག་བྱུང་བར། ཆུང་བའི་སྲས་དེ་ནི་ཐོག་ཚ་དཔའ་བོ་སྟག་ཟེར་མཁན་གཅིག་བྱུང་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ཡིན་ན་མོན་བཟའ་མཚོ་མོ་ཡར་ཁབ་ཏུ་བསུས་པར་ལ་སྲས་བཙུན་མོའི་ཁབ་ཏུ་བསུས་པ་ལ་དེ་ནི་མནའ་མ་ལ་བཞེས་པ་ལ། སྲས་གཡའ་སྤང་སྐྱེས་ཟེར་ཡས་དེ་འདྲས་གཅིག་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ཡང་དེ་ནི་བྱུང་རྩ་དེ་གཡས་རུ་ཤངས་ཀྱི་ནུབ་བྱང་ན་བྱང་རི་ཀུན་ལ་མཐོ་ཞིང་མཛེས་པ་ཞིག་ཡོད་པའི་རི་དེར། རི་དེ་ལ་གནས་བཅས་པའི་་རི་ལ་གཡའ་སྤང་དུ་གྲགས་པ་ཞིག་འཁྲུངས་པ་ཡིན་ཟེར།
- ནོར་བྲང་ཨོ་རྒྱན།གྲགས་པ་ཞིག་རེད་ཟེར་དེ་ལ་འཁྲུངས་པ་རེད་ཟེར། དེ་ནི་འོད་གསལ་གདུང་རབས་འོད་གསལ་ལྷའི་གདུང་རབས་ཟེར་ན། ས་སྐྱ་པ་ལ་འོད་གསལ་ལྷའི་གདུང་རབས་དེ་ནི་གདུང་རབས་དེའི་གོང་དེར་དེ་ནི་ཁོང་གིས་དེ་གདུང་རབས་ཐོག་མ་དེ་རེད་ཟེར།
- ནོར་བྲང་ཨོ་རྒྱན།གཡང་སྤང་སྐྱེས་ཀྱིས་སྲིན་པོ་སྐྱ་རེངས་ཕྲག་མེད་བསད། དེའི་ཆུང་མ་གཡའ་གྲུམ་བསིལ་མའམ། སི་ལི་མ་ཞེས་བྱ་བ་ཕྲོགས་ཏེ་ཟེར་ན་དེ་ནི་གཡང་སྤང་སྐྱེས་ཀྱིས་དེ་ནི་སྲིན་པོ་སྐྱ་རེངས་ཕྲག་མེད་བསད་སྟེ། དེའི་ཆུང་མ་དེ་གཡའ་གྲུམ་བསིལ་མའམ། སི་ལི་མ་ཟེར་མཁན་དེ་ཕྲོག་ནས་ཨ་ནི་སོ་སོའི་མནའ་མ་ལ་བཞེས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བཞེས་པ་ལ་སྲས་གཅིག་བྱུང་བ་དེ་ནི་སྲིན་པོ་དང་ལྷ་འཁོན་པའི་བར་དུ་སྐྱེས་པས་མིང་ལ་འཁོན་བར་སྐྱེས་སུ་བཏགས་པ་དེ་ནི་དེ་ནི་དེ་གང་ཡིན་ཟེར་ན། སྲིན་པོ་སྐྱ་རེངས་ཁྲིད་ནས་རྦད་དེ་ལྷའི་རྒྱུད་པ་དཔེར་ན། རྦད་དེ་དེ་བྱས་ནས་ཨེ་འཁོན་པའི་བར་དུ་ཁོང་ཚོ་གཉིས་དམག་བྱུང་བའི་བར་དུ་ཨ་ནི་སྐྱེས་པ་ལ་བརྟེན་ནས། མིང་ལ་ཡིན་ནའི་འཁོན་པར་སྐྱེས་ཟེར་བྱས་ནས་བཏགས་པ་རེད།
- ནོར་བྲང་ཨོ་རྒྱན།བྱས་ཙང་དེ་ཡིན་ན་དེ་ག་རེ་ཟར༼ཟེར༽། ས་སྐྱའི་གདུང་རྒྱུད་ཟེར་བྱས་ནས་འཁོན་གྱི་གདུང་རྒྱུད་ཅེས་བྱས་ནས་ཐོག་མར་དོན་དེ་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ཡང་དེ་ནི་ཆོས་རྗེ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་པས་ས་སྐྱའི་གདུང་རབས་ཁ་རྒྱན་གྱི་ནང་ལ་ཡིན་ན་དེ་ནི་དེ་འདྲས་གསུང་བ་ཡོའོ་རེད། དེ་ལྟར་འཆི་མེད་འོད་གསལ་ལྷ་ཡི་རིགས༎ མ་རིག་ལས་འཁོན་འཇམ་དབྱངས་སྤྲུལ་པའི་སྐུ༎ ས་སྐྱ་པ་ཞེས་གྲགས་པ་གསལ་ལྡན་པ༎ ཞེས་གསུངས་པ་ཡང་དེ་ནི་གཟུར་གནས་ཀྱི་བལྟས་ན་སྒྲོ་སྐུར་དང་བྲལ་བ་རང་བཞིན་བརྗོད་པའི་རྒྱན་དུ་མཆིས་སོ། ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་དེ་དེ་ནི། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་གསུངས་ཡས་ལ་ཆ་བཞག་ན་དེ་ནི། འཆི་མེད་འོད་གསལ་གྱི་ལྷ་ཡི་རིགས་ལས། བྱུང་བའི་དེ་ནི་མ་རིགས་ལས་འཁོན་པ་ཟེར་ད། མ་རིག་ལས་འཁོན་པ་འཇམ་དབྱངས་ཀྱི་དེ་ནི་སྤྲུལ་པའི་སྐུ་ཟེར་བྱས་ནས་དེ་ནི་ས་སྐྱ་པ་ཞེ་གདུང་རྒྱད་ཟེར་བྱས་ནས་དེ་འཇམ་དབྱངས་ཀྱི་སྤྲུལ་པའི་སྐུ་དེ་འདྲས་རེད་ཟེར་བྱས་ནས། ས་སྐྱ་པ་ཞེས་བྱ་བ་དེ་ནི་དེ་གསུང་པ་ཡང་། དེ་ནི་གཟུར་གནས་ཀྱིས་བལྟས་ན་དེ་ནི་དངོས་གནས་དྲང་གནས་ཀྱི་བལྟས་པ་ཡིན་ན་ད། སྒྲོ་སྐུར་དང་བྲལ་བ་རྦད་དེ་དངོས་ཡོད་ཀྱི་རང་བཞིན་ཞེས་རང་བཞིན་བརྗོད་པའི་རྒྱན་དུ་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།འཁོན་པར་སྐྱེས་ཟེར་ཡས་དེ་ཡིན་ན། ཇོ་མོ་བཙན་མོ་བཟའ་ལྕེ་སྨན་གཉིས་ལ་སྲས་དཔལ་པོ་ཆེ་འཁྲུངས་པ་ཡབ་ཀྱི་ཡུལ་གང་བཟང་ལྟར་བཏང་བས། ཟེར། དེ་ནི་སྲས་རྦད་དེ་དཔལ་པོ་ཆེ་འཁྲུངས་པ་ལ་ཡབ་ཀྱི་ཡུལ་གང་བཟང་ལྟར་བཏང་བས། ལ་སྟོད་གཉག་སེ་ཐར་གྱི་ཡ་ཚང་ལ་སའི་དགེ་ཞིང་ཐང་ཆེན་ཐང་ཆུང་ལ་ནི་ཁང་པ་དང་ཞིང་ཆུར་བཟང་བ་ཟེར།
- ནོར་བྲང་ཨོ་རྒྱན།ཆུའི་དགེ་མཚོ་ཆེན་མཚོ་མི་ནི་འཐུང་ཆུ་དང་ཞིང་ཆུར་བཟང་བ། ཟེར།
- ནོར་བྲང་ཨོ་རྒྱན།ཤིང་གི་དགེ་ནགས་དགུན་ཐ་དང་དགུན་སྨུག་ནི་ཁང་ཤིང་དང་བུད་ཤིང་ལ་བཟང་བ། ཟེར།
- ནོར་བྲང་ཨོ་རྒྱན།རྩྭའི་དགེ་ཐར་གྱི་ཡ་ཚང་ནི་གནམ་གམ་འབྲོག་དང་རྒྱང་འབྲོག་ཏུ་བཟང་བ་བཅས་པ་དང་ཆུ་དང་ཤིང་དང་། རྩྭ་བཟང་བ་ཡུལ་གྱི་དགེ་མཚན་བརྒྱད་ཟེར་མཁན་དེ་དེ་ནི། དེ་དེ་འདྲས་གཅིག་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཤིང་དང་། ཆུ་དང་། ས་དང་། ཡུལ་གྱི་དགེ་མཚན་བརྒྱད་མཐོང་ནས་དེ་ནི་དེ་རུ་ཡིན་ན་མངའ་བདག་ཁྲི་སྲོང་ལྡེ་བཙན་དེ་ནི། མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ལ་ཆ་བཞག་ན་དེ་ནི་མདུན་ན་འདོན་དུ་གྱུར་ནས། རླངས་ཁམས་པ་གོ་ཆ་ཞེས་བྱ་བ། རླངས་ཁམས་པ་གོ་ཆ་ཞེས་བྱ་བ་བྱུང་ནས་དེ་ཡིན་ན། ལོ་ཙཱ་བ་ཆེན་པོ་དེ་ཡིན་ན་རབ་ཏུ་མ་བྱུང་བའི་གོང་དུ་བུ་མོ་ལྷ་ས་ཁྲིམ་བུ་ཁབ་ཏུ་བཞེས་པར་སྲས་ཕྲེན་མཛེས་དེ་ནི། རླངས་ཁམས་པ་གོ་ཆ་དེ་ནི་ལྷ་ས་ཁྲིམ་བུ་ཁབ་ཏུ་བཞེས་པ་ལ་སྲས་ཕྲིན་མཛེས། ལྷ་ལེགས། ཚེ་ལ་དབང་ཕྱུག འཁོན་ཀླུའི་དབང་པོ། ཚེ་འཛིན་རྣམས་བྱུང་བ་ལས་ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་འདྲས་ཀྱི་དཔེར་ན་སྲས་དེ་གས་དེ་བྱུང་བ་ལས། འཁོན་་་འཁོན་ཀླུའི་དབང་པོས་མཁན་པོ་རིན་པོ་ཆེ་བོ་དྷི་ས་ཏྭའི་དྲུང་དུ་རབ་ཏུ་བྱུང་བ་ཟེར་ན།
- ནོར་བྲང་ཨོ་རྒྱན།ད་སྔོན་མ་མཁན་ཆེན་བོ་དྷི་ས་ཏྭའི་དྲུང་ལ་རབ་ཏུ་བྱུང་བའི་བོད་ཀྱི་ཡིན་ན་སད་མི་མི་བདུན་ཟེར་ཡས་གཅིག་བྱུང་ཡོའོ་རེད་པ། དེའི་དེ་ནི་སད་མི་བདུན་གྱི་ལོ་ཙཱ་བ་ཁྱད་པར་ཅན་བདུན་གྱི་ནང་ནས་གཞོན་པ་གསུམ་པ་དེ་བར་པ་དེ་ནི་འཁོན་ནཱ་གོནྡྲ་རཀྵི་ཏ་ཞེས་ཀླུའི་དབང་པོ་བསྲུངས་པ་ཟེར་གྲགས་ཤིང་ཟེར།
- ནོར་བྲང་ཨོ་རྒྱན།སློབ་དཔོན་ཆེན་པོའི་བྱིན་རླབས་ཀྱི་བདུད་རྩི་སྙིང་ལ་ཞུགས། སློབ་དཔོན་ཆེན་པོ་དེ་ནི་སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་ཀྱི་བྱིན་རླབས་ཀྱི་བདུད་རྩི་སྙིང་ལ་ཞུགས་ཟེར། གཅུང་ཚེ་འཛིན་དེ་ཟེར། འོག་མ་གིས་དེ་ནི་ཚེ་འཛིན་བྱ་བ་གང་གི་སྲས་རྡོ་རྗེ་རིན་ཆེན་སློབ་དཔོན་ཆེན་པོས། རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་རང་རྒྱུད་སྨིན་པར་མཛད། རྡོ་རྗེ་ཐེག་པ་ཟེར་མཁན་དེ་ནི་གསང་སྔགས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་རྒྱུད་སྨིན་པར་མཛད་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།སྨིན་པ་མཛད་ནས་གང་བྱས་པ་རེད་ཟེར་ན། གྲུབ་པའི་དབང་ཕྱུག་དེ་ལ་ཡིན་ན་སྲས་དྲུག་བྱོན་པའི་ལྔ་པ་ཡན་གྱིས། སྲས་དྲུག་བྱོན་པའི་ནང་གི་ལྔ་པ་ཡན་གྱིས་མངའ་རིས་ཀྱི་དེ་ནི་མང་ཡུལ་དང་། གུང་ཐང་དང་། སྲད་དང་། གཉལ་དང་། ལོ་རོ་དང་། ཉང་ཤབ་བཅས་སུ་བྱོན་ཏེ་ཡུལ་བཟུང་བས་འཁོན་གྱི་རུས་ཚོ་མང་དུ་གྱེས་ཤིང་། དེ་འདྲས་ཀྱི་དེ་ནི་རུས་ཚོ་དེ་ནི་འཁོན་གྱི་གདུང་རྒྱུད་ཀྱི་རུས་ཚོ་དེ་དེ་ནི་མང་དུ་གྱེས་པ་དེ་འདྲས་གཅིག་རེད་ཟེར།
- ནོར་བྲང་ཨོ་རྒྱན།དྲུག་པ་ཤེས་རབ་ཡོན་ཏན། དྲུག་པ་ཤེས་རབ་ཡོན་ཏན་གྲོམ་པ་གཡའ་ལུང་ཞེས་བྱ་བར་བྱོན་པ་ལ། དྲུག་པ་ཤེས་རབ་ཡོན་ཏན་གྲོམ་་པ་གཡའ་ལུང་ཞེས་བྱ་བ་ལ། སྲས་གཉིས་བྱུང་པ།བྱུང་བའི་ཆུང་བ་ཁབ་སོ་སྟག་ཐོག་ཏུ་བྱོན། དེ་ལས་འོང་།
- ནོར་བྲང་ཨོ་རྒྱན།དེ་དེ་ལས་སྟོད་བྱང་བྱང་དུ་ཆད་པར་བརྟེན་དེ་ལས་ལ་སྟོད་བྱང་དུ་ཆད་པར་འཁོན་ཚོ་སྟོད་སྨད་དུ་གྱེས།ཟེར། དེ་ནི་འཁོན་གྱི་ཚོ་པ་དེ་སྟོད་སྨད་གྱེས་པ་དེ་འདྲས་ཡིན་ཟེར།
- ནོར་བྲང་ཨོ་རྒྱན།ཆེ་བ་ཡོན་ཏན་འབྱུང་གནས་ཀྱི་ཡབ་མེས་ཀྱི་ཆོས་བརྒྱུད་བཟུང་ཞིང་། ཆེ་བ་ཡོན་ཏན་འབྱུང་གནས་ཟེར་ཡས་དེ་གིས་ཆོས་བརྒྱུད་བཟུང་བྱས་དེ་ལ་དེ་ནི་སྲས་གསུམ་བྱུང་བའི་བར་པ་ཚུལ་ཁྲིམས་རྒྱལ་པོ་གྲོམ་པར་བཞུགས་ནས་གདུལ་བྱ་བསྐྱངས། དེའི་སྲས་གསུམ་བྱུང་བའི་བར་པ། ཚུལ་ཁྲིམས་རྒྱལ་པོ་ཟེར་ཡས་དེ། བར་པར་བྱུང་ནས་གྲོམ་པར་བཞུགས་ནས་དེ་ནི་གདུལ་བྱ་བསྐྱངས་ཡིན་ཟེར།
- ནོར་བྲང་ཨོ་རྒྱན།དེ་ལ་སྲས་གསུམ་བྱུང་བ་ཆེ་བ་རྡོ་རྗེ་གཙུག་ཏོར་ཤེས་རབ་ཟེར་མཁན་གཅིག་བྱུང་བ་རེད་ཟེར། དེ་ལ་དེ་ནི་སྲས་བདུན་བྱུང་བའི་ཆུང་བ་དགེ་སྐྱབས་ཀྱི་ཕྱིས་ཤབ་ཏུ་བྱོན། དེ་ནི་ས་སྐྱའི་འོག་དེ་ནི་ཤབ་ཟེར་མཁན་གྱི་ལུང་པ་གཅིག་ཡོའོ་རེད། དེའི་སྲས་དགེ་མཐོང་འདིས་ཤབ་ཏུ་བཞུགས་ཤིང་། དེའི་སྲས་དགེ་མཐོང་ཟེར་མཁན་དེ་ཡིན་ན་ཡང་ཤབ་ཏུ་བཞུགས་ཤིང་ཟེར།
- ནོར་བྲང་ཨོ་རྒྱན།སྲས་འཁོན་སྟོན་བལ་པོ་ཞེས་པ་འཁྲུངས་པ་ཨེ། འཁོན་སྟོན་བལ་པོ་ཞེས་པ་འཁྲུངས་པ་དེ་ནི་ཚ་མོ་རོང་གི་བྲག་ལ་སྒྲུབ་པ་མཛད་པས་ཡབ་མེས་ཀྱི་ཡི་དམ་གྱི་ལྷ་རྡོ་རྗེ་ཕུར་པ་ཞལ་གཟིགས། ཟེར།
- ནོར་བྲང་ཨོ་རྒྱན།ཚ་རོང་ཟེར་ཡས་གཅིག་ཚ་མོ་རོང་ཟེར་ཡས་གཅིག་ས་སྐྱའི་འོག་དེར་ལུང་པ་གཅིག་ཡོའོ་རེད། དེ་རུ་དེ་ནི་བྲག་ལ་སྒྲུབ་པ་མཛད་ནས་དེ་བྱེད་་དུས་ཙམ་ཡང་མི། རྡོ་རྗེ་ཕུར་པའི་ཞལ་གཟིགས་ཟེར།
- ནོར་བྲང་ཨོ་རྒྱན།དེའི་སྲས་ཤཱཀྱ་བློ་གྲོས་ཀྱི་བྱ་རུ་ལུང་པ་དང་། ཤབ་སྟོད་སྨད་བཟུང་ཞིང་འཕྲིན་ལས་ཆེ་ཞིང་། དེ་ནི་དེའི་ཚེ་ཤཱཀྱ་བློ་གྲོས་ཀྱི་བྱ་རུ་ལུང་པ་དང་། ཤབ་སྟོད་སྨད་བཟུང་ཞིང་། དེ་བྱས་དེ་ནི་དེའི་ཚེ། དེ་ནི་ཤཱཀྱ་བློ་གྲོས་ཀྱི་བྱ་རུ་ལུང་པ་དང་། ཤབ་སྟོད་སྨད་བཟུང་ཞིང་།
- ནོར་བྲང་ཨོ་རྒྱན།དེ་ནི་འཕྲིན་ལས་ནི་རྒྱ་ཆེན་པོ་ཡོའོ་རེད་ཟེར། གཡའ་ལུང་འཇག་གཤོངས་བཏབ་ཟེར། གཡའ་ལུང་འཇག་གཤོངས་ཟེར་ཡས་ཀྱི་དེ་ནི། གཡའ་ལུང་འཇག་གཤོངས་ཟེར་ཡས་ཀྱི་དགོན་པ་དེ་བཏབ་པ་རེད། ཟེར།
- ནོར་བྲང་ཨོ་རྒྱན།དེའི་སྲས་གཉིས་ལས། ཆེ་བ་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཀྱིས། དེའི་སྲས་ཆེ་བ་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཀྱིས་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་མཁན་པོ་ཁུ་སྟོན་བརྩོན་འགྲུས་དྲུང་དུ་གཞོན་ནུ་ནས། གོ་མིའི་དགེ་བསྙེན་མཛད་པ་བཅས་འདི་ཡན་ལ་ཡི་དམ་གྱི་ལྷའི་ཞལ་གཟིགས་ཤིང་ཟེར།
- ནོར་བྲང་ཨོ་རྒྱན།ད་འདིའི་ཡན་ལ་དེ་ནི་ལྷའི་ཞལ་གཟིགས་པ་དང་དེ་ནི། དེ་འདྲས་མང་པོ་དེ་འདྲས་ལྷའི་ཞལ་གཟིགས་པ་དང་། མཆོག་མཐུན་གྱི་དངོས་གྲུབ་ཐོབ་པའི་རྡོ་རྗེ་འཛིན་པ་དེ་ནི་གསང་སྔགས་རྡོ་རྗེ་འཛིན་པ་དེ་ནི་ཤ་སྟག་བརྒྱུད་མར་བྱོན་པ་ཡིན་ནོ། ཟེར་བྱས་ནས་དེ་འདི་ས་སྐྱའི་རྒྱུད་པའི་ནང་ནས་སྔ་རབས་ཀྱི་ལོ་རྒྱུས་་དེ་འདྲས་གཅིག་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནས་གཅུང་འཁོན་དཀོན་མཆོག་རྒྱལ་པོ་ཟེར་མཁན་འདི་ནི། ད་དེའི་སྲས་གཉིས་ལས་ཨ་ནི་ཆེ་བ་དེ་འཁོན་རོག་ཤེས་རབ་ཚུལ་ཁྲིམས་རེད་པ། གོང་དུ་ཞུས་པ་རེད་པ། ཆུང་བ་དེ་དེ་ནི་གཅུང་འཁོན་དཀོན་མཆོག་རྒྱལ་པོ་ཟེར་མཁན་དེ་རབ་བྱུང་དང་པོའི་ཤིང་ཁྱི་སྤྱི་ལོ་༡༠༣༤ལོར་ཨ་ནི་སྐུ་འཁྲུངས་བ་རེད་ཟེར། རབ་བྱུང་གཉིས་པའི་ཆུ་རྟ་སྤྱི་ལོ་༡༡༠༢ལོ་ལ་སྐུ་གཤེགས། ཞེས་བྱ་བ་དེས་གསང་སྔགས་གསར་མའི་ལོ་ཙཱ་བ་བླ་ཆེན་འབྲོག་མི་ཤཱཀྱ་ཡེ་ཤེས་ཟེར་ན། གསང་སྔགས་གསར་མའི་དེ་ནི་བླ་ཆེན་ལོ་ཙཱ་བ་འབྲོག་མི་ཤཱཀྱ་ཡེ་ཤེས་དང་།
- ནོར་བྲང་ཨོ་རྒྱན།བ་རི་ལོ་ཙཱ་བ་རིན་ཆེན་གྲགས། རྨང་ལོ་ཙཱ་བ། པུ་རང་ལོ་ཙཱ་བ། གནམ་ཁའུ་བ་སྐུ་མཆེད་སོགས། བླ་མ་དམ་པ་དེ་ནི་དུ་མའི་ཞབས་ཀྱི་པད་་མོ། ད་རང་གི་སྤྱི་བོའི་གཙུག་ཏུ་བསྟེན་ཅིང་། དེ་ནི་བླ་མ་དམ་པ་དུ་མའི་དེ་ནི་ཞབས་ཀྱི་པད་མོ་ནི་རང་གི་སྤྱི་བོའི་གཙུག་ཏུ་བསྟེན་ཅིང་ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་ཟེར་བླ་མ་བསྟེན་ནས། གསུང་གི་བདུད་རྩི་ངོམས་པ་མེད་པར་བཏུང་བས་མྱོས་པར་མཛད་དེ། གསུང་གི་བདུད་རྩི་ངོམས་པ་མེད་པར་ཨ་ནི་གསུང་གི་བདུད་རྩི་དེ་རྦད་དེ་ངོམས་པ་མེད་པ་དེ་བྱས་ནས་ཁོང་གིས་ཐུགས་རྒྱུད་ལ་རྦད་དེ་གང་བསྡད་པ་དེ་ཡིན་ན།
- ནོར་བྲང་ཨོ་རྒྱན།གྲ་བོ་ལུང་པར་དགོན་པ་ཞིག་བཏབ། དེ་ནི་ཕ་རུ་གྲ་བོ་ལུང་པར་དགོན་པ་ཞིག་བཏབ་ནས་ལོ་འགའ་བཞུགས་པས་གནས་དེར་ས་སྐྱ་གོག་པོར་གྲགས་ཤིང་། ས་སྐྱ་གོག་པོར་གྲགས་ཤིང་། དེ་ནི་གྲ་བོ་ལུང་ཟེར་མཁན་དེ་རུ་དགོན་པ་ཞིག་བཏབ་ནས། ལོ་འགའ་ཤས་གཅིག་བཞུགས་ནས་དེའི་རྗེས་ལ། སྐབས་དེ་ལ་གནས་དེ་ལ་ས་སྐྱ་གོག་པོར་བརྗོད་ཟེར། ས་སྐྱ་གོག་པོ་བྱས་ནས་ཟེར་གྱི་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེའི་ཚེ་དཔོན་སློབ་རྣམས་སྐྱོ་བསངས་ལ་བྱོན་ཏེ་རིའི་ཁ་ནས་གཟིགས་པས། དེའི་ཁ་གཏུག་ལ་དེ་ནི་འཁོན་དཀོན་མཆོག་རྒྱལ་པོ་དང་ད་ག་ནང་ལྟར་གྱི་སློབ་མ་དང་བཅས་པ་བྱས། དེ་ནི་སྐྱོ་བསངས་ལ་ཕེབས་ནས་རེད་པ། རིའི་ཁ་ནས་གཟིགས་དུས་ཙམ་པ། དེ་ནི་དཔོན་པོ་རི་ཟེར་ཡས་ད་ལྟའི་ས་སྐྱའི་རི་དེ་ཡིན་ན།
- ནོར་བྲང་ཨོ་རྒྱན།གང་འདྲས་རེད་ཟེར་ན། གླང་པོ་ཆེ་ཉལ་འདྲ་བའི་འཁལ་ཁུང་གཡས་པའི་ངོས་འགྲམ་ན་ས་དཀར་ཞིང་སྣུམ་པ། ཟེར་ན། འཁལ་ཁུང་གླང་པོ་ཆེའི་དེ་ནི་ཉལ་འདྲ་བའི་དེ་ནི་འཁལ་ཁུང་གཡས་པའི་ངོས་འགྲམ་ན། ས་དཀར་ཞིང་སྣུམ་པ་ཟེར།
- ནོར་བྲང་ཨོ་རྒྱན།ཆུ་གཡས་སུ་འབབ་པ་ལ་སོགས་པ་དེ་ནི་ཆུ་གཡས་སུ་འབབ་པ་ལ་སོགས་དེ་ནི་བཀྲ་ཤིས་པའི་དེ་ནི་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་ལྡན་པའི་ཡུལ་དུ་མཁྱེན་ནས། དེ་ནི་ས་སྐྱའི་ཡུལ་དེ་ཡིན་ན་དགེ་མཚན་དུ་མ་ཡོད་པ་ལ་བརྟེན་ནས། གནས་དེར་དགོན་པ་ཞིག་བཏབ་ན།
- ནོར་བྲང་ཨོ་རྒྱན།དེ་ནི་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་བྱུང་བ་འདུག་སྙམ་དུ་དགོངས་ནས། ག་རེ་གནང་ང་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ས་ཆ་དེ་སྤྱིའི་བདག་པོ་དེ་ནི་སྐབས་དེ་དུས་གང་འདྲས་རེད། ཇོ་བོ་གདོང་ནག་པ་ལ་རེད་ཟེར། གདོང་ནག་པ་ཟེར་མཁན་དེ་གདོང་ནག་པ་ལ་བརྟེན་དེ་ནི་ས་ཆ་དེ་རུ། དགོན་པ་བཏབ་ཡས་ཐོག་ལ་དེ་ནི་ཨེ་གནང་བ་དེ་འདྲས་ཞུས་བྱས་དེ་འདྲས་ཟེར། གནང་བ་བྱེད་དུས་ཙམ་པ་། ཇོ་བོ་གདོང་ནག་པ་ཡིན་ནའི་ད་ག་ནང་ལྟར་ཆོག་མཆན་འདྲ་པོ་སྤྲད་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་སྒོས་ཀྱི་དང་པོ་ཞང་ཞུང་གུ་ར་བ་དང་། བན་དེ་གྲོང་བཞི། ལྷ་མི་གྲོང་བདུན་བྱ་བ་ཡོད་པ་དེ་རྣམས་ལ། སྐབས་དེ་དུས་དེ་ནི་སྤྱིའི་དེ་ནི་བདག་པོ་འདྲ་པོ་ཇོ་བོ་གདོང་ནག་པ་རེད། དེ་ལ་ཞུས་ནའི་འགྲིག་གི་རེད། ཟེར་བྱས་ནས་བཤད་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་སྒོས་ཀྱི་བདག་པོ་ཞང་ཞུང་གུ་ར་བ་དང་། བན་དེ་གྲོང་བཞི་དང་། ལྷ་མི་གྲོང་བདུན་བྱ་བ་ཡོད་པ་དེ་རྣམས་ལ། དེ་ནི་ང་འདིར་དགོན་པ་ཞིག་འདེབས་ཀྱི་ཡིན། དེ་ནི་ཁྱོད་རྣམས་ལ་འགལ་བ་མི་འོང་ན་རིན་འཇལ་བས་ས་ཆ་འདི་ང་ལ་དགོན་པ་འདེབས་པའི་གནས་སུ་བྱིན་རོགས་གསུངས་ཏེ། ང་ས་ཆ་འདི་ལ་དགོན་པ་ཞིག་བཏབ་ཡིན། ཁྱེད་རང་རྣམས་པས་དེ་ནི་ས་ཆ་འདིས་སྐྱོན་གའི་བྱེད་ཀྱི་མི་འདུག་གས།
- ནོར་བྲང་ཨོ་རྒྱན།སྐྱོན་མ་བྱས་ན་ཨ་ནི་ང་རང་རྦད་དེ་ས་ཆ་འདི་བཙོང་རོགས་བྱེད་ངས་ཡིན་ནའི་རིན་ཡང་སྤྲད་ཀྱི་ཡིན། རིན་སྤྲད་ན་དེ་ནི་དགོན་པ་བཏབ་པས། ཨེ་ས་ཆ་འདི་དགོན་པ་འདེབས་ཡས་ལ་ས་ཆ་འདི་སྤྲད་རོགས་བྱེད། བྱས་ནས་དེ་འདྲས་གསུངས་ནས། དེ་ནི་རྟ་རྒོད་མ་དང་། ནོར་བུའི་འཕྲེང་བ་སོགས་དེ་འདྲས་ཀྱི་དཔེར་ན། འོང་ས་སྐྱའི་དེ་གས་དེ་ནི་ཇོ་བོ་གདོང་ནག་པ་དང་། དེ་ནི་དཀོན་མཆོག་རྒྱལ་པོ་ལ་སྒོས་པ། དེ་ཚོ་ལ་དཔེར་ན། རིན་གནང་ནས་དེ་ནི་གཟིགས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།གཟིགས་ནས་འཁོན་དཀོན་མཆོག་རྒྱལ་པོ་དགུང་ལོ་བཞི་བཅུ་བཞེས་པ་རབ་བྱུང་དང་པོའི་ཆུ་གླང་སྤྱི་ལོ་༡༠༧༣ལོར་ད་ནི་དཔལ་ལྡན་ས་སྐྱའི་དགོན་པ་བཏབ་པ་དེ་ནས་དཔལ་ལྡན་ས་སྐྱར་ཡོད་པའི་དགོན་པ་དེ་བཏབ། དེ་ནི་དཔལ་ལྡན་ས་སྐྱ་པ་ཞེས་པ་ཟེར་ཡས་དེ་ནི་ཐོག་མར་དེ་ནི་རླུང་ལྟར་གྲགས་པ་ཀུན་ཡོངས་ལ་གྲགས་དེ་འདྲས་གཅིག་ཡིན་ཟེར།
- ནོར་བྲང་ཨོ་རྒྱན།ཐོག་མར་ས་སྐྱ་བ་ཟེར་མཁན་དེ་གང་འདྲས་བྱུང་བ་རེད་ཟེར་ན། ད་འཁོན་དཀོན་མཆོག་རྒྱལ་པོའི་སྐབས་ལ་དེ་ནི་རྦད་དེ་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།འཁོན་དཀོན་མཆོག་རྒྱལ་པོའི་བཙུན་མོ་རྡོ་རྗེ་ཕྱུག་མོ་ལ་གདུང་རྒྱུད་མ་བྱུང་པས་སླར་ཇོ་མོ་མ་གཅིག་ཞང་མོ་ཁབ་ཏུ་བཞེས་པ་ལ། ཨེ་ནི་འཁོན་དཀོན་མཆོག་རྒྱལ་པོ་ལ་དེ་ནི་བཙུན་མོ་རྡོ་རྗེ་ཕྱུག་མོ་ལ་ཞེས་པ་་ལ་དེ་ནི་གདུང་རྒྱུད་མ་བྱུང་པས་སླར་ཇོ་མོ་མ་གཅིག་ཞང་མོ་ཁབ་ཏུ་བཞེས་པ་ལ། སྔོན་མ་ས་སྐྱ་པའི་འཁོན་ཀུན་དགའ་སྙིང་པོ་འཁྲུངས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཀུན་དགའ་སྙིང་པོ་འཁྲུངས་ཡས་དེ་གང་འདྲས་རེད་ཟེར་ན། རབ་བྱུང་གཉིས་པའི་ཆུ་སྤྲེལ་སྤྱི་ལོ་༡༠༩༢ལོར་འཁྲུངས་ནས་དེ་ནི་མདོ་སྔགས་ཀྱི་ཆོས་དུ་མ་ལ་ཐོས་བསམ་སྒོམ་པ་ཕུལ་དུ་ཕྱིན་པ་མཛད།
- ནོར་བྲང་ཨོ་རྒྱན།མདོ་དང་སྔགས་ཀྱི་དེ་ནི་ཆོས་དུ་མ་ལ་ཐོས་བསམ་སྒོམ་པ་ཕུལ་དུ་ཕྱིན་པ་མཛད། ཟེར།
- ནོར་བྲང་ཨོ་རྒྱན།འཇམ་དབྱངས་ཨ་ར་བ་ཙ་ནའི་གསང་བ་གསུམ་གྱི་བདུད་རྩིའི་ཆུ་རྒྱུན་གྱིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གང་བས། དེ་ནི་འཇམ་དབྱངས་ཨ་ར་པ་ཙའི་གསང་གསུམ་གྱི་བདུད་རྩིའི་ཆུ་རྒྱུན་གྱི་ཁོང་གིས་རྦད་དེ་འོང་དེ་ནི་བླ་མ་རྦད་དེ་ཀུན་དགའ་སྙིང་པོའི་དེ་ནི་ཐུགས་ཀྱི་བུམ་བཟང་ཡོངས་སུ་གང་བར་བྱས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།འཇམ་དབྱངས་ཀྱི་བྱིན་རླབས་དེ་གས་དེ་ཁོང་གི་ཐུགས་ལ་ཨེ་ཁྱབ་པ་དེ་འདྲས་རེད་ཟེར། ཇོ་བོ་རྗེས་མ་འོངས་པ་ན་དཔལ་ལྡན་ས་སྐྱར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་བདུན་རིམ་རྒྱུད་དུ་ཕེབས་པའི་དང་པོ་ཤེས་ལྡན་མཐའ་དག་གོར་མ་ཆགས་པས་དཔལ་ལྡན་ས་སྐྱ་པ། དེ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་རྒྱ་གར་ནས་ཚུར་ཕེབས། ཡ་ནས་མར་ཕེབས་དུས་ཙམ་པ། དེ་ནི་ས་ཆ་དེ་རུ་དེ་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་དེ་ནི་རིམ་པ་བདུན་ཡོང་གིས་རེད་ཅེས། རྣམ་སྤྲུལ་བདུན་ཡོང་གི་རེད་ཅེས་བྱས་ནས་རིམ་པར་ཕེབས་ཀྱི་རེད་གསུངས་ཀྱི་དེ་ནི། དང་པོ་དེ་ཡིན་ན།
- ནོར་བྲང་ཨོ་རྒྱན།དེ་ནི་ས་ཆེན་ཀུན་དགའ་སྙིང་པོ་རེད་ཟེར། ས་ཆེན་ཀུན་དགའ་སྙིང་པོ། ས་ཆེན་ཀུན་དགའ་སྙིང་པོ་དེ་ཡིན་པ་ལ་ཚང་མས་ཐེ་ཚོམ་དགོས་ཡས་ཨོའོ་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།གོར་མ་ཆགས་པས་དཔལ་ལྡན་ས་སྐྱ་པ་དེ་ནི་དུས་དེ་ནས་བཟུང་ནས་དེ་ནི། འཇམ་དབྱངས་པ་དཔལ་ལྡན་ས་སྐྱ་པ་གང་འདྲས་ཟེར། འཁོན་གྱི་རིགས་ཞེས་གྲགས་ཤིང་། དཔལ་ལྡན་ས་སྐྱ་པ་ལ་དེ་ནི་འཇམ་དབྱངས་འཁོན་གྱི་རིགས་ཞེས་གྲགས་ཤིང་ཟེར།
- ནོར་བྲང་ཨོ་རྒྱན།འོང་འཁོན་གྱི་རིགས་ཞེས་ཡོངས་སུ་གྲགས་པ་དེ་འདྲས་གཅིག་རེད། ཟེར། ཁྱད་པར་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པའི་བདག་པོར་གྱུར་པ་རྒྱ་གར་དུ་ཡང་བླ་མ། ཁྱད་པར་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པའི་བདག་པོར་གྱུར་པ་རྒྱ་གར་དུ་ཡང་བླ་མ། བླ་མ་བིརྭ་བའི་སྤྲུལ་པ་ས་སྐྱ་བ་བྱ་བའི་གྲགས་སྙན་གྱི་ཟིའུ་འབྲུ་ཕྱོགས་བྲལ་ཐོས་འཛིན་འདམ་སྐྱེས་ཀྱི་ངོས་སུ་གཡུར་ཟ་ལྡེམ་ཞིང་།
- ནོར་བྲང་ཨོ་རྒྱན།དེ་ནི་ས་སྐྱ་བ་ལ་ཆ་བཞག་ན་སྐབས་དེ་དུས་དེ་ནི་འོང་ཁྱད་པར་དུ་ཡང་སངས་རྒྱས་བསྟན་པའི་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པའི་བདག་པོར་འགྱུར་པ་དེ་ནི་རྒྱ་གར་ལ་ཡིན་ནའི་དེ་ནི་བླ་མ། ས་ཆེན་ཀུན་དགའ་སྙིང་པོ་དེ་ལ་བི་ར་བའི་སྤྲུ་པའི་སྤྲུལ་པ་ས་སྐྱ་བ་ཟེར་མཁན་གཅིག་དེ་ནི་དེ་སྙན་གྲགས་ཕྱོགས་ཀུན་ལ་ཁྱབ་པ་དེ་འདྲས་ཡིན་ན་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།མདོར་ན་དུས་གཅིག་ཏུ་སྐུའི་བཀོད་པ་མི་འདྲ་བ་མཐའ་ཡས་པ་སྟོན་པ་སོགས། དེ་ནི་ཁོང་ཡིན་ན་མདོར་ན་དུས་གཅིག་ལ་རེད་པ། གཅིག་ལ་བཞུགས་པ་ན་ས་ཆ་གཅིག་ལ་བཞུགས་པ་ན། དེ་ནི་སྐུའི་བཀོད་པ་ཡིན་ན་རྫུ་འཕྲུལ་དེ་འདྲས་བསམ་གྱིས་མི་ཁྱབ་པ་མང་པོ་སྟོན་པ་ལ་སོགས་པ། དེ་ནི་རྗེ་བཙུན་ས་ར་ཧས་མཚོན་པའི་འཕགས་ཡུལ་གྱི་གྲུབ་པའི་དབང་ཕྱུག་བརྒྱད་བཅུ་བྱུང་པ་མཐའ་དག་གི་ཁེངས་པའི་རྒྱུད་འགུགས་པ་བྱེད་པ་སོགས་ལོངས་སྤྱོད་རྫོགས་པའི་ཡན་ལག བྱས་ནས་མདོར་ན་དུས་གཅིག་ཏུ་དེ་ནི་སྐུའི་བཀོད་པ་དེ་ནི་རྫུ་འཕྲུལ་མང་པོ་བསྟན་གྲུབ་དུས་ཙམ་པ་དེ་ནི། སྔ་མ་རྒྱ་གར་ལ་ཆ་བཞག་ན། དེ་ནི་རྗེ་བཙུན་ས་ར་ཧས་ལ་སོགས་པ་དེ་ནི་རྒྱ་གར་ལ་གྲུབ་ཆེན་བརྒྱད་བཅུ་ཟེར་ཡས་གཅིག་བྱུང་ཡོའོ་རེད་པ།
- ནོར་བྲང་ཨོ་རྒྱན།ཡོད་པ་དེ་ནི་དེ་འདྲས་ཀྱི་རྦད་དེ་ཁོང་ཚོའི་རྦད་དེ་ཁེངས་པ་འདྲ་གཅིག་ཁོང་ཚོ་ལས་རྦད་དེ་ཞེད་པ་ནང་ལྟར་དེ་འདྲས་བྱུང་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཨེ་ཁེངས་པའི་རྒྱུད་འགུགས་པར་བྱེད་པ། ལོངས་སྤྱོད་རྫོགས་པའི་ཡན་ལག ཁ་སྦྱོར་གྱི་ཡན་ལག བདེ་བ་ཆེན་པོའི་ཡན་ལག རང་བཞིན་མེད་པའི་ཡན་ལག སྙིང་རྗེ་ཡོངས་སུ་གང་བའི་ཡན་ལག རྒྱུན་མི་ཆད་པའི་ཡན་ལག འགོག་པ་མེད་པའི་ཡན་ལག་་བཅས། ཁ་སྦྱོར་བདུན་ལྡན་གྱི་ཁ་སྦྱོར་བདུན་ལྡན་གྱི་བླ་ན་མེད་པ་དེ་ནི་ལམ་གྱི་པད་མ་དཀར་པོའི་ཆུན་པོ་འདོད་པའི་བདེ་བ་ལམ་གྱི། ལམ་གྱི་དེ་ནི་བླ་ན་མེད་པ། པད་མ་དཀར་པོའི་ཆུན་པོ་དེ་འདོད་པའི་བདེ་བ་གཉིས་མེད་མཐའ་ཀླས་པའི་ཅོད་པན་རྣམ་པར་བཅིངས་པས་ཟེར།
- ནོར་བྲང་ཨོ་རྒྱན།འོང་། འདོད་པའི་བདེ་བ་གཉིས་མེད་ཀྱི་མཐའ་ཀླས་པའི་དེ་ནི་ཅོད་པན་རྣམ་པར་བཅིངས་པས། གསང་སྔགས་ཀྱི་འབྲས་བུའི་ཐེག་པ་གཅིག་ཏུ་བཀའ་དྲིན་ཆེ་བ་བཅས། གསང་སྔགས་ཀྱི་དེ་ནི་འབྲས་བུའི། གསང་སྔགས་ལ་དེ་ནི་རྒྱུ་དང་འབྲས་བུ་ཟེར་ཡས་གཅིག་ཡོའོ་རེད་པ།
- ནོར་བྲང་ཨོ་རྒྱན།གསང་སྔགས་ལ་འབྲས་བུའི་མདོ་ཡིན་རྒྱུའི་ཐེག་པ་རེད་པ། གསང་སྔགས་དེ་འབྲས་བུའི་ཐེག་པ་ཡིན་དུས་ཙམ་པ་གཅིག་ཏུ་བཀའ་དྲིན་ཆེ་བ་བཅས་ཟེར། བཀའ་དྲིན་ཆེ་བ་རེད་ཟེར། ས་སྐྱ་པ་ཆེན་པོ་དགུང་ལོ་ཉི་ཤུ་ནས་རེ་བདུན་པར་གདན་ས་ལོ་ཞེ་བརྒྱད་བསྐྱངས་ཤིང་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་ས་སྐྱ་པ་རྗེ་བཙུ་ཀུན་དགའ་སྙིང་པོ་དེ་དེ་ནི་ས་སྐྱའི་གདན་ས་དེ་དགུང་ལོ་ཉི་ཤུ་ནས་བྱས་དྲུག་བཅུ་རེ་བདུན་བར་དུ་གདན་ས་དེ་ནི་ལོ་ཞེ་བརྒྱད་བསྐྱངས་ཤིང་། མཐར་རབ་བྱུང་གསུམ་པའི་ས་སྟག་སྤྱི་ལོ་༡༡༥༨ལོར་དེ་ནི་སྐུ་གཤེགས་པ་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།ད་སྐྱེས་བུ་དམ་པ་དེ་སྔ་རྗེས་སུ་དེ་ནི་ཇོ་མོ་ལྕམ་ཕུར་མོ་དང་། མ་གཅིག་འོད་སྒྲོན་ཁབ་ཏུ་བཞེས་པ་ལས། སྲས་བཞི་བྱུང་བ་ཆེ་བ་ཇོ་ལྕམ་ཕུར་མོའི་སྲས་འཁོན་ཀུན་དགའ་འབར་རྒྱ་གར་དུ་སློབ་གཉེར་ལ་བྱོན་པས་ཚད་པས་གཤེགས། སྲས་དང་པོ་དེ་འཁོན་ཀུན་དགའ་འབར་ཟེར་མཁན་དེ་རྒྱ་གར་ལ་སློབ་གཉེར་ལ་བྱོན་པས་ཚད་པས་རྦད་དེ་བཤགས་༼གཤེགས་༽པ། དེའི་འོག་མ་གཅིག་འོད་སྒྲོན་གྱི་སྲས་མི་ཐུབ་ཟླ་བའི་སྤྲུལ་པ། དེ་དེ་ནི་མི་ཐུབ་ཟླ་བའི་སྤྲུལ་པ་འཁོན་བསོད་ནམས་རྩེ་མོ་ཟེར་མཁན་དེ། དེ་ནི་འོང་འཁོན་བསོད་ནམས་རྩེ་མོ་ཟེར་མཁན་དེ། ས་སྐྱའི་ད་ལྟ་དེ་རེད་པ། དཀར་པོ་རྣམ་གསུམ་གྱི་དེ་ནི་གཉིས་པ་དེ་རེད་པ།
- ནོར་བྲང་ཨོ་རྒྱན།འཁོན་བསོད་ནམས་རྩེ་མོ་རྗེ་བཙུན་བསོད་ནམས་རྩེ་མོ་ཞུ་མཁན་དེ་ཡིན་ན། རབ་བྱུང་གསུམ་པའི་ཆུ་ཁྱི་སྤྱི་པོ་༡༡༤༢ལོར་འཁྲུངས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཡབ་མེས་ཀྱི་ཆོས་འབྲས་བུའི་ཐེག་པ་ཐོས་བསམ་དང་། དགུང་ལོ་དེ་ནི་ཡབ་མེས་ཀྱི་ཡབ་དེ་ནི་ས་ཆེན་ཀུན་དགའ་སྙིང་པོ་དང་མེས་པོ་དེ་ནི། འཁོན་དཀོན་མཆོག་རྒྱལ་པོ་ལ་སོགས་པ་དེ་འདྲས་ཀྱི་ཆོས་འབྲས་བུའི་ཐེག་པ་ལ་ཐོས་བསམ་དང་། ཐོས་བསམ་གནང་ནས་དགུང་ལོ་བཅུ་བདུན་པའི་སྐབས་འོང་དགུང་ལོ་བཅུ་བདུན་པའི་སྐབས། གདན་ས་དེ་ནི་ས་སྐྱའི་གདན་ས་དེ་ནི་གཅུང་གྲགས་པ་རྒྱལ་མཚན་ལ་གནང་ནས་ཨ་ནི་ཁོང་ཡིན་ན།
- ནོར་བྲང་ཨོ་རྒྱན།གསང་ཕུ་ནེའུ་ཐོག་ཏུ་ཆ་པ་ཆོས་ཀྱི་སེང་གེ་ལ་རྒྱུའི་ཐེག་པ་ཐོས་བསམ་མཛད་ནས་མཁས་པ་ཆེན་པོར་གྱུར་ཟེར།
- ནོར་བྲང་ཨོ་རྒྱན།འོང་། ད་རྒྱུའི་ཐེག་པ། རྒྱུ་དང་འབྲས་བུའི་ཐེག་པ་ཟེར་མཁན་གཅིག་ཡོའོ་རེད། རྒྱུའི་ཐེག་པ་དེ་ནི་རྒྱུའི་ཐེག་པ་ལ་དེ་ནི་ཐོས་བསམ་བྱས་ནས་མཁས་པ་ཆེན་པོར་གྱུར་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ལྟར་སྐྱེས་བུ་དམ་པ་འདིས་གདན་ས་ལོ་གསུམ་ལས་མ་མཛད་པ་ཕལ་ཆེར་དབེན་པ་ལ་གཞོལ་བའི་མཛད་པ་བསྐྱངས་ནས་དགུང་ལོ་ཞེ་གཅིག་པ་རབ་བྱུང་གསུམ་པའི་ཆུ་སྟག་སྤྱི་ལོ་༡༡༨༢ལ་སྐུ་གཤེགས་སོང་ཟེར། ཁོང་དེ་ནི་རྗེ་བཙུན་བསོད་ནམས་རྩེ་མོ་དེ་གང་འདྲས་རེད་ཟེར་ན། ད་བསོད་ནམས་རྩེ་མོ་དེ་ཡིན་ན་མང་ཆེ་བ་ལོ་གསུམ་གདན་ས་ལོ་གསུམ་མཛད་པ་མ་གཏོགས་དེ་ནི་མང་ཆེ་དེ་ནི་དབེན་པ་ལ་སྒྲུབ་པ་བསྐྱོན་ནས་བཞུགས་ནས་དེ་ནི་དགུང་ལོ་ཞེ་བཅུ་ཞེ་གཅིག་བར་རབ་བྱུང་གསུམ་པའི་ཆུ་སྟག་སྤྱི་ལོ་༡༡༨༢ལོར་སྐུ་གཤེགས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེའི་གཅུང་འཁོན་གྲགས་པ་རྒྱལ་མཚན་ནི་འཁོན་གྲགས་པ་རྒྱལ་མཚན་ཟེར་ཡས་དེ་ཡིན་ན། དེ་ནི་ས་སྐྱ་པའི་དེ་རེད་པ། ས་སྐྱ་པ་དཀར་པོ་རྣམ་གསུམ་གྱི་མཐའ་མ་དེ་རེད་པ། གྲགས་པ་རྒྱལ་མཚན།
- ནོར་བྲང་ཨོ་རྒྱན།རྗེ་བཙུན་གྲགས་པ་རྒྱལ་མཚན་ནི་རབ་བྱུང་གསུམ་པའི་མེ་ཡོས་སྤྱི་ལོ་༡༡༤༧ལོར་སྐུ་འཁྲུངས་ཤིང་ཟེར། ཨེ་རྡོ་རྗེ་འཛིན་པའི་ཆོས་ཀྱི་རྒྱལ་སྲིད་ལ་དགུང་ལོ་བཅུ་གསུམ་། དེ་ནི་རྡོ་རྗེ་འཛིན་པ་ས་སྐྱའི་དེ་ནི་རྒྱལ་སྲིད་ལ་དེ་ནི་ཆོས་ཀྱི་གདན་ས། རྒྱལ་སྲིད་ལ་ག་དུས་བཞུགས་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ལ་རེས་ཟེར་ན་དགུང་ལོ་ཉེར་དྲུག་ནས་གདན་ས་མཛད་པ་ཡིན་ཟེར་གསུངས་ཚུལ་དེ་འདྲས་ཡོའོ་རེད་ཟེར། ཡིན་ནའི་གཙོ་བོ་དགུང་ལོ་བཅུ་གསུམ་ནས་དགུང་ལོ་བདུན་བཅུ་སྐུ་མ་གཤེགས་པར་དེ་ནི་མངའ་དབང་བསྒྱུར་བས་ཟེར། དགུང་ལོ་བདུན་ཅུ། དགུང་ལོ་བཅུ་གསུམ་ནས། དགུང་ལོ་བཅུན་བཅུ་སྐུ་མ་གཤེགས་པར་དུ་མངའ་དབང་བསྒྱུར་བའི་གྲུབ་པའི་དབང་ཕྱུག་ཆེན་པོ་དེ་ཐོས་བསམ་སྒོམ་པའི་གྲུ་གཟིངས་ལ་བརྟེན་ནས། དེ་ནི་ཟུང་འཇུག་ནོར་བུའི་གླིང་དུ་གཤེགས་པ།
- ནོར་བྲང་ཨོ་རྒྱན།ད་དེ་འདྲས་ཀྱི་དཔེར་ན། ཐོས་བསམ་སྒོམ་པའི་དེ་ནི་གྲུ་གཟིངས་ལ་བརྟེན་ནས་ཟུང་འཇུག་གི་མདོ་སྔགས། ཐབས་ཤེས་ཟུང་འཇུག་གི་་དཔེར་ན། དེ་ནི་ནོར་བུའི་གླིང་དུ་བཞུགས་པ་དེ་འདྲས་གཅིག་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཡོན་ཏན་གྱི་དངོས་པོ་ཁོང་གི་དེ་ནི་ཡོན་ཏན་གྱི་དངོས་པོ་བརྗོད་པའི་མཐའ་དང་བྲལ་ཞིང་། ཟེར། ད་དཔེར་ན་ཁོང་གིས་སྐུ་ཡོན་གྱི་ཐོག་ལ་རེད་པ། མཁས་དང་གྲུབ་པའི་ཡོན་ཏན་ཐོག་ལ་ཆ་བཞག་ན་ད་བསམས་ཀྱིས་མི་ཁྱབ་པ་དེ་འདྲས་བྱུང་བྱས། སྐབས་དེ་དུས་ཁ་ཆེ་པཎ་ཆེན་ཞུ་མཁན་གཅིག་ཡོའོ་རེད། དེ་ཡིན་ན་དེ་ནི་རྦད་དེ་རྩིས་བསྐྱོན་ནས་ཉི་ཟླ་གཟའ་འཛིན་འབྱུང་བར་ལུང་བསྟན་པ་དེ་ན་ཡིན་ན་རྗེ་བཙུན་གྲགས་པ་རྒྱལ་མཚན། རྒྱལ་མཚན་གྱི་དེ་ནི་ག་རེ་གནང་ཟེར་ན།
- ནོར་བྲང་ཨོ་རྒྱན།འདི་ཉིད་ཀྱིས་རྩ་རླུང་གཟིར་བས་དེ་ནི་ཉི་ཟླ་གཟའ་འཛིན་ཡིན་ནའི་མ་བྱུང་བ་དེ་འདྲས་བྱུང་བ་རེད་ཟེར། ད་ག་ནང་ལྟར་དེ་ནི་རྡོ་རྗེ་དང་དྲིལ་བུ་ནམ་མཁའ་ལ་འཇོག་ནུས་ཤིང་དེ་དག་གི་རང་སྒྲ་འཁྲོལ་བ་ཟེར་ན། ད་ག་ནང་ལྟར་དེ་ནི་རྫུ་འཕྲུལ་གྱིས་རྡོ་རྗེ་དང་དྲིལ་བུ་ཡིན་ནའི་ནམ་མཁའ་ལ། བཞག་ནས་རེད་པ། བཞག་བྱས་དེ་ནི་དེ་དག་གི་རང་སྒྲ་དེ་ནི་རྡོ་རྗེ་དྲིལ་བུ་དེ་འདྲས་ཀྱི་རང་སྒྲ་སྒྲོགས་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།མ་མགོན་ལྕམ་དྲལ་བྲན་དུ་འཁོལ་ནུས་པ། མ་མགོན་ལྕམ་དྲལ་ཟེར་ན་དེ་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གོ་ནུས་ས་ལ་སོགས་པ་ངོ་མཚར་གྱི། ངོ་མཚར་བའི་མཛད་པ་ནི་ཤིན་ཏུ་མང་བ་བསྐྱངས་ནས་མཐར་ག་རེ་བྱས་པ་རེད་ཟེར་ན། རབ་བྱུང་བཞི་པའི་མེ་བྱི་སྤྱི་ལོ་༡༢༡༦ལོར་སྐུ་གཤེགས་པ་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེའི་གཅུང་དཔལ་ཆེན་འོད་པོ་ཆེ་ཟེར་མཁན་དེ་གང་འདྲས་རེད་ཟེར་ན། རབ་བྱུང་གསུམ་པའི་ལྕགས་རྟ་སྤྱི་ལོ་༡༡༥༠ལོར་འཁྲུངས། རབ་བྱུང་གསུམ་པའི་ཆུ་ཕག་སྤྱི་ལོ་༡༢༠༣ལོར་སྐུ་བཤགས་༼གཤེགས༽ཟེར།
- ནོར་བྲང་ཨོ་རྒྱན།དཔལ་ཆེན་འདོ་པོ་ཡིས་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་ཁབ་ཏུ་བཞེས་པའི་སྲས་གཉིས་ལས་ཟེར། གར་ཕུ་མ་ཁབ་བཞེས་པས་ཆེ་བ་འཁོན་དཔལ་ལྡན་དོན་གྲུབ་ཆེ་བ་འཁོན་དཔལ་ལྡན་དོན་་གྲུབ་ཟེར་མཁན་དེ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་མཚན་ལ་ཐོག་མ་ཡིན་ན། དཔལ་ལྡན་དོན་གྲུབ་ཞུ་གི་ཡོའོ་རེད་པ། ཁོང་ནི་རབ་བྱུང་གསུམ་པའི་ཆུ་སྟག་སྤྱི་ལོ་༡༡༨༢ལོར་སྐུ་བལྟམས་པ་རེད། ཟེར།
- ནོར་བྲང་ཨོ་རྒྱན།སྐྱེ་བ་ཉི་ཤུ་རྩ་ལྔ་ལ་མིའི་སྲིད་པ་བཟུང་ཞིང་ནས་དེ་ནི་ཁོང་གིས་རྦད་དེ། ཁོང་ཡིན་ན་སྐུ་ཚེ། སྐྱེ་བ་ཉི་ཤུ་རྩ་ལྔའི་རིང་ལ་མིའི་སྲིད་པ་དེ་ནི་མུ་མཐུད་ནས་བཟུང་ནས། བཟུང་བྱས་རེད་པ། མུ་མཐུད་བྱས་བཟུང་བྱས་རེད་པ་མི། མི་རབས་ཉི་ཤུ་རྩ་ལྔ་དེ་འདྲས་ཡིན་ན། ཨེ་སྲིད་པ་དེ་འདྲས་བཟུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།མི་རབས་ཟེར་ནའི་ཁོང་གི་སྐུ་སྐྱེ་དེ་འདྲས་མི་མཐུད་ནས་དེ་ནི་མིའི་སྐུ་སྐྱེ་དེ་འདྲས་ཉི་ཤུ་རྩ་ལྔ་བཟུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།འཇམ་དཔལ་དབྱངས་ཀྱི་བྱིན་རླབས་ག་བུར་གསར་པའི་ཐིགས་པ་སྙིང་ལ་སིམ་པ་ཟེར་ན། འཇམ་དཔལ་དབྱངས་ཀྱི་དཔེར་ན། མཁྱེན་པའི་བྱིན་རླབས་དཔེར་ན་ཁོང་གིས་ཐུགས་ལ་འཇག་ནས་དེ་ནི་ག་རེ་བྱས་རེད། སྙིང་ལ་སིམ་པས་མི་ཤེས་པའི་ཚ་གདུང་རྒྱང་རིང་པོར་བསྲིངས་པས། ཆུང་ངུའི་དུས་ནས་དེ་ནི་ཁོང་གི་དེ་ནི་མ་རིག་པ་དང་མ་མཁྱེན་པ་དེ་འདྲས་མེད་པ་དཔེར་ན། དེ་འདྲས་མི་ཤེས་པའི་ཚ་གདུང་དེ་འདྲས། རྒྱང་རིང་པོར་བསྲིངས་པས་ཆུང་ངུའི་དུས་ནས་སྐུ་ཆུང་ངུའི་དུས་ནས། གང་བྱས་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།རྒྱ་གར་གྱི་སམ་སྐྲྀ་ཏའི་སྐད་སྨྲ་བ་དང་། ལཉྪ་དང་ཝརྟུའི་ཡི་གེ་འབྲི་བ་སོགས་ད་ག་ནང་ལྟར་གྱི་དེ་ནི་སྐུ་སྐྱེ་བ་སྔོན་གྱི་སྐྱེ་བ་སྔོན་སྔོན་མ་ཚོ་དེ་ནི་ཐོས་བསམགནང་བ་བག་ཆགས་དེ་འདྲས་དེ་ནི་བསད་པ། རྣམ་འགྱུར་དུ་མ་དེ་འདྲས་ཡིན་ནའི་གནང་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།གནང་ནས། རྗེ་གྲགས་པ་རྒྱལ་མཚན་གྱི་དུང་དུ་དགེ་བསྙེན་གྱི་སྡོམ་པ་བླངས་པའི་དེ་ནི་ཁོང་གི་ད་སྐུ་མཆེད་རེད་པ་རྗེ་གྲགས་པ་རྒྱལ་མཚན། གྲགས་པ་རྒྱལ་མཚན་གྱི་དུང་དུ་དགེ་བསྙེན་གྱི་སྡོམ་པ་བླངས་པའི་མཚན་ཀུན་དགའ་རྒྱལ་མཚན། ཀུན་དགའ་རྒྱལ་མཚན་དུ་བཏགས་ཟེར།
- ནོར་བྲང་ཨོ་རྒྱན།བྱས་ནས་མཚན་ལ་ཡིན་ན་ཐོག་མ་ཡིན་དཔལ་ལྡན་དོན་གྲུབ་ཡིན་ནའི་ཞུ་གྱི་ཡོའོ་རེད་པ། དེ་ནས་དགེ་བསྙེན་གྱི་སྡོམ་པ་བཞེས་ནས་མཚན་དེ་ཀུན་དགའ་རྒྱལ་མཚན་ཞེས་པ་ད་ཡོངས་རྫོགས་ཀྱིས་གྲགས་པ་དེ་ནི་ས་ཆེན་ཀུན་དགའ་རྒྱལ་མཚན་ཟེར་མཁན་ད་ག་རང་རེད།
- ནོར་བྲང་ཨོ་རྒྱན།གཞོན་ནུའི་དུས་ནས་ཐོས་པ་མེད་པ་སྒོམ་ཆེན་རྒན་པོའི་རྣམ་ཐར་འཛིན་པའི་རྫུ་བག་གིས་མི་ཚེ་དོན་མེད་དུ་སྟོང་པར་ཡོལ་བའི་ལུགས་རྣམས་ཆུ་ཤིང་སྙིང་པོ་དོན་མེད་པར་གཟིགས་ནས། ཟེར་ན། ད་སྐུ་གཞོན་ནུའི་དུས་ནས་གང་འདྲས་རེད་ཟེར་ན། ཐོས་པ་མེད་པའི་སྒོམ་ཆེན་རྒན་པོའི་རྣམ་ཐར་འཛིན་པ་དེ་ནི། ད་རྦད་དེ་སྒོམ་ཆེན་རྒན་པོའི་རྣམ་ཐར་དེ་འདྲས་རྫུ་རྫུ་རུ་བྱེད་མཁན་གྱི་དེ་ནི། དེ་ནི་དེ་འདྲས་བྱས་པ་ཡིན་ན།
- ནོར་བྲང་ཨོ་རྒྱན།དེ་ནི་དེ་མིའི་མི་ཚེ་དེ་དོན་མེད་སྟོང་པར་ཡོལ་བའི་དེ་ནི་སྟོང་པ་སྟོང་ཟད་ལ་འགྲོ་བའི་དེ་ནི་འགྲོ་བའི་ལུགས་ལ་དེ་ལ་ཆུ་ཤིང་གི་སྙིང་པོ་ལྟ་བུར་ཟེར་ན། དེ་ནི་ཆུ་ཤིང་ཟེར་མཁན་དེ་ལ་སྙིང་པོ་ཡོའོ་མ་རེད་པ། སྙིང་པོ་མེད་པར་གཟིགས་ནས། ག་རེ་གནང་བ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།མཁས་དང་གྲུབ་པའི་བླ་མ་དུ་མར་བསྟེན་ནས་ཟེར་ན། དེ་ནི་མཁས་པ་དང་གྲུབ་པའི་བླ་མ་དུ་མ་་ལ་བསྟེན་ནས། བཟོ་རིག་པ་དང་། གསོ་བ་རིག་པ་དང་། སྒྲ་རིག་པ་དང་། གཏན་ཚིགས་རིག་པ་དང་། ནང་རིག་པ་སྟེ་རིག་གནས་ཆེ་བ་ལྔ་དང་། ད་ག་ནང་ལྟར་གྱི་སྙན་དངགས། མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་སོགས་བྱས་ནས་དེ་འདྲས་ཀྱི་དཔེར་ན་རིག་གནས་ཆེ་བ་ལྔ་བྱས་མདོར་ན། བཅུ་ཕྲག་རིག་པའི་གནས་མཐའ་དག་ལ་དེ་ནི་མཁས་པར་སྦྱངས་ནས་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།མཁས་པར་སྦྱངས་ནས་གང་འདྲས་རེད་ཟེར་ན། ས་སྐྱ་པཎྜི་ཏ་ཞེས་པའི་སྙན་པའི་གྲགས་པ་དབུས་འགྱུར་རྡོ་རྗེ་གདན་གྱི་མཛེས་རྒྱན་དུ་སྤུད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་སྙན་གྲགས་དེ་རྦད་དེ། བོད་ཙམ་མ་ཡིན་པའི་ཡུལ་དབུས་འགྱུར་རྡོ་རྗེ་གདན་རྒྱ་གར་ལ་ཆ་བཞག་ནའི་དཔེར་ན་ཤིན་ཏུ་ནས་ཁྱབ་ཆེན་པོ་དེ་འདྲས་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ད་ག་ནང་ལྟར་བོད་འདིར་གནས་ལྔ་རིག་པའི་སྲོལ་འབྱུང་བ་འདི་ཉིད་ཀྱི་བཀའ་དྲིན་ཡིན་ཟེར་ན། བོད་ལ་ཡིན་ན་གནས་ལྔ་རིག་པ་སྲོལ་འབྱེད་མཁན་ཨ་ནི་རྦད་དེ་གནས་ལྔ་རིག་པ་གནས་ལྔ་པ། བཟོ་རིག་པ། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་རིག་པ་ལ་སོགས་པ་གནས་ལྔ་རིག་པ་སྲོལ་བྱུང་ཡས་དེ་ཐོག་མ་དེ་ནི་རྗེ་འདི་ཉིད་ཀྱི་བཀའ་དྲིན། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་འདི་ཉིད་ཀྱི་བཀའ་དྲིན་ཡིན། ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་ནི་མིང་དང་དོན་མཐུན་པའི་མཁས་པ་ཟུར་མཁར་བློ་བློས་ཟེར་མཁན་དེ་མཁས་པ་་མིང་དང་དོན་མཐུན་པ། མཚན་དོན་མཚུངས་པའི་དེ་ནི་བོད་ཀྱི་མཁས་པ་ཟུར་མཁར་བློ་གྲོས་རྒྱལ་པོས། ག་རེ་གསུངས་ཡོའོ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།འོང་། སེམས་ཀྱི་ཆོས་ཉིད་རྗེན་འཆར་མ་མཐོང་ཡང་། སེམས་ཀྱི་ཆོས་ཉིད་ཟེར་ཡས་དེ་རྗེན་པར་འཆར་བ་དེ་མཐོང་ཡས་ཀྱི་སེམས་ཀྱི་ཆོས་ཉིད་ཟེར་ཡས་དེ། དེ་ནི་མཐོང་ཡས་ག་གའི་ཡོའོ་མ་རེད་ཟེར།
- ནོར་བྲང་ཨོ་རྒྱན།མ་མཐོང་ཡང་ཟེར། ཚེ་འདིར་མཁོ་བ་འི་ཤེས་བྱའི་ཚིག་དོན་ཤེས། གསུངས་པ་ཡང་། དེ་ནི་རྦད་དེ་ད་ཁོང་རང་ལ་ཆ་བཞག་ན་ད་ངས་རྦད་དེ། དཔེར་ན་སེམས་ཀྱི་ཆོས་ཉིད་རྗེན་པར་འཆར་བ་དེ་ངས་མཐོང་མ་སོང་དའི་ཡིན་ནའི་ཚེ་འདིར་དགོས་ཡས་ཀྱི་དེ་ནི་ཤེས་བྱའི་ཚིག་དོན། ངས་ཤེས་སོང་ཟེར་ཡས་དེ་འདྲས་གསུངས་པ་ཡང་། གངས་ཁྲོད་ཀྱི་བླུན་སྒོམ་རྣམས་ཚུལ་དཔགས་ན་ཐུགས་ཤིན་ཏུ་མད་དོ་ཟེར།
- ནོར་བྲང་ཨོ་རྒྱན།དེའི་སྐབས་དེ་དུས་ད་དེ་འདྲས་གསུངས་ཡས་ལ་ཆ་བཞག་ན། སྐབས་དེ་དུས་དེ་ནི་གངས་རིའི་ཁྲོད་ཀྱི་བླུན་པོ་རྣམས་ཀྱི་ཐུགས་ལ་ཕྱིན་ན། ཨ་ནི་ཁོང་གི་གསུང་ཡས་ཤིན་ཏུ་ཐུགས་བདེན་པ་དེ་འདྲས་ཡིན་ན་གནས་ཚུལ་རེད་ཟེར།
- ནོར་བྲང་ཨོ་རྒྱན།སྐྱེས་བུ་དམ་པ་དེ་ནི་ཡིན་ན་རྦད་དེ། དེ་ནི་ས་ཆེན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་སྐྱེས་བུ་དེ་ནི་ཡིན་ན་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲཱ་དུང་དུ་དེ་ནི་བསྙེན་པར་རྫོགས་པའི་སྡོམ་པ་མནོས་ཏེ་ཟེར།
- ནོར་བྲང་ཨོ་རྒྱན།ཁ་ཆེན་པཎ་ཆེན་གྱི་ཤཱཀྱ་ཤྲཱི་བྷ་དྲཱ་ཟེར་མཁན་དེ། དེ་ནི་བསྙེན་པར་རྫོགས་པའི་སྡོམ་པ་མནོས་པའི་ཚེ། མཁན་་པོའི་མཚན་གྱིས་མཐའ་ཅན་དུ་བྱས་ནས་ག་རེ་རེད་ཟེརྣ། ཀུན་དགའ་རྒྱལ་མཚན་གྱི་མཇུག་ཏུ་དཔལ་བཟང་པོ་སྦྱར་ཟེར།
- ནོར་བྲང་ཨོ་རྒྱན།སྔོན་མ་ནས་ཀུན་དགའ་རྒྱལ་མཚན་ཀུན་དགའ་རྒྱལ་མཚན་ཞུ་གི་ཡོའོ་རེད་པ། དེ་ནི་བསྙེན་པར་རྫོགས་པ་དེ་ནི། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲུང་དི་བསྙེན་པར་རྫོགས་པའི་ཞེས་པའི་གཞུག་གུ་ལ་དེ་ནི། མཚན་ལ་དེ་ནི་དཔལ་བཟང་པོ། ཟེར་མཁན་དེ་སྦྱར་ར་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཟེར་ཡས་དེ་སྦྱར་བ་རེད་ཟེར། ཁོང་གི་སྐབས་དེ་དུས་ཆ་བཞག་ན་བོད་ལ་མུ་སྟེགས་ཀྱི་སྟོན་པ་འཕྲོག་བྱེད་དགའ་བ་ལ་སོགས་པ་དེ་ནི་རྒྱལ་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་བྱེད་དུས་ཙམ་པ་དེ་ཚོ་རྦད་དེ་སྒྲ་དང་ཚད་མ་ལ་སོགས་པ་དེ་འདྲས་ཀྱི་རིག་པའི་དེ་ནི་དཔེར་ན་རིག་པའི་རྩལ་སྟོན་ནས་རྩོད་པ་བརྒྱབ་ཡས་ལ་སོགས་པ་དེ་འདྲས་ཀྱི་ཐོག་ལ་དེ་ནི། བོད་ལ་དེ་ནི་མུ་སྟེགས་ཀྱི་སྟོན་པ་འཕྲོག་་བྱེད་དགའ་བོ་ལ་སོགས་པ་དེ་འདྲས་ཡིན་ན་བྱུང་ཡོའོ་རེད། དེ་ཚོ་ལ་ཡིན་ན། རིག་པའི་ལུས་སྟོབས་ཀྱི་རྣམ་པར་རྒྱས་པའི་གཉིས་འཐུང་ཁོ་བོ་ཅག དེ་ནི་རྦད་དེ་ཁོ་ཚོའི་དེ་ནི།
- ནོར་བྲང་ཨོ་རྒྱན།སྤོབས་པ་འདྲ་པོ་ཆེན་པོ་ཞེ་དྲག་བྱས་ནས། རིག་པའི་ལུས་སྟོབས་རྣམ་པར་རྒྱས་པའི་ཟེར་ན། དེ་ནི་ང་ཚོ་ཡིན་ན་རིག་གནས། རིག་པའི་གནས་ལ་མཁས་པ་ཆེན་པོ་ཞེ་དྲག་དེ་འདྲས་ཀྱི་དཔེར་ན་དེ། རིག་པའི་ལུས་ཀྱི་རྣམ་པར་རྒྱས་པའི་སྙིང་འཐུང་ཁོ་བོ་ཅག་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ནི་གླང་པོ་ཆེན་པོ་ནང་ལྟར་ཨ་ནི་ང་ཚོ་བོད་ལ་ཕྱིན་སོང་ན། དེ་ནི་འོང་དེ་ན་གནས་པའི་སྐྱེ་བོ་གོ་ཏ་མའི་དགེ་སློང་དུ་ཁས་འཆེས་པ། དེ་ནི་དེ་བོད་ལ་ཆ་བཞག་ན། གང་ཡིན་ཟེར་ན་སྐྱེ་བོ་གོ་ཏ་མའི་དགེ་སྦྱོང་། སྐྱེ་བོ་གོ་ཏ་མའི་དགེ་སློང་དུ་ཁས་འཆེས་པ་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་མུ་སྟེགས་སྟོན་པ་ཟེར་ཡས་དེ་གང་རེད་ཟེར་ན། བཅོམ་ལྡ་ན་འདས་ལ་དགའ་གི་མ་རེད་པ། སྐྱེ་བོ་གོ་ཏ་མ་ཟེར་ཡས་དེ་བཅོམ་ལྡན་འདས་རེད་པ། སྐྱེ་བོ་གོ་ཏ་མའི་དགེ་སློང་དུ་ཁས་འཆེས་པ། བུད་མེད་ཀྱི་བརྟུལ་ཞུགས་འཛིན་ཞིང་ལྟ་བ་དང་སྤྱོད་པ་ངན་པ་ལ་ཞེན་པ་དེ། དེ་ནི་བུད་མེད་ཀྱི་བརྟུལ་ཞུགས་འཛིན་པ་དེ་ནི་གང་ཡིན་ཟེར་ན།
- ནོར་བྲང་ཨོ་རྒྱན།བུད་མེད་ཀྱི་བརྟུལ་ཞུགས་དེ་ནི་རྦད་དེ་བོད་ཀྱི་དཔེར་ན། དགེ་བཤེས་དགེ་སློང་དེ་གས་དེ་གང་ཡིན་ཟེར་ན། དཔེར་ན་སྤྱོད་པ་སྨད་དུ་བྱུང་བ་དེ། དེ་ནི་ཞི་ཞིང་དུལ་བ་དེ་འདྲས་རེད་པ།
- ནོར་བྲང་ཨོ་རྒྱན།དེ་ནི་བུད་མེད་ཀྱི་བརྟུལ་ཞུགས་འཛིན་ཞིང་། ལྟ་བ་དང་སྤྱོད་པ་ངན་པ་ལ་ཞེན་པ་དེ་དག་དེ་ནི་བཟློག་པར་བྱའོ་ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་ཀྱི་དཔེར་ན། ཁོང་ཚོས་ཁོང་ཁྲོ་འདྲ་པོཆེན་པོ་དང་། ད་ག་ནང་ལྟར་གྱི་དེ་ནི་རྦད་དེ། དཀར་ནག་ཕྱིན་ཅི་ལོག་པའི་དེ་ནི་སྤོབས་པ་ཆེན་པོ་བྱེད་ཅིང་། དེ་ནི་མ་བོས་བཞིན་དུ་ང་རྒྱལ་དང་བཅས་ནས་དེ་ནི་བོད་ལ་ཡོང་བ་དེ་འདྲས་གཅིག་རེད། ཟེར།
- ནོར་བྲང་ཨོ་རྒྱན།ང་རྒྱལ་དང་བཅས་ཏེ་ལྷགས་པ་དེ་ཡང་ཟེར། མང་ཡུལ་སྐྱིད་གྲོང་འཕགས་པ་ཝ་ཏིའི་གཙུག་ལག་ཁང་གི་ཉེ་འདབས་སུ་འཇིགས་པ་མེད་པའི་རྩོད་པའི་ང་རོས་ཚར་བཅད། དེ་ནི་མང་ཡུལ་གྱི་སྐྱིད་གྲོང་དུ་འཕགས་པ་ཝ་ཏིའི་དེ་ནི་གཙུག་ལག་ཁང་གི་ཉེ་འདབས་སུ་དེ་ནི། རྦད་དེ་དཔེར་ན་རྩོད་པ་གནང་ནས་རེད་པ། མུ་སྟེགས་དང་རྩོད་པ་གནང་ནས་དེ་ནི་དེ་གས་དེ་དེ་ནི་འཕྲོག་བྱེད་དགའ་བོ་ལ་སོགས་པ། དེ་གས་དེ་ཡིན་ན་རྦད་དེ་ཚར་བཅད་པ་དེ་འདྲས་རེད།ཟེར།
- ནོར་བྲང་ཨོ་རྒྱན།འོན་ཀྱང་འཕྲོག་བྱེད་དགའ་བའི་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕུར་ཏེ་བྲོས་འགྲོ་བ་སློབ་དཔོན་འདའ་འཕྱར་རོགས་སུ་སྦྲན་ནས་ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་ནས་རྦད་དེ། སྐབས་དེ་དུས་དེ་ནི་འཕྲོགས་བྱེད་དགའ་བོ་ལ་རྩོད་པ་ཕམ་ཞིང་དེ་ནི་རྦད་དེ་ཨེ་ས་སྐྱ་པཎྜི་ཏ་མ་ཐུབ་པ་བྱས་བྱས་ནས། ཨེ་དེ་ནི་མུ་སྟེགས་པ་འཕྲོག་བྱེད་དགའ་བོ་དེ་ནི་བོས་༼བྲོས་༽ཤོར་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།རྫུ་འཕྲུལ་གྱི་དེ་ནི་མ་ཐུབ་པ་བྱས་བྱས། དེ་ནི་ནམ་མཁའ་ལ་འཕུར་ནས་འགྲོ་དུས་ཙམ་པ། ཨ་ནི་སྐབས་དེ་དུས་སློབ་དཔོན་འདའ་འཕྱར་རོགས་སློབ་དཔོན། འདའ་འཕྱར་ཟེར། སློབ་དཔོན་འདའ་འཕྱར་བ་ཞུ་མཁན་དེ་རེད། དེ་འདྲས་གཅིག་ཡོའོ་རེད།
- ནོར་བྲང་ཨོ་རྒྱན།རྒྱུན་གཏན་ནས་དེ་ནི་རྦད་དེ་འཕུར་པ། འཕུར་པའི་ཉམས་ཞིབ་མཐའ་གཅིག་ཏུ་གནང་མཁན་གྱི་གྲུབ་ཐོབ་འདའ་འཕྱར་བ་ཟེར་མཁན་དེ། དེ་ནི་ས་སྐྱ་པཎྜི་ཏས་དཔུང་རོགས་ལ་འདྲེན་ནས། གང་རེད་ཟེར་ན་དེ་ནི་ད་ལྟ་དེ་རེད་གང་ཟེར་དགོས་རེད།
- ནོར་བྲང་ཨོ་རྒྱན།ཨེ་མུ་སྟེགས་ཀྱི་སྟོན་པ་འཕྲོག་བྱེད་དགའ་བོ་ཟེར་ཡས་དེ་ནི་དེ་འདྲས་ཟེར་ཚར་བཅད་པ་དེ་འདྲས་རེད། ཚར་བཅད་ནས་དེ་ནི་ནང་པའི་བསྟན་པ་ལ་འཇུག་པར་མཁས་བླངས་ཟེར།
- ནོར་བྲང་ཨོ་རྒྱན།འོ་དེ་ནས་བརྟུལ་དེ་ནང་པའི་བསྟན་པ་ལ་འཇུག་པ་ཁས་བླངས། རབ་ཏུ་འབྱུང་བར་ཞུས་ཀྱང་མུ་སྟེགས་ཀྱི། འོང་ད་ཨེ་ནི་ནང་པའི་བསྟན་པ་ལ་ཞུགས་ཡས་ལ་ཁས་བླངས་པ་ཁོང་རང་ཡིན་ནའི་ཁས་པ་བླངས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཡིན་ན་ཡང་རབ་ཏུ་འབྱུང་བར་ཞུས་ཀྱང་། ང་དེ་ནི་རབ་འབྱུང་ཞུ་གྱི་ཡིན་གསུངས་དུས་ཙམ་པ། དེ་ནི་རབ་འབྱུང་གི་རྟགས་མ་གནང་པ་བྱས་བྱས། དེ་ནི་མུ་སྟེགས་ཀྱི་རྟགས་མ་བོར་བར་ཡོད་པ་རྣམས་ངོ་མཚར་བའི་ཆེད་དུ། དེ་ནི་མུ་སྟེགས་ཀྱི་རྟགས་མ་བོར་པར་ཡོད་པ་རྣམས། ངོ་མཚར་བའི་ཆེད་དུས་དེ་ནི། ཁྲིད་བྱོན་པ་སྔར་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་བསྟན་པ་བཅུ་གཉིས་ལ་བཀའ་བསྒོས་པའི་མཐུས་འཕྲོག་བྱེད་དགའ་བོ་ཁ་ནས་ཁྲག་སྐྱུགས་ཏེ་ཤི་བའི་རལ་བའི་ཅོད་པན་བྱས་ནས་ད།
- ནོར་བྲང་ཨོ་རྒྱན།ད་ཕ་ནས་ཚུར་རྦད་དེ་གང་ཟེར་དགོས་རེད་པས། མུ་སྟེགས་ཀྱི་བསྟན་པ་དེ་གས་དེ་རྦད་དེ་ཕམ་དེ་གས་དེ། ཕམ་པ་དེ་གས་དེ་རྦད་དེ་དམའ་བཅོག་ཡས་ཀྱི་ཆེད་དུ་ཁོང་རང་རྦད་དེ། ཁོང་རང་གིས་མུ་སྟེགས་ཀྱི་གཙོ་བོ་བཟུང་ནས་ཕ་གའི་ཁྲིད་ཕེབས་དུས་ཙམ་་པ་གང་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ཁྲིད་དུས་་ཙམ་པ་ཨ་ནི་སྔོན་མ་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་དེ་ནི་བསྟན་མ་བཅུ་གཉིས་ལ་དེ་ནི་བཀའ་བསྒོས་ནས་བོད་ལ་དེནི་དཔེར་ན་མུ་སྟེགས་པ། ཡོང་མ་ཐུབ་པའི་དེ་ནི་དེ་འདྲས་ཀྱི་བཀའ་བསྒོས་པ་ཡིན་དུས་ཙམ་པ་དེ་ནི། དེ་ནི་དེའི་མཐུ་ལ་བརྟེན་ནས། དེ་ནི་འཕྲོག་བྱེད་དགའ་བའི་ཁ་ནས་ཁྲག་སྐྱུགས་ཏེ་ཤི་བ་རེད། ཟེར།
- ནོར་བྲང་ཨོ་རྒྱན།ཤི་ནས་དེ་ནི་རལ་པ་དེ་ཚོ་ཡིན་ནའི་ས་སྐྱའི་དཔལ་ལྡན་ས་སྐྱའི་དབུ་རྩེ་རྙིང་མའི་ཀ་བའི་མཛེས་རྒྱན་དུ་ཡོའོ་རེད་ཟེར། དེ་ནི་དེ་གས་དེ་འཕྲོག་བྱེད་དགའ་བའི་རལ་པ་དེ་གས་དེ་ཨ་ནི་དཔལ་ལྡན་ས་སྐྱའི་དེ་ནི་དབུ་རྩེ་རྙིང་མའི་ཀ་བའི་དེ་ནི་མཛེས་རྒྱན་དུ་ཡོད་པ་དེ་འདྲས་གཅིག་རེད་ཟེར། བམས་བློ་ཡང་གཏོང་ཐུབ་པ་དེ་འདྲས་གཅིག་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནས་དགུང་ལོ་དྲུག་བཅུ་རེ་གཅིག་ལ་སྔོན་འགྲོའི་ཆོས་འཁོར་ཆེན་པོ་མཛད་ཟེར། སྔོན་འགྲོའི་ཆོས་འཁོར་ཆེན་པོ་མཛད། རེ་གཉིས་ལོ་ལ་ཧོར་ཇིང་གིར་གྱི་སྲས་པོ་ཐོ་ལོ་ནོ་ཡོན་གྱི་སྲས་ཨེ་ཆེན་གོ་དན་རྒྱལ་པོས་ཧོར་ཡུལ་དུ་སྤྱན་འདྲེན་པའི་ལུང་བཞིན་ཟེར་ན། དེ་ནི་དགུང་ལོ་དྲུག་བཅུ་རེ་གཉིས་པ་ལ་ཧོར་ཇིང་གིན་གྱི་རྒྱལ་པོ་ཐོ་ལོ་ནོ་ཡོན་གྱི་དེ་སྲས་འོང་ཨེ་ཆེན་གོ་དན་རྒྱལ་པོས་ཧོར་ཡུལ་དུ་སྤྱན་འདྲེན་པའི་ལུང་བྱུང་པ་བཞིན།
- ནོར་བྲང་ཨོ་རྒྱན།སྐབས་དེ་དུས་དེ་ནི་ས་པཎ་དཀུན་དགའ་དགུང་ལོ་དྲུག་བཅུ་རེ་གཉིས་ལ་སྐུ་ན་བགྲེས་པོ་བྱུང་ནའི་དེ་འདྲས་རེད་དའི། དེ་ནི་རྗེ་བཙུན་ཆེན་པོ་གཤེགས་ཁར་ཁྱོད་དེ་ནི་རྗེ་བཙུན་ཆེན་པོ་གཤེགས་ཁར། སྐུ་བཤགས་༼གཤེགས་༽ཁར་ལ་དེ་ནི་རྦད་དེ་ཞལ་མཆེམས་ཆེད་དུ་ཨ་ནི་ཁྱེད་རང་རྦད་དེ་ཁྱེད་རང་ཡིན་ན་ཚེ་མཇུག་དེ་འདྲས་ལ་ཧོར་གྱི་ཡུལ་ཧོར་གྱི་ལུང་པར་སྐད་བཏང་་མཁན་ཡོང་གི་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་དེ་ལ་་ཕྱིན་ན་བསྟན་པ་གཅིག་དང་སེམས་ཅན་ལ་ཕན་པ་ཆེན་པོ་ཡོང་བའི་རྒྱུ་མཚན་རྣམས། ཕན་པ་བསྟན་པ་དང་སེམས་ཅན་ལ་ཨ་ནི་ཕན་པ་ཆེན་པོ་ཡོང་གི་རེད་གསུངས། དེའི་རྒྱུ་མཚན་ནི་རྒྱུ་མཚན་རྣམས་གོང་དེར། ས་སྐྱ་དཔེར་ན་ཁོང་གི་དེའི་ཚབ་ལ་ཆ་བཞག་ན་སློབ་དཔོན་གདན་ཚབ་བམ་ཆོས་དཔོན་དུ་འུ་ཡུག་པ་བསོད་ནམས་སེང་གེ་དང་ཟེར།
- ནོར་བྲང་ཨོ་རྒྱན།ཤར་པ་ཤེས་རབ་འབྱུང་གནས་གཉིས་བསྐོ་བཞག་གནང་ནས་ད་ད་ག་ནང་ལྟར་གྱི་དེ་ནི་གདན་ས་སྤྱིར་འགན་ནང་གཉེར་པ་གྲོམ་པ་ཤཱཀྱ་བཟང་པོ་དཀྲིས་ནས་ད་ཨེནི་ཁོང་དགུང་ལོ་དྲུག་ཅུ་རེ་གསུམ་པ་ལ། ས་སྐྱ་ནས་ཕེབས་ནས་དེ་ནི་ལམ་བར་ལ་དགུང་ལོ་དྲུག་བཅུ་རེ་གསུམ་པ་ལ། ཨ་ནི་ས་སྐྱ་པ་ལ་ཕེབས་ནས། དཔེར་ན་ཧོར་གྱི་ལུང་པ་ལ་ཕེབས་པའི་ལམ་བར་ལ་དེ་ནི་ལོ་གསུམ་འགོར་བས་དགུང་ལོ་དྲུག་ཅུ་རྩ་ལྔ་པའི་མེ་རྟ་སྤྱི་ལོ་༡༢༦༤ལོར་དེ་ནི་བྱང་ཕྱོགས་ཀྱི་དེ་ནི། ཧོར་གྱི་ལུང་པ་ལན་ཇུར་ཟེར་མཁན་དེ་རུ་ཕེབས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེའི་དུས་སུ་རྒྱལ་པོ་གོ་དན་གུ་ཡུག་གན་རྒྱལ་སར་སྟོན་པ་ལ་ཧོར་གྱི། དེའི་ཚེ་རྒྱལ་པོ་གོ་དན་གུ་ཡུག་གན་རྒྱལ་སར་སྟོན་པ་ལ་ཧོར་ཡུལ་་དུ་བཞུད་ནས་ཚུར་བྱོན་པ་དང་། ལུག་ལོ་ཟླ་བ་དང་པོར་མཇལ་བ་སོགས། དེ་ནི་སྐབས་དེ་དུས་ལུག་ལོ་ཟླ་བ་དང་པོ་ལ་དེ་ནི། མཇལ་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།མཇལ་ནས་དེ་ནི་དེ་རྒྱ་ཧོར་ཧོར་གྱི་ལུང་པའི་ཐོག་ལ་དེ་ནི་མང་པོ་ཕྱིན་གནང་བྱས། ད་ག་ནང་ལྟར་དེ་ནི་དཔག་པར་དཀའ་བའི་སྐུ་གསུང་ཐུགས་ཀྱི་མཛད་པ་དུ་མས་དེ་ནི་མཐའ་འཁོབ་ཀྱི་རྒྱལ་ཁམས་མཐའ་དག་དམ་པའི་ཆོས་ཀྱིས་གསལ་བ་མཛད་པ། སྐབས་དེ་དུས་དེ་ནི་ད་རྒྱ་ནག་དང་། ཧོར་གྱི་ལུང་པ་ལ་སོགས་པ། དེ་ཚོ་ལ་བྱོན་གནང་པའི་བསྟན་པ་དེ་ཞེ་དྲག་དར་མེད་པའི་དེ་ནི་སྐུ་གསུང་ཐུགས་ཀྱིས་དེ་ནི་མཛད་པ། བསམ་གྱིས་མི་ཁྱབ་པ་བསྟན་ནས་དེ་ནི་མཐའ་འཁོབས་ཀྱི་རྒྱལ་ཁམས་ཆོས་ཀྱི་གསལ་བ་རྒྱས་པ། ཨེ་ཆོས་ཀྱིས་གསལ་བ་མཛད་པ་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།སྐབས་དེ་དུས་དེ་ནི་རྒྱལ་པོ་ཡིན་ན། དེ་ནི་ས་བདག་གི་ནད་ཀྱིས་ཐེབས་པའི་དོན་དུ་འཕགས་པ་སེང་གེ་སྒྲའི་ཆོ་ག་མཛད་པས། དེ་ནི་འཕགས་པ་སེང་གེ་སྒྲའི་ཆོ་ག་མཛད་པས། དེ་ནི་རྒྱལ་པོ་ཡིན་ན་ནད་ལས་རྣམ་པར་གྲོལ་བ་དེ་འདྲས་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ནད་ལས་རྣམ་པར་གྲོལ་བའི་མི་འཇིགས་པའི་སྦྱིན་པ་བླ་ན་མེད་པ་སྩལ་བས་དེ་འདྲས་གནང་ང་རེད་ཟེར།
- ནོར་བྲང་ཨོ་རྒྱན།བླ་ན་མེད་པ་གནང་དུས་ཙམ་པ་དེ་ནི་རྒྱལ་པོ་ཡིན་ནའི་དེ་ནི་དད་ནས་དད་པ་ཆེན་པོས་སེམས་བསྐྱེད་ལ་སོགས་པ། ཆོས་ལ་དད་པ་ཆེན་་པོས་སེམས་བསྐྱེད་ལ་སོགས་པ་ཆོས་མང་དུ་ཞུས། ཞུས་པ་ཙམ་མ་ཟད་པའི་ཆོས་གནས་རྣམས་ཀྱི་ཡིན་ནའི་གཙོ་བོ། གཙོ་བོ་ལ་རྦད་དེ། གོང་དུ་བཀུར་བྱས་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནས་བཟུང་སྟེ་སྐད་རིགས་མི་གཅིག་པའི་དེ་ནི་སྐད་རིགས་མི་གཅིག་པའི་གདུལ་བྱ་མང་པོ་ལ་དེ་ནི། ཨེ་གདུལ་བྱ་མང་པོ་དེ་ནི་དོན་མཛད་པ་དེ་འདྲས་གཅིག་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་སྐབས་དེ་དུས་ལན་ཀྲུའུ་བསྐྲུན་པའི་ཤར་པདྨའི་སྡེར་མདོ་ཕྱོགས་ཀྱི་བཤད་པ་དང་། ལྷོ་དབང་གི་སྡེར་དབང་བྱས་བརྒྱ་རྩ། ནུབ་རྒྱ་མཚོའི་སྡེར་ཀླུའི་རྒྱལ་པོ་རྣམས་དབང་དུ་བསྡུས་ཏེ། དམ་ལ་བཏགས་ནས་ཆར་ཆུ་དུས་སུ་འབེབས་པ་དང་། འཇིག་རྟེན་ཀུན་ཏུ་འབྲུ་ནོར་ལོངས་སྤྱོད་ཟད་མི་ཤེས་པའི་འདོད་རྒུ་འཇོ་བའི། འདོད་རྒུ་ཡིན་ན་ཆེན་པོ་དེ་འདྲས་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།འདོད་རྒུ་འཇོ་བའི་ཆར་ཅི་དགར་འབེབ་པར་མཛད། ཟེར། བྱང་དུ་སྒྱུ་མ་མཁན་གྱི་སྦྲུལ་པའི་གྲོང་ཁྲེར་ལ་མེ་ཏོག་འཐོར་བས། སྒྱུ་མ་མཁན་གྱིས་དེ་ནི་སྤྲུལ་པའི་གྲོང་ཁྱེར་གཅིག་བསྐྲུན་པ་དེ་ཚོ་ལ་ཆ་བཞག་ན་དེ་ནི་ས་སྐྱ་པཎྜི་ཏས་མེ་ཏོག་གཏོར་དུས་ཙམ་པ་དེ་ནི་སྒྱུ་མ་ཞིག་མ་ཐུབ་པར་། དེ་ནི་སྤྲུལ་པའི་སྡེ་གཅིག་ཟེར་མཁན་དེ་ཡང་། ཡ་མཚན་ཅན་དུ་གྲགས་པའི། དེ་ནི་སྤྲུལ་པའི་སྒྱུ་མ་མཁན་གྱི་སྤྲུལ་པ་དེ་ལ་བརྟེན་ནས། ཡིན་ནའི་དངོས་སུ་རང་འདི་ལ་དེ་ནི། སྤྲུལ་པའི་དེ་ལ་ཡ་མཚན་དུ་གྲགས་པ་དེ་འདྲས་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནས་དེ་ནི་ཆོས་རྗེ་ཉིད་དེ་ནི་བོད་དུ་བྱོན་པས་བྱང་ངོས་སུ་བཞུགས་ན་སངས་རྒྱས་བསྟན་པ་ལ་ཕན་ཆེ་བར་གཟིགས་ནས་གནས་དེར་ཐུགས་ལ་དེ་ནི་ཕབ། སྐབས་དེ་དུས་དེ་ནི་ས་པཎ་གྱི་ཐུགས་ལ་ཆ་བཞག་ན་རྦད་དེ་བོད་ལ་ཕེབས་པ་ལས་དེ་ནི། རྒྱ་ནག་རང་ལ་བྱང་ཕྱོགས་ལ་ཧོར་གྱི་ལུང་པ་རང་ལ་བཞུགས་ན། དེ་ནི་སངས་རྒྱས་བསྟན་པ་ལ་ཕན་ཆེ་བར་དགོངས་ནས་དེ་ནི་གང་བྱས་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།གསུངས་ནས་དེ་ནི་བོད་ཀྱི་ཨེ་གྲ་སློབ་རྣམས་ལ་གནང་སྦྱིན་དང་འབུལ་བ་མང་པོ་བསྐུར་གནང་ནས་ད་ག་ནང་ལྟར། ཆོས་ཀྱི་སྐྱེས་སུ་དེ་ནི་ཐུབ་པ་དགོངས་གསལ་ཞེས་བྱ་བ་བསྐུར་ནས། ད་ག་ནང་ལྟར་ས་པཎ་གྱི་དེ་ནི་སྤྲིངས་ཡིག་ཟེར་མཁན་དེ་སྐད་གྲགས་ཅན་དེ་དེ་ནི་ཨ་ནི་བོད་ཀྱི་ཁ་གཏུག་ལ། དགེ་བའི་བཤེས་གཉེན་དང་བཅས་པ་ལ། དེ་ཚོར་ཕར་བསྐུར་བ་གནང་། དེ་འདྲས་གཅིག་རེད་ཟེར།
- ནོར་བྲང་ཨོ་རྒྱན།ས་པཎ་གྱི་སྤྲིངས་ཡིག་ཟེར་མཁན་ཁོ་རང་རང་ལོགས་སུ་དེ་འདྲས་གཅིག་རེད།
- ནོར་བྲང་ཨོ་རྒྱན།ས་པཎ་གི་སྤྲིངས་ཡིག་དེའི་ནང་ལ་སྐབས་དེ་དུས་དེ་ནི། རྦད་དེ་ཧོར་གྱི་གནས་ཚུལ་འདྲ་པོ་འདྲ་པོ་དེ་ཚོ་གསལ་པོ་གསུངས་བྱས་དེ་འདྲས་རེད། ད་དེ་ཚོ་རྦད་དེ་ཨེ་ལོ་རྒྱུས་ཀྱི་དེ་ནི་ཡིག་ཆ་གལ་ཆེན་པོ་གཅིག་ལ་བརྩིས་ཀྱི་ཡོའོ་རེད་པ། དེ་འདྲས་བྱས་ནས་ད་དེ་འདྲས་ཀྱི་དཔེར་ན་འོང་། ས་སྐྱར་་སྤྲིངས་་ཡིག་དེ་འདྲས་གནང་ནས། བོད་ལ་དེ་འདྲས་ཡར་བསྐུར་འདྲ་གནང་།
- ནོར་བྲང་ཨོ་རྒྱན།དེ་འདྲས་གནང་ནས་དེ་ནི་ས་སྐྱའི་གདན་ས་ཡང་ལོ་རྩ་བ་དང་ད་ག་ནང་ལྟར་གྱི་ས་སྐྱའི་གདན་ས་སྔ་རྗེས་བསྡོམས་པས་ལོ་གསུམ་བསྐྱངས་པ་བཅས། ཟེར།
- ནོར་བྲང་ཨོ་རྒྱན།དེ་ལྟ་བུའི་དེ་ནི་དོན་རྒྱ་ཆེར་མཛད་ནས་དགུང་ལོ་བདུན་ཅུ་པར་རབ་བྱུང་བཞི་པའི་ལྕགས་ཕག་སྤྱི་ལོ་༡༢༥༡ལོར་དེ་ནི་སྐུའི་བཀོད་པ་དེ་ནི་ཡང་ལན་ཀྲུའུ་ཞེས་བྱ་བ་དེར་སྤྲུལ་པའི་སྡེ་དེ་ཉིད་དུ་བསྡུས་སོ། ལན་ཀྲུའུ་ཞེས་པའི་ས་ཆ་དེར་དེ་ནི་དགོངས་པ་རྫོགས་པ་དེ་འདྲས་གཅིག་རེད། ཟེར།
- ནོར་བྲང་ཨོ་རྒྱན།ཆོས་རྗེ་ས་སྐྱ་པཎྜི་ཏའི་གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་རབ་བྱུང་གསུམ་པའི་ཤིང་འབྲུག་སྤྱི་ལོ་༡༡༨༤ལོར་འཁྲུངས། དགུང་ལོ་ང་དྲུག་དེ་རབ་བྱུང་བཞི་པའི་ས་ཕག་སྤྱི་ལོ་༡༢༣༩ལོར་གཤེགས། ཁོང་གིས་དེ་ནི་ཨེ་རྒྱལ་མཚན་གྱི་བཙུན་མོ་ལྔ་ཁབ་ཏུ་བཞེས་པ་ལ་སྲས་ལྕམ་སྲིང་བརྒྱད་བྱུང་བའི་བཙུན་མོ་དང་པོ་མ་གཅིག་ཀུན་དགའ་སྐྱིད་ཀྱི་སྲས་བླ་མ་འཕགས་པ་དང་། དེ་ནི་ལྕམ་་སྲིང་བརྒྱད་བྱུང་བའི་ནང་གི་དེ་ནི་བཙུན་མོ་དང་པོ་མ་གཅིག་ཀུན་དགའ་སྐྱིད་ཀྱི་སྲས་བླ་མ་འཕགས་པ་དང་།
- ནོར་བྲང་ཨོ་རྒྱན།ཕྱག་ན་གཉིས་འཁྲུངས་པ་ལས་ཟེར། དེ་ནི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱི་སྐྱེ་མཐའ་ཕགས་པ་རིན་པོ་ཆེ་དེ་ནི་འཕགས་པ་རིན་པོ་ཆེ། ཨེ་འགྲོ་མགོན་ཆོས་རྒྱལ་འཕགས་པ་བྱུང་ཡས་དེ་གང་འདྲས་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ཐོག་མ་དེ་ནི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱི་སྐུ་སྐྱེ་ཡིན་ཟེར་བྱས་ནས། དེ་འདྲས་ཞུ་གྱི་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།འཕགས་པ་རིན་པོ་ཆེ་ནི། རབ་བྱུང་བཞི་པའི་ཤིང་ལུག་སྤྱི་ལོ་༡༢༣༥ལོར་སྐུ་འཁྲུངས་པ་དེ་འདྲས་རེད། ཟེར།
- ནོར་བྲང་ཨོ་རྒྱན།སྐུ་ཡིན་ན་ཆུང་ངུའི་དུས་ནས་ཡིན་ན་གསུང་རབ་དང་དེ་དག་ལ་ཐོས་བསམ་ལེགས་པར་མཛད་ཅིང་། དེ་ནི་ཐོས་བསམ་ལེགས་པར་མཛད་ཅིང་། ཆོས་རྗེ་ས་པཎ་གྱི་ཕྱག་ཕྱིར་དཔེར་ན་དགུང་ལོ་བཅུ་པར་དེ་ནི་ཧོར་ཡུལ་ལ་ཕེབས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བྱོན་པའི་དུས་དབུས་ཀྱི་སའི་ཆར། བྱོན་པའི་དུས་དབུས་ཀྱི་སའི་ཆར་ཆོས་རྗེ་ཟུལ་ཕུ་བའི་ན་བཟའ་འཕྲེད་གསོལ་གྱི་སློབ་དཔོན་བྱས་ནས་དེ་ནི་རབ་ཏུ་བྱུང་བའི་དེ་ནི། དེ་ནི་ཨེ་ས་སྐྱ་པཎྜི་ཏའི་དེ་ནི་རབ་ཏུ་བྱུང་བའི་སྡོམ་པ་གནང་ནས་དེ་ནི། མཚན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། དེ་འདྲས་གསོལ་ལ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཨེ་ཆོས་རྗེ་ས་པཎ་དང་རྒྱལ་པོ་གོང་མ་གོ་དན་གཉིས་ཆོས་རྗེ་ས་སྐྱ་པཎྜི་ཏ་དང་དེ་ནི་རྒྱལ་པོ་གོང་མ་གོ་དན་གཉིས་དེ་ནི་ཆོས་ཡོན་གཉིས་ཞི་བར་གཤེགས་ཞིང་། ཁོང་ཚོ་གཉིས་སྐུ་བཤགས་པའི་ཐོག་ལ་དེ་ནི་སེ་ཆེན་རྒྱལ་པོ་ཨེ་སེ་ཆེན་རྒྱལ་པོ་དེ་ནི་གོང་མའི་ཁྲི་ཐོག་ཏུ་བྱོན་པ་དང་།
- ནོར་བྲང་ཨོ་རྒྱན།འཕགས་པ་རིན་པོ་ཆེ་དགུང་ལོ་བཅུ་དགུར་སླེབས་པ་དང་། ད་དེ་འདྲས་ཀྱི་འཕགས་པ་འགྲོ་མགོན་ཆོས་རྒྱལ་འཕགས་་པ་དེ་ནི་དགུང་ལོ་བཅུ་དགུ་ལོན་པ་དེ་ནི། དེ་ནི་རྒྱལ་པོའི་ཏི་ཤྲཱི་སྟེ་གོང་མའི་སློབ་དཔོན་དུ་གྱུར་པ་དེ་ནས། གོང་མའི་དེ་ནི་གོང་མའི་གོང་མ་དེ་གང་ཟར༼ཟེར་༽སེ་ཆེན་རྒྱལ་པོས་དེ་ནི་གང་ཟེར།
- ནོར་བྲང་ཨོ་རྒྱན།སློབ་དཔོན་དུ་གྱུར་ནས་ད་ཨེ་ནི་དེ་ནས་རིམ་བཞིན་ཀྭ་དིན་གུ་ཤྲཱི་སྟེ། རྒྱལ་པོའི་སློབ་དཔོན་གཙུག་གི་ནོར་བུའི་མཚན་བཞེས་མཛད། ཟེར་ན་དེ་ནི་ཀྭ་དན་གུ་ཤྲི་ཟེར་མཁན་དེ་རྒྱ་སྐད་རེད་པ། དེའི་ནང་ནས་དེ་ནི་བོད་སྐད་ལ་ཆ་བཞག་ན། རྒྱལ་བུའི་གཙུག་གི་ནོར་བུ་ཞེས་པ་དེ་འདྲས་ཀྱི་དེ་ནི་མཚན་བཞེས་མཛད་པ་དང་ད་ག་ནང་ལྟར་གྱི་དེ་ནི་མདོ་གཡང་ཌིའི་མ་ཁ། གསེར་དང་མུ་སྟེགས་ལ་སོགས་པའི་དེ་ནི། འོང་འབུལ་བ་དེ་འདྲས་ཡིན་ནའི་མང་པོ་སྣམ་སྦྱར་དང་དེ་ནི།
- ནོར་བྲང་ཨོ་རྒྱན།དེ་ནི་རིན་པོ་སྤྲས་པའི་ཕྱམ་རྩེ། དང་རིན་པོ་ཆེ་ལས་ཞྭ་དང་། གསེར་གྱི་གུགས་དང་་ཁྲིའི་སོགས་བཀོད་པས་ཁྱད་པར་དུ་འཕགས་པའི་དངོས་པོ་དུ་མ་དང་། གཞན་ཡང་གསེར་བྲེ། དངུལ་བྲེ། རྟ། རྔ་མོང་། ཇ་གོས་དར་ལ་སོགས་པ་བདོག་པོ་ཡོད་ཚད་མཐའ་དག དེ་ནི་མང་པོ་དེ་འདྲས་ཕུལ་ལ་རེད། ཟེར།
- ནོར་བྲང་ཨོ་རྒྱན།ཨེ་མང་པོ་དེ་ནི། དེ་ནས་དབུས་གཙང་དུ་བྱོན་ཏེ། ཆོས་རྗེ་པའི་གསུངས་བཞིན་དུ་འུ་ཡུག་པ་ལ་བསྙེན་རྫོགས་ཞུ་བ་དང་། སྔར་མ་གསན་པའི་ཆོས་གསན་པར་དགོངས་ནས། མདོ་ཁམས་སུ་ཕེབས་ནས། ད་སྐབས་དེ་དུས་དེའི་མཇུག་ལ་དེ་ནི་ཁོང་མི་ཡར་བོད་ལ་དབུས་གཙང་ལ་ཕེབས་ནས། ཆོས་རྗེ་པའི་གསུངས་བཞིན་དུ་དེ་ནི་ཆོས་རྗེ་པ་བཀའ་མངགས་ག་རེ་གནང་པ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།བསྙེན་རྫོགས་བཞེས་དགོས་ཡས་དང་དེ་ནི། དེ་འདྲས་ཀྱི་དཔེར་ན། ད་བཀའ་སློབ་གཅིག་ཡོའོ་རེད་དེ་ཚོ་བྱེད་དུས་ཙམ་པ། འུ་ཡུག་པ་ལ་བསྙེན་རྫོགས་ཞུ་བ་དང་། སྔར་མ་གསན་པའི་ཆོས་དུ་མ་གསན་པར་དགོངས་ནས། དེ་ནི་མདོ་ཁམས་སུ་པར་ཕེབས་དུས་མདོ་ཁམས་ལ་ཡ། བོད་ལ་ཡར་འོང་། ཧོར་ནས་ཡར་བོད་ལ་ཕེབས་པའི་ཁ་གཏུག་ལ་བྱས་ན། དེ་ནི་འུ་ཡུག་པ་དེ་ནི་གླང་ལོར་། འུ་ཡུག་པ་ལ་བསྙེན་རྫོགས་ཞུ་ཡས་དེ་ནི་གླང་ལོར་སྐུ་གཤེགས་པ་དང་།
- ནོར་བྲང་ཨོ་རྒྱན།གསན་ཐོས་བྱུང་ནས་དེ་ནི་རྒྱ་དང་ཧོར་གྱི་མཚམས་ཐེ་ལེ་ཞེས་བྱ་བར་ཆུ་བོ་ཆེན་པོའི་འགྲམ་འུ་ཐོར་དགུང་ལོ་ཉི་ཤུ་རྩ་གཅིག་པ་ཤིང་ཡོས་ལོ་སྤྱི་ལོ་༡༢༥༥ལོར་མཁན་པོ་སྙེ་ཐང་པ་གྲགས་པ་སེང་གེའི་དྲུང་དུ་དེ་ནི། གྲགས་པ་སེང་གེ་ཞུ་མཁན་དེའི་དྲུང་དུ་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་ཏེ། དགེ་སློང་གི་སྡོམ་པ་ཡང་དག་པར་མནོས་ཏེ། དགེ་སློང་གི་སྡོམ་པ་མནོས་ནས། སླར་ད་ཨེནི་གོང་མའི་ཕོ་བྲང་དུ་ཕེབས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བྱ་ས་ནས་ད་དེ་ནས་ཡར་བོད་ལ་ཕེབས་པ་དང་འུ་ཡུག་པ་བཤགས་པའི་རྗེས་ལ་དེ་ནི་འོང་སླར་མར་རྒྱ་ནག་ལ་མར་གོང་མའི་དྲུང་ལ་མར་ཕེབས་པ་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།འགྲོ་མགོན་འཕགས་པས་ཧོར་གྱི་འགྲོ་མགོན་ཆོས་རྒྱལ་འཕགས་པས་དེ་ནི་ཧོར་ཡིག་གསར་དུ་བསླབས་པའི་ཡིག་ཕུད་ལ་བནྡེ་ཤེད་སྐྱེས་ཞེས་་གྲ་པ། བནྡེ་ཤེད་སྐྱེས་ཟེར་ཡས་དེ་ནི་རྦད་དེ་འགྲོ་མགོན་ཆོས་རྒྱལ་དེ་ནི་ཧོར་ཡིག་དེ་ནི་ཧོར་གྱི་ཡི་གེ་གསར་དུ་བརྩམས་པ་བྱས་དེའི། བརྩམས་པ་དེ་གས་དེ་ཕུལ་པའི་ཡིག་ཕུད་ལ། ཡིག་ཕུད་ལ་བནྡེ་ཤེད་སྐྱེས་ཞེས་བརྗོད་པ།
- ནོར་བྲང་ཨོ་རྒྱན།འོང་གྲ་པ་རྣམས་ཁྲལ་དང་། དམག་གི་འཁྲི་ཆ་མེད་པར་བཀུར་བཟོས་བྱེད་གོས་པའི་བཀའ་ཤོག་འཇའ་ས་ཐོག་མ་དེ་ཤིང་སྟག་སྤྱི་ལོ་༡༢༥༤ལོར་གནང་བ་དང་ཟེར། བནྡེ་ཤེད་སྐྱེས་ཟེར་ཡས་དེའི་ནང་ལ་གང་ཡིན་ན་ཟེར་ན་གཙོ་བོ་དེ། དེ་ནི་གྲ་པ་རྣམས་ལ། དེ་ནི་ཁྲལ་དང་། ད་ག་ནང་ལྟར་དམག་གི་འཁྲི་ཆ་མེད་པར་བཀུར་བཟོས་གང་ཆེ་ཆེ་བྱེད་དགོས་པའི་དེ་ནི་བཀའ་ཤོག་དེ་གོང་མའི་བཀའ་ཤོག་དེ་འཇའ་ས་ཐོག་མ་དེ་ཤིང་སྟག་ལོ་ལ་དེ་ནི་གནང་བ་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།འཇའ་ས་འཇའ་ས་དེ་ལ་དེ་ནི་རྒྱལ་པོ་འཇའ་ས་བོད་ཡིག་མ་ཡིན་ནའི་བོད་ཡིག་མ་ཡིན་ནའི་ཟེར་གྱི་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ད་གཙོ་བོ་དེ་ནི་ཧོར་ཡིག་གསར་དུ་བསླབས་པའི་ཡིག་ཕུད་ཐོག་དེ་ནི་འཇའ་ས་དེ་གནང་བ་དེ་འདྲས་གཅིག་རེད་ཟེར།
- ནོར་བྲང་ཨོ་རྒྱན།རྒྱལ་པོས་རྡོ་རྗེ་ཐེག་པའི་ཆོས་ཀྱི་བདུད་རྩི་སྟེ་ཟེར། རྒྱལ་པོས་རྡོ་རྗེ་ཐེག་པའི་ཆོས་ཀྱི་དེ་ནི་རྒྱལ་པོ་དེ་ནི་སེང་ཆེན་རྒྱལ་པོས་ཡིན་ན། རྡོ་རྗེ་ཐེག་པའི་ཆོས་ཀྱི་བདུད་བརྩི་དཔལ་ཀྱེ་རྡོར་གྱི་དབང་ཡོངས་སུ་རྫོགས་པའི་དགའ་སྟོན་ལན་གསུམ་སྤྱད་པས་དང་པོའི་དུས་སུ་བྱས་ནས་དེ་ནི། དེ་ནི་དེ་ནི་སེ་ཆེན་རྒྱལ་པོས། དེ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ། དེ་ནི་དཔལ་ཀྱེ་རྡོ་རྗེའི་དེ་ནི་དབང་ཚར་གསུམ་ཞུས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཚར་གསུམ་ཞུས་པའི་ཚར་དང་པོར་དེ་ནི་གང་ཟེར་ན། བོད་ཀྱི་ཁྲི་སྐོར་བཅུ་གསུམ་ཕུལ་པ་རེད་ཟེར། ཁྲི་སྐོར་བཅུ་གསུམ་ཟེར་ཡས་དེ་བོད་ལ་དེ་ཡང་ཁྲི་སྐོར་རེ་རེ་ལ། ལྷ་སྡེ་བཞི་སྟོང་། མི་ཁྲི་དྲུག་སྟོང་ཡོད་པར་གྲགས་ཤིང་ཟེར། དེ་ལ་ལ་སྟོད་ལྷོ་བྱང་དང་། གུར་མོ། ཆུ་མིག ཤངས། ཞ་ལུ་སྟེ།གཙང་གི་་ཁྲི་སྐོར་དྲུག་དང་།
- ནོར་བྲང་ཨོ་རྒྱན།ད་ག་ནང་ལྟར་གྱི་དབུས་ཁྲི་དྲུག་ལ་ཆ་བཞག་ནའི་དེ་ནི་རྒྱ་མ། འབྲི་གུང་། ཚལ་པ། ཐང་པོ་ཆེ་བ། ཕག་མོ་གྲུ་པ། གཡའ་བཟང་མ་སྟེ།དབུས་ཀྱི་ཁྲི་དྲུག དབུས་གཙང་གཉིས་ཀྱི་མཚམས་སུ་དེ་ནི་ཡར་འབྲོག་ཁྲི་སྐོར་གཅིག་བྱས་སོ། དེ་འདྲས་ཁྲི་སྐོར་བཅུ་གསུམ་ཡིན་ནའི་དེ་དབང་པོ་དང་པོ་ལ་དེ་ཕུལ་བ་ཡིན་ཟེར།
- ནོར་བྲང་ཨོ་རྒྱན།དབང་གཉིས་པའི་དུས་སུ་དེ་ནི་བོད་ལ་ཆོལ་ཁ་གསུམ་ཕུལ་བ་ཡིན་ཟེར། དབང་གཉིས་པའི་དུས་སུ་དེ་ནི་བོད་ལ་དེ་མོ་ཆོལ་ཁ་གསུམ་དེ་ཕུལ་པ་ཡིན་ཟེར།
- ནོར་བྲང་ཨོ་རྒྱན།ཆོལ་ཁ་གསུམ་ཟེར་ཡས་དེ་སྟོད་མངའ་རིས་སྐོར་གསུམ་ནས་སོག་ལ་སྐྱ་བོ་ཡན་དམ་པ་ཆོས་ཀྱི་ཆོལ་ཁ་དང་། སོག་སྐྱ་བོ་མན་ནས་རྨ་ཆུ་ཁུག་པ་ཡན་ཆད་མདོ་སྟོད་མགོ་ནག་མིའི་ཆོལ་ཁ། རྨ་ཆུ་ཁུག་པ་མན་ནས་རྒྱ་མཆོད་རྟེན་དཀར་པོ་ཡན་ཆད་མདོ་སྨད་རྟའི་ཆོལ་ཁ་ཟེར་ཡས་ད་དེ་འདྲས་ཀྱི་ཆོལ་ཁ་གསུམ་དེ་འདྲས་ཕུལ་ལ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་དེ་ནས་དབང་ཡོན། དབང་གསུམ་པ་ཞུ་བའི་ཐོག་ལ་དེ་ནི་གང་བྱས་པ་རེད་ཟེར་ན། རྒྱའི་མི་ཡུར་ཆེན་མོ་ཟེར་ཡས་དེ་ཕུལ་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།མི་ཡུར་ཆེན་མོ་ཟེར་ཡས་དེ་གང་འདྲས་རེད་ཟེར་ན། སྔར་ཡིན་ན་རྒྱ་ཡུལ་ལ་ཆ་བཞག་ན་ད། མིའི་གཅིག་གི་ལུང་པ་ཁོའི་ནང་ལ་ཆ་བཞག་ན། གཅིག་གི་གང་ཟེར་དགོས་རེད་པས། རྒན་འཁོག་དེ་ནི་མང་པོ་དེ་འདྲས་རྦད་དེ་དེ་ནི་སྡེབ་བསོད་བཏང་ནས་མཚོ་ལ་ཆུ་ལ་གཡུག་ནས་རྦད་དེ། བསད་ཡས་དེ་འདྲས་མི་ཉུང་མ་ཉུང་རུ་བཏང་ཡས་དེ་འདྲས་ཐབས་ཤེས་འདྲ་དེ་ཡོད་པ་འདྲ་དའི་དེ་ནི་དེ་འདྲས་བྱེད་དུས་ཙམ་པ། དེ་རྦད་དེ་འོང་མི་རྣམས་ལ་སྡུག་བསྔལ་ཆེན་པོ་ལ་དགོངས་ནས་དེ་ནི།
- ནོར་བྲང་ཨོ་རྒྱན།སྐབས་དེ་དུས་ཨེ་འགྲོ་མགོན་ཆོས་་རྒྱལ་འཕགས་པ་དེ་ནི་རྒྱའི་མི་ཡུར་ཆེན་པོ་ཕུལ་ནས་དེ་ནི་དེ་ནས་བཟུང་། དེ་ནི་མི་གཙང་པོར་གཡུག་ནས་བསད་ཡས་ལ་སོགས་པ། དེ་གས་དེ་མཚམས་བཅད་པ་དེ་འདྲས་ཡིན་ཟེར།
- ནོར་བྲང་ཨོ་རྒྱན།ད་ག་ནང་ལྟར་མི་ཡུར་ཆེན་པོ་དང་ཟེར་དེའི་དེ་ནི་མི་ཡུར་ཆེན་པོ་ཟེར་ཡས་དེ་མིའི་ཡུར་མ་ཟེར་སོང་ན་དེ་ནི་ང་ཚོ་ཞིང་ལ་ཡུར་མ་བརྒྱབ་ནས་རྩ་ངན་བཏོན་པ་ནང་ལྟར་གྱི་ཐོག་ནས་དེ་ནི་མི་ཕན་མེད་དེ་གས་དེ་རྩ་མེད་བཟོ་ཡས་དེ་གས་དེ་ཡིན་ན། དེ་ནི་མེད་པ་་བཟོས་ནས་རེད་པ།
- ནོར་བྲང་ཨོ་རྒྱན།དེའི་དེ་ནི་ལུགས་ངན་པ་དེ་གས་དེ་ནི་མེད་པ་བཟོ་ཡས་རྗེས་མ་ཡིན་ན་དེ་འདྲས་མི་བྱེད་པ་ཁས་ལེན་ཞུ་ཡས་དང་དེ་ནི། རྒྱལ་པོ་མ་སྐྱེས་དགྲཱི་གདུང་སྐལ་གྱི་བདེ་བར་གཤེགས་པའི་འཕེལ་གདུང་རྣམས་ཕུལ། རྒྱལ་པོ་མ་སྐྱེས་དགྲ་ཟེར་ན་དེ་ནི་བཅོམ་ལྡན་འདས་ཀྱི་སྐབས་སུ་རྒྱལ་པོ་་མ་སྐྱེས་དགྲ་ཟེར་མཁན་གཅིག་ཡོའོ་རེད་པ།
- ནོར་བྲང་ཨོ་རྒྱན།དེའི་གདུང་སྐལ་གྱི་བདེ་བར་གཤེགས་པའི་འཕེལ་གདུང་རྣམས་གདུང་སྐལ་དེ་ནི་བདེ་བར་གཤེགས་པའི་འཕེལ་གདུང་རྣམས་ཕུལ་བྱས། བདེ་བར་གཤེགས་པའི་འཕེལ་གདུང་རྣམས་ཕུལ་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།རྒྱའི་མི་་ཡུར་ཆེན་པོ་ཟེར་ན། རྒྱའི་མི་ཁྲི་ཕྲག་མང་པོ་སྲོག་ཐར་དུ་བཅུག་པ་མི་འཇིགས་སྲོག་གི་སྐྱབས་སྦྱིན་གནང་བ་དེ་ནི་དེ། གལ་ཏེ་མི་ཡུར་ཁོ་བརྒྱབ་སོང་ན། དེ་ནི་མི་ཁྲི་ཕྲག་མང་པོ་དེ་ནི་རྦད་དེ། སྲོག་ཕྲོག་དགོས་ཀྱི་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།སྲོག་ཕྲོག་དགོས་ཡས་དེ་འདྲས་རེད། དེའི་ཐོག་ལ་དེ་ནི་འཕགས་པ་རིན་པོ་ཆེས་དབང་ཡིན་ནའི་གནང་བྱས་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།དབང་གནང་ཡས་ལ་ཆ་བཞག་ནའི་གང་འདྲས་གནང་ཡོའོ་རེད་ཟེར་ན། དབང་དེ་ལ་ཆ་བཞག་ན། ནམ་མཁའི་ཁམས་ནི་ཁྲག་གི་མདོག་ལྟར་དམར༎ རྐང་ལེབ་རོ་ཡིས་ཕྱི་ཡི་རྒྱ་མཚོ་ཁེངས༎ འདི་འདྲ་བཅད་པའི་དགེ་བ་གང་དེ་ཡིས༎ མཁྱེན་རབ་དབང་ཕྱུག་ཐུགས་དགོངས་རྫོགས་པ་དང་། ཕན་བདེའི་བསྟན་པ་རབ་དུ་རྒྱས་པ་དང་༎ མི་དབག་སྐུ་ཚེ་ཡུན་དུ་བརྟན་ཕྱིར་བསྔོ༎ དེ་འདྲས་ཀྱི་དབང་དེ་འདྲས་གནང་བ་རེད། ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་སྐབས་དེ་དུས་རྒྱལ་པོ་སེ་ཆེན་རྒྱལ་པོས་བོད་ཀྱི་བནྡི་རྣམས་ལ་ས་སྐྱའི་ཆོས་ལུགས་མ་གཏོགས་ཆོས་ལུགས་གཞན་བྱེད་དུ་མུ་བཅུ་་པ་དེ་ནི། གསུང་སྔ་ཕྱིར་ཡིན་ན་དེ་འདྲས་ད་གོང་མས་དེ་ནི་སྔ་ཕྱིར་དེ་བྱོན་ཡོའོ་རེད། ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་ས་སྐྱ་པའི་ཆོས་ལུགས་མ་གཏོགས་ཆོས་ལུགས་གཞན་བྱས་ཆོག་མ་ཡོང་གསུང་སྔ་ཕྱིར་བྱོན་པ་ན། དེ་ནི་་འགྲོ་མགོན་ཆོས་རྒྱལ་འཕགས་པས་གང་ད་དེ་རྦད་དེ་མ་འགྲིག་པ། འགྲི་གི་མ་རེད་ཟེར། སོ་སོའི་མི་ཆོས་ལུགས་དེ་སོ་སོའི་ལུགས་བཞིན་དུ་རང་བྱེད་དགོས་ཀྱི་རེད། ཟེར་ཞུས་པས།
- ནོར་བྲང་ཨོ་རྒྱན།རྒྱལ་པོས་དེ་ནི་ལབ་རྒྱལ་པོས་བླ་མས་དེ་ལྟར་གསུངས་ན། རང་རང་གི་ལུགས་བཞིན་གྱིས་ལ། ཟེར། དེ་ནི་དེ་ལ་གཅིག་གི་ག་གེ་མོ་ཡིན་ན་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་དེ་ནི་བླ་མས་དེ་འདྲས་གསུངས་་ཀྱི་ཡོད་ན་ད་སོ་སོ། སོ་སོའི་ཆོས་ལུགས་ག་རེད་ཡིན་ནའི་ད་རང་བྱས་ནའི་ཨ་ནི་ང་ལ་གསོལ་་བ་དེ་འདྲས་བཏབ་ཅིག་བྱས་ནས། ང་ལ་སྨོན་ལམ་ཐོབ་ཅིག་བྱས་ནས། ཚེ་རིང་བ་ལ་སོགས་པ། དེ་འདྲས་ཀྱི་དཔེར་ན། སྲིད་བརྟན་པ་ལ་སོགས་པ་དེ་ཚོ་ཡིན་ན། ཨ་ནི་སྨོན་འཐོབ་ཅིག་ཟེར་ཡས་ཀྱི་དེ་ནི་འཇའ་ས་གཅིག་གནང་བྱས་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ལ་ཡིན་ན་འཇའ་ས་མུ་ཏིག་མ་བྱས་ནས་ཟེར། ཟེར་གྱི་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་ཡིན་ན་རབ་བྱུང་བཞིའི་ཤིང་བྱི་སྤྱི་ལོ་༡༢༦༥ལོར་དེ་ནི་སེ་ཆེན་རྒྱལ་པོས་གནང་ང་དེ་འདྲས་གཅིག་རེད་ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་ནས་དེའི་གཞུག་གུ་ལ་དེའི་སྐབས་དེ་དུས་དེ་ནི། དེ་ནི་དེ་ནི་དབུས་གཙང་གི་ཕྱོགས་སུ་ཆ་རྐྱེན་དངོས་པོ་དུ་མ་བརྫངས་པ་ལ་བརྟེན་ནས། འཕགས་པ་དགུང་ལོ་ཉེར་བརྒྱད་པའི་དུས་དཔོན་ཆེན་ཤཱཀྱ་བཟང་པོས་དེ་ནི། དབུ་རྩེའི་རྙིང་མའི་ནུབ་ཏུ་གསེར་ཐོག་ཆེན་མོ་དང་། དེ་ནི་ས་སྐྱའི་དབུ་རྩ་རྙིང་མ་ཡིན་ན། ནུབ་ཏུ་གསེར་ཐོག་ཆེན་མོ་དང་ཟེར།
- ནོར་བྲང་ཨོ་རྒྱན།གསེར་འོད། ནང་རྟེན་ཐུབ་ཆེན་དང་། ཕྱི་རྟེན་གསེར་འབུམ་བཞེངས། ཨེ་དེ་འདྲས་བཞེངས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།མི་རིང་བར་བླ་མ་དགུང་ལོ་སོ་གཅིག་པར་་ཕེབས་ཡང་ཤིང་གླང་སྤྱི་ལོ་༡༢༦༥ལོར་དེ་ནི་ས་སྐྱ་ལ་ཡར་ཕེབས། ཕེབས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཕེབས་ནས་དེ་ནི་གང་གནང་བ་རེད་ཟེར་ན། གསེར་འབུམ་བཀྲ་ཤིས་སྒོ་མང་དང་། ཕྱིའི་སྐྱ་འབུམ་བདུན་ལ་གསེར་ཟངས་ལས་གྲུབ་པའི་གདུགས་ཆོས་འཁོར་དང་། དེ་ནི་ས་པཎ་གྱི་གསེར་འབུམ་ལ་གསེར་ཐོག་བཞེངས་གནང་བ་དེ་འདྲས་གཅིག་རེད་ཟེར།
- ནོར་བྲང་ཨོ་རྒྱན།རྒྱལ་བའི་བཀའ་པུ་ཏི་ཉིས་བརྒྱ་ལྷག་ཙམ་གསེར་གྱི་དེ་ནི་གསེར་ཆུས་བཞེངས་པ་གནང་། དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།སླར་གོང་མས་གདན་འདྲེན་གྱི་གསེར་ཡིག་པ་ནན་ཆེན་མངགས་པ་ལ་བརྟེན་དེ་ནི་སླར་ཡང་དེ་ནི་སེ་ཆེན་རྒྱལ་པོས་གདན་འདྲེན་གྱི་དེ་ནི་གསེར་ཡིག་ནན་ཆེན་མངགས་པ་ལ་བརྟེན་ནས། གང་རེད་ཟེར་ན་དགུང་ལོ་སོ་གསུམ་པའི་མེ་ཡོས་སྤྱི་ལོ་༡༢༦༧ལོ་ལ་དེ་ནི་ལས་ཙན་བཅུ་གསུམ་གྱི་གྲ་སྒྲུཨིག་མཛད་ནས།ཟེར། ལས་ཚན་བཅུ་གསུམ་ཟེར་ཡས་ཀྱི་དེ་ནི་གྱི་གྲ་སྒྲིག་དེ་འདྲས་མཛད་ནས་སྐབས་དེ་དུས། ད་ག་ནང་ལྟར་ད་གཅིག་དང་གང་ཟེར་དགོས་རེད་པས།
- ནོར་བྲང་ཨོ་རྒྱན།མཚམས་གྲོལ་མཁན་དང་བསྡད་མཁན་དང་དེ་འདྲས་ཀྱི་ལས་ཚན་བཅུ་གསུམ་ཟེར་ཡས་གཅིག་ཡོའོ་རེད།
- ནོར་བྲང་ཨོ་རྒྱན།ད་ཁྱོན་ནས་སོ་སོའི་ལས་ཚན་ཟེར་མཁན་མི་སོ་སོའི་མི་ལ་མི་ལས་ཚན་ཁག་ཡོད་པ་དེ་མི། ཨོའོ་དེ་གས་དེ་གྲ་སྒྲིག་གནང་བྱས་དེ་ནི་བཤུལ་དུ་བཞུགས་པའི་ལམ་དུ། གྱེ་རེ་ལྷ་ཁང་ལ་ཕེབས་དུས་ཙམ་པ།དེ་ནི་གཟིགས་རྟོག་མཛད་དེ་མི་ལ་ཉེ་གནས་གོ་ཚོད་འདི་འདྲས་བྱུང་འདུག་ཟེར།
- ནོར་བྲང་ཨོ་རྒྱན།དེའི་ལམ་དུ་དེ་ནི་མི་ལ་ཉེ་གནས་ཡིན་ན་གོ་ཆོད་པ་དེ་འདྲས་བྱུང་ཤག་གསུངས་ནས། གསུངས་པའི་རྐྱེན་བྱས་ཏེ། དེའི་་ཕྱི་ལོར་དེ་ནི་པཎ་ཆེན་ཤཱཀྱ་བཟང་པོས་གྱེ་རེ་ལྷ་ཁང་ལ་ཐིག་ཚད་བླངས་ནས་དེ་ནི་ཁྲི་སྐོར་བཅུ་གསུམ་ལས་ལ་བསྐུལ་ནས་དེ་ནི་ས་སྐྱའི་ལྷ་ཁང་ཆེན་མོ་དེ་ས་འབྲུག་སྤྱི་ལོ་༡༢༦༨ལོར་བཞེངས་ཟེར། དེའི་ལོར་ས་སྐྱའི་ལྷ་ཁང་ཆེན་མོ་ཟེར་ཡས་དེ་དེ་ཡིན་ན་འོང་། འགྲོ་མགོན་ཆོས་རྒྱལ་འཕགས་པས། བཀའ་གཞིར་བཞག་གི་ཐོག་ནས་དེ་ནི་དེའི་གང་ཟེར་དགོས་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།པཎ་ཆེན་ཤཱཀྱ་བཟང་པོས་དེ་ནི་༡༢༦༧ལོ་ལ་བརྩིགས་པ་དེ་འདྲས་རེད་ཟེར། དེ་ནས་འགྲོ་མགོན་ཁོང་རང་། ཕོ་བྲང་ཆེན་མོར་ཕེབས་པ་ན། འགྲོ་མགོན་་འཕགས་པ་དགུང་ལོ་སོ་དྲུག་པ་ལྕགས་རྟ་སྤྱི་ལོ་༡༢༧༠སླར་ཡང་དབང་བསྐུར་ཞུས་པའི་ཚེ། ད་དེ་ནས་དའི་མཇུག་ལ་སླར་ཡང་དེ་ནི་གོང་མས་དེ་ནི་འཕགས་པ་ད་ཨེནི་དགུང་ལོ་སོ་དྲུག་ལོར་ལྕགས་རྟ་སྤྱི་ལོ་༡༢༧༠ལོ་ལ་སླར་ཡང་དེ་ནི་རྒྱལ་པོས་་དབང་ཞུས་པའི་ཚེ་ལས།
- ནོར་བྲང་ཨོ་རྒྱན།མི་ཉག་རྒྱལ་རྒོད་རྒྱལ་པོའི་ཤེལ་དམ་ལ་བཅོས་བྱས་ནས་ཤེལ་དམ་གླིང་དྲུག་མ་དང་། འཇའ་ས་ཁྱད་པར་ཅན་ཕུལ་ཏེ། གནམ་གྱི་འོག་དང་། སའི་སྟེང་། རྒྱ་གར་གྱི་ལྷས་སྲས་པོ། ཡི་གེ་རྩོམ་མི། སྤྲུལ་པའི་སངས་རྒྱས། རྒྱལ་ཁམས་འཇགས་སུ་འཇུག་མི། སྙན་ངག་གི་རྒྱུ། པཎྜི་ཏ་འཕགས་པ་ཏི་ཤྲཱི་ཞེས་པའི་མཚན་ཆེད་ཆུད་མངའ་གསོལ། དེ་ནས་མཚན་ཨེ་ཆེད་དུ་གསོལ་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ལ་དཔེར་ན་གནམ་གྱི་འོག་ཟེར་ཡས་དང་། རྒྱ་གར་གྱི་ལྷའི་སྲས་པོ། ཡི་གེ་རྩོམ་མི། སངས་རྒྱས་ཀྱི་སྤྲུལ་པ། རྒྱལ་ཁམས་་འཇགས་སུ་འཇུག་མཁན། སྙན་ངག་གི་པཎྜི་ཏ། འཕགས་པ་ཏི་ཤྲཱི་ཞེས་མཚན། དེ་ནི་སྙན་ངག་གི་གང་ཟེར་དགོས་རེད་པས།
- ནོར་བྲང་ཨོ་རྒྱན།ཐམ་གའི་དེ་ནི་སྟེང་ལ་འཁོད་ཡོད་པ། དེ་འདྲས་ཀྱི་་ཐོག་ནས་མཚན་གྱི་ཆེད་དུ་མངའ་གསོལ་བ་དེ་འདྲས་རེད་ཟེར། སྐབས་དེ་དུས། དེ་ནི་འབུལ་བ་ལན་རེ་ལ་ཚན་ཆེ་བ་དང་དངུལ་བྲེ་ཆེན་སྟོང་ར་ཅན་དེ་འདྲས་ཡིན་ན་མང་པོ་དེ་འདྲས་ཕུལ་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེའི་སྐབས་ཤིག་ལ་དེ་ནི་སྐབས་ཤིག་ལ་ཀརྨ་པཀྵི་པ་ཟེར་མཁན་དེ་དེ་ནི་རྦད་དེ་ཆོས་ལ་ཆོས་ཀྱི་ཉི་མ་་ཞུ་མཁན་གཅིག་ཡོའོ་རེད། ཁོང་ཡིན་ན་ནི། དེ་ནི་རྒྱ་བོད་དེ་འདྲས་ཁོང་ཆུ་ལ་འཛུལ་ཡས་དང་ནམ་མཁའ་ལ་འཕུར་ཡས་དང་ཕ་བོང་བརྫི་བ་ལ་སོགས་པ་དེ་འདྲས་ཀྱི་རྫུ་འཕྲུལ་དུ་མར་བསྟན་པ། བསྟན་ཐུབ་མཁན་དེ་འདྲས་གཅིག་ བསྟན་ཐུབ་པ་གཅིག་རེད་ཟེར།
- ནོར་བྲང་ཨོ་རྒྱན།བསྟན་དུས་ཙམ་པ་དེ་ནི་རྒྱལ་པོས་རང་རའི་ཏི་ཤྲཱི་འཕགས་པ་འདི་སངས་རྒྱས་སྣང་བ་མཐའ་ཡས་མིའི་གཟུགས་སུ་སྤྲུལ་པ་ཞིག་ཡིན་ཀྱང་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་ང་ཚོའི་ཏི་ཤྲཱི་སྟེ་སློབ་དཔོན་དེ་ཡིན་ན། སློབ་དཔོན་འཕགས་པ་ཏི་ཤྲཱི་འགྲོ་མགོན་པ་འཕགས་པ་ཆོས་རྒྱལ་དེ། དེ་ནི་སངས་རྒྱས་སྣང་བ་མཐའ་ཡས་འོད་དཔག་མེད་ཀྱི་སྤྲུལ་པ་གཅིག་དེ་ནི་མིའི་གཟུགས་སུ་འཕོས་པ་དེ་འདྲས་གཅིག་རེད། རྫུ་འཕྲུལ་དང་རྟོགས་པ་དང་རྟོགས་ལྡན་རྒྱ་བོ་འདི་མཐོ་བར་འདུག་གསུངས་པས། ཟེར།
- ནོར་བྲང་ཨོ་རྒྱན།རྫུ་འཕྲུལ་དང་རྟོགས་པ་རྟོགས་ལྡན་རྒྱ་བོ་ལས་མཐོ་བ་འདུག་ཟེར་བྱས་ནས་སྐབས་དེ་དུས། དེ་དུས་ད་དུང་ཀརྨ་པཀྵི་པ་ཟེར་མཁན་གཅིག་ཡོད་པ་དེ་འདྲས་གཅིག་རེད་འདུག་ག
- ནོར་བྲང་ཨོ་རྒྱན།ཨོའོ་བྱས་ཙང་རྫུ་འཕྲུལ་དེ་དེ་ནི་རྟོགས་ལྡན་རྒྱ་བོ་ལས་མཐོ་་བ་འདུག་ཟེར་གསུང་པས་བཙུན་མོ་ཆུ་འུས་བླ་མའི་དྲུང་དུ་དེའི་རྒྱུ་མཚན་རྣམས་ཇི་བཞིན་བསྐྱར་ཏེ། དེ་ནི་བཙུན་མོ་ཆུ་འུས་ཨེ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་དེའི་རྒྱུ་མཚན་རྣམས་ཇི་བཞིན་བསྐྱར་ཏེ་དེ་ནི། དེ་ནི་ཇི་བཞིན་ཞུས་ནས་སླར་ཡང་། བླ་མ་ལ་ཞུས་ནས་དེ་ནི་ཀརྨ་པཀྵི་པ་ལ་མཆོད་གནས་ཀྱི་གཙོ་བོར་བཅོལ་ན་དེ་ནི་ས་སྐྱའི་གདུང་རྒྱུད་རྣམས་ལ་གནོད་པ། རྫུ་འཕྲུལ་སྟོན་པར་ཞུས་པས། ཟེར་ན། དེ་ནི་དེ་འདྲས་ཀྱི་རྦད་དེ་གང་ཟེར་དགོས་རེད་་ཁྱེད་རང་རྫུ་འཕྲུལ་སྟོན་པ་མ་གནང་པ་བྱས། ཀརྨ་པཀྵི་པའི་བླ་མའི་དེ་ནི་མཆོད་གནས་ཀྱི་གཙོ་བོ་ལ་བཞག་ན། དེ་ནི་ཕྱིན་ཆད་རྦད་དེ་བླ་མས་ས་སྐྱའི་གདུང་རྒྱུད་རྣམས་ལ་གནོད་པ་ཡིན་ན་ཆེན་པོ་ཡོད་པ། ཡོང་གི་རེད། ད་དེ་འདྲས་ཀྱི་དེ་འདྲས་ཡིན་དུས་ཙམ་པ་ཁྱེད་རང་གི་འགྲོ་མགོན་ཆོས་རྒྱལ་འཕགས་པས་ད་ཨེ་ནི། རྫུ་འཕྲུལ་སྟོན་རོགས་གནང་ཞུ་དུས་ཙམ་པ། དེ་ནི་ག་རང་རེད་ཟེར།
- ནོར་བྲང་ཨོ་རྒྱན།རྒྱལ་བློན་གྱི་དབུས་སུ་བླ་མས་རལ་གྲིས། དབུ་དང་ཕྱག་ཞབས་རྣམས་སོ་སོར་ཁྲལ་ཏེ། དེ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པས། རྒྱལ་བློན་ཚང་མ་གདན་འཛོམས་པའི་ཁ་གཏུག་ལ་བྱས་ནས་བླ་མས་རལ་གྲིས་རང་གི་དབུ་དང་ཕྱག་ཞབས་རྣམས་སོ་སོར་ཁྲལ་ཏེ། རྒྱལ་བ་རིགས་ལྔ་བྱིན་གྱི་བརླབས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།རྒྱལ་བ་རིགས་ལྔ་བྱིན་གྱི་བརླབས་ཏེ།བསྟན་པ་སོགས་སྤྲུལ་པའི་ངོ་མཚར། རྒྱལ་བ་རིགས་ལྔ་ལ་བྱིན་གྱི་བརླབས་པ་སོགས་ཡང་ཚུར་རང་བཞིན་དུ་འགྲིག་པ་གནང་བྱས་དེ་འདྲས་ཀྱི་དཔེར་ན། རྫུ་འཕྲུལ་དུ་མ་འདྲེན་བྱེད་ཀྱི་དགའ་སྟོན་དུ་སྩལ་བ་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་བྱེད་དུས་ཙམ་པ་ད་གཞི་ནས། རྒྱལ་པོ་དེ་ནི་རྦད་དེ་དད་པ་དེ་ནི་བླ་ལྷག་ཏུ་སྐྱེས་པ་དེ་་འདྲས་ཡིན་ན་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནས་དགུང་ལོ་ཞེ་གཅིག་པ་མི་བྱི་སྤྱི་ལོ་༡༢༧༦ལོར་སླར་གདན་ས་དཔལ་ལྡན་ས་སྐྱ། དེ་ནས་ཡང་སླར་ཡང་དེ་ནི་བོད་ལ་གདན་ས་དཔལ་ལྡན་ས་སྐྱ་ལ་ཕེབས་དུས། ཕེབས་ནས་དེའི་ཕྱི་ལོ་མེ་གླང་སྤྱི་ལོ་༡༢༧༧ལོར་དགེ་འདུན་འབུམ་དུ་ཉེ་བ་ལ་བསྙེན་བཀུར་ཕུན་སུམ་པའི་དུས་སྟོན་ཁྱད་པར་ཅན་ཆུ་མིག་ཆོས་འཁོར་དུ་གྲགས་པ་མཛད། ད་ཆུ་མིག་ཆོས་འཁོར་ཟེར་མཁན་དེ་སྐབས་དེ་་དུས་དེ་ནི་རྦད་དེ། དགེ་འདུན་འབུམ་དུ་ཉེ་བ་ལ་བསྙེན་བཀུར་ཞུ་ཡས་ཀྱི་དཔེར་ན། ཆོས་འཁོར་ཆེན་པོ་གཅིག་རེད་བྱས་ཙང་དེ། སྐབས་དེ་དུས་གནང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ད་སྐབས་དེ་དུས་ཆ་བཞག་ན་ཨེ། དཔོན་ཆེན་ཀུན་དགའ་བཟང་པོ་དེ་ནི་དཔོན་ཆེན་དུ་ཡོད་པ། དཔོན་ཆེན་ཀུན་དགའ་བཟང་པོ་དཔོན་ཆེན་དུ་ཡོད་པ། བླ་མའི་ཐུགས་དང་འགལ་བ་བྱས་ཞེས་ཉེ་གནས་ཀྱི་གོང་མའི་སེ་ཆེན་ལ་ཕྲ་མ་ཞུས་པས། ཨེ་ད་དེ་འདྲས་ཀྱི་དཔེར་ན། བླ་མའི་དེ་ནི་དཔོན་ཆེན་ཀུན་དགའ་བཟང་པོས་དེ་ནི་བླ་མའི་ཐུགས་དང་འགལ་བ་ཉེས་པ་དེ་འདྲས་བྱས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཉེ་གནས་ཀྱི་དེ་ནི་སེ་ཆེན་གོང་མ་ལ་ཕྲ་མ་ཞུས་བྱས་དེ་ནི། སངྒཧ་ཆིང་སང་ཟེར་ཡས་དེས་སྣེ་ཁྲིད་པའི་ཧོར་གྱི་ཡར་དེ་ལ་ཡོང་པ་་རེད་ཟེར། བོད་ལ་ཡོང་བྱས་ཧོར་དམག་དེ་འདྲས་ཡོང་བྱས། དེ་ནི་བྱ་རོག་རྫོང་ཕབ་བྱས། དེ་ནི་དཔོན་ཆེན་ཀུན་དགའ་བཟང་པོ་བསད་པ་ར་ནི་བྱ་རོག་རྫོང་ཕབ། ཀུན་དགའ་བཟང་པོ་བསད་པ་ནི། བྱ་རོག་རྫོང་དུ་དཔོན་ཆེན་ཀུན་དགའ་བཟང་པོ་ཡིན་བསད།
- ནོར་བྲང་ཨོ་རྒྱན།བྱས་དེ་འདྲས་ཀྱི་གནས་ཚུལ་བྱུང་བ་རེད་ཟེར། དེ་ནི་བྱ་རོག་རྫོང་་དུ་དམག་གི་ཁྲིམས་རྔ་བརྡུང་། སྙིང་མེད་པོ་ཚོ་གསེར་ཕྱེ་ཆུ་ལ་འབོ། ཞེས་པའི་ལུང་བསྟན་དུས་ཐོག་ཏུ་བབས་པ་སྟེ། དཔོན་ཆེན་འདི་ཉིད་ལ་མི་འོས་པའི་རྐྱེན་བྱུང་བར་གྲགས་སོ། དེ་ནི་སྐབས་དེ་དུས་བྱས་ན་དཔོན་ཆེན་དེ་ནི་གང་ཟེར།
- ནོར་བྲང་ཨོ་རྒྱན།ཀུན་དགའ་བཟང་པོ་ཟེར་མཁན་དེ་རྦད་དེ། ཨེ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་ལྷག་བསམ་རྣམ་དག་དེ་འདྲས་རེད་མ་གཏོགས་གཞན་དག་གི་དེ་ནི། འོང་མི་འོས་པ་དེ་འདྲས་མ་རེད་ཟེར།
- ནོར་བྲང་ཨོ་རྒྱན།བྱས་ནས་སྐབས་དེ་དུས་དེ་ནི་སྐེ་བཅད་་བྱེད་དུས་ཙམ་པ། སྐེ་ནས་ཁྲག་དཀར་པོ་འདོན་པ་ལ་སོགས་པ་དེ་འདྲས་ཀྱི་ལོ་རྒྱུས་དེ་འདྲས་ཡོའོ་རེད། མི་འོས་པའི་རྐྱེན་བྱུང་བར་གྲགས་སོ་ཟེར།
- ནོར་བྲང་ཨོ་རྒྱན།དེ་ལྟར་འགྲོ་མགོན་འཕགས་པས་མཛད་པ་རླབས་པོ་ཆེན་དུ་མ་བསྐྱངས་པ་དང་གཞན་གདན་ས་ཡང་ལོ་སོ་དྲུག་རིང་འཛིན་ཟེར།
- ནོར་བྲང་ཨོ་རྒྱན།ཨེ་དེ་ནས་འགྲོ་མགོན་ཆོས་རྒྱལ་འཕགས་པས་དེ་ནི་མཛད་པ་ཡིན་ནའི་རླབས་པོ་ཆེ་དུ་མ་བསྐྱངས་པ་དང་གདན་ས་ས་སྐྱའི་གདན་ས་ཡང་ལོ་སོ་ཅུ་སོ་དྲུག་པར་བར་མཛད་ནས། དཔོན་ཆེན་ཀུན་དགའ་བཟང་པོ་དཔོན་ཆེན་ཀུན་དགའ་བཟང་པོ་བཀྲོངས་པའི་དུས་ཀྱི་སྔོན་མའི་ལོ་དེ་རབ་བྱུང་བཞི་པའི་ལྕགས་འབྲུག་སྤྱི་ལོ་༡༢༨༡ལོར་འོང་། ༡༢༨༠ལོའི་ནང་དུ་བླ་མ་འཕགས་པ་བླ་མ་འཕགས་པ་ལྷ་ཁང་བླ་བྲང་དུ་ཞི་བར་གཤེགས་ཟེར།
- ནོར་བྲང་ཨོ་རྒྱན།ཟེར་ནི་དེ་ནི་ས་སྐྱའི་བླ་ཁང་དེ་ནི་ཞི་ལ་བཤགས་༼གཤེགས་༽ཟེར། ལོ་རྒྱུས་འགའ་ཞིག་ཏུ་ཉེ་གནས་ཀྱི་ཀུན་དགའ་བཟང་པོའི་སྐོར་ལ་འོང་། ལོ་རྒྱུས་འགའ་ཞིག་ལ་ཆ་བཞག་ན་དེ་ནས་ཀུན་དགའ་བཟང་པོའི་སྐོར་ལ་ཧོར་དམག་དྲངས་པ་བླ་མས་མཁྱེན་དོགས་ནས། ཉེ་གནས་ཀྱིས་ལྐོག་ཏུ་བཀྲོངས་ཀྱང་ཟེར།
- ནོར་བྲང་ཨོ་རྒྱན།བྱས་ནས་དེ་ནི་འགའ་ཞིག་གི་དེ་ནི་ལོ་རྒྱུས་འགའ་ཞིག་ལ་དེ་ནི་ཆ་བཞག་ན། དེ་ནི་ཀུན་དགའ་བཟང་པོའི་ལྐོག་ལ་དེ་ནི་མ་ཉེས་ཁ་གཡོག་བྱས་ནས། དེ་ནི་ཉེ་གནས་ཀྱིས་མ་ཉེས་ཁ་གཡོག་བྱས་པ་དེ། བླ་མ་མཁྱེན་གྱི་དོགས་ནས། དེ་ནི་ཉེས་གནས་ཀྱི་ལྐོག་ཏུ་དེ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་བཀྲོངས་པ་རེད་བྱས་ནས་དེ་འདྲས་ཀྱི་བཤད་སྲོལ་དེ་འདྲས་ཡིན་ནའི་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།འདིའི་འདི་དག་གི་དུས་དཔོན་ཆེན་འགའ་ཞིག་གི་བྱེད་པ་ལ་བརྟེན་ནས་བོད་དུ་མི་བདེ་བ་དུ་མ་བྱུང་བ་རེད་ཟེར། སྐབས་དེ་དུས་དེ་ནི་བོད་ལ་ཡིན་ནའི་མི་བདེ་བ་དེ་འདྲས་བྱུང་། བྱུང་བ་རེད་ཟེར། དེ་མིན་པའི་དེ་ནི་སྐབས་དེ་དུས་སྣ་ཐག་སས་བྱས་ཧོར་དམག་བོད་དུ་ཡོང་།
- ནོར་བྲང་ཨོ་རྒྱན།ངན་སོང་ཟེར་ཡས་དེ་འདྲའི་སྡུག་བསྔལ་མེད། ཨ་ནི་སྐབས་དེ་དུས་ཆ་བཞག་ན། བོད་ཀྱི་མི་ཚོ་ཡིན་ནའ་དེ་ནི་ཧོར་དམག་བོད་དུ་ཡོང་པ་ལ་སོགས་པ། དེ་ནི་སྡུག་བསྔལ་ཡིན་ན་བསམ་གྱིས་མི་ཁྱབ་པ་དེ་འདྲས་བྱུང་བ་རེད་ཟེར། བྱས་ཙང་། དེ་སྡུག་བསྔལ་དེ་གས་དེ་ཡིན་ན། ངན་སོང་ཡིན་ནའི་དེ་འདྲའི་སྡུག་བསྔལ་དེ་བྱས་ནས་གསུངས་ཡས་ཀྱི་དེ་ནི་རྦད་དེ་ལུང་བསྟན་ཡིན་ན་དེ་འདྲས་གཅིག་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེའི་ལུང་བསྟན་འདི་དུས་དེ་ནི་དུས་སྐབས་དེ་ལ་བབས་པ་རེད་བྱས་ནས། ད་གསུངས་ཡས་དེ་འདྲས་གཅིག་རེད། ད་དེ་རིང་ཞུ་ཡས་དེ་འདྲས་ཚར་སོང་།