Video Overview
In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.
- Drigung Til
- Rinpung Khül
- Gyantsé
- Nedong
- Tsang
- Ü
- Kham
- Tangpoché
- Chonggyé Khül
- Khartak
- Lhodrak
- Ngari
- Yapzang Gön
- Nakartsé
- པ་སངས་དབང་འདུས།ད་གཤམ་གྱི་དུམ་བུ་དེ་ཡིན་ན་གཅིག་བོད་ཀྱི་ཁྲི་དཔོན་ཚོ་དང་སོག་པོའི་འབྲེལ་བའི་སྐོར་གྱི་དུམ་བུ་གཅིག་རེད་ཤག སྔོན་ལ་ཨ་དུམ་བུ་དེ་མར་ཀློག་གི་ཡིན་དེ་ནས་འདིའི་སྐོར་གྱི་འགྲེལ་བཤད་རོབ་ཙམ་གཅིག་ཞུ་གི་ཡིན།
- པ་སངས་དབང་འདུས།དེ་ཡང་མོན་གོར་རྒྱལ་པོས་འབྲི་གུང་པ། སེ་ཆེན་རྒྱལ་པོས་ཚལ་པ། ཧུ་ལ་ཧུས་ཕག་མོ་གྲུ་པ་རྣམས་སོ་སོར་མཆོད་གནས་སུ་བཟུང་སྟེ། བོད་རྣམས་ཀྱི་རྒྱལ་པོ་སོ་སོས་རིས་སུ་བཅད་པ་དེ་བདག་པོ་མཛད་པ་རྣམས་མཆོད་གནས་སོ་སོར་སྦྱར་ནའི་མོན་ལུག་མགོ་སྟེང་ཚུན་ཆད། གཉལ་སྟོད་སྨད། གྲུ་ཤུལ། ལོ་རོ་དཀར་ནག བྱར་པོ། ཨེ་ཆེ་བའི་ནང་ནས་ཨེ་ཆུང་། ཐང་པོ་ཆེ། འཕྱོང་རྒྱས། འཕྱོས། མོན་མཁར། མཁར་སྟག་དོ་བོ། སྲེགས་ལྟེ། འོན་སྣ། ནམ་ཞལ་ལྔ། བསམ་ཡས་ཤར་སྒོ་གདོང་མན་ཆད་དང་། ལྷོ་བྲག་ཤར་ནས། མཆོད་སྡེ། བ་ཞི་བོད་འབྲོག་གཉིས། མངའ་རིས་ནས་ཀོ་རན་མདོ་ཡན་ཆད། སྤུ་རིག་ལ་རྩ་མན་ཆད་རྒྱལ་པོ་ཧུ་ལ་ཧུར་གཏོགས་པའི་དོན་གྱི་ཕག་མོ་གྲུ་པའི་རྒྱབ་ཏུ་ཡོད་པ་དཔེར་མཚོན་ཏེ་འབྲི་གུང་དང་ཚལ་པ་རྣམས་ཡང་དེ་དང་དོད་མཚུངས་པ་ཡོད་པའི་དབང་གིས།
- པ་སངས་དབང་འདུས།གཡའ་བཟང་བ་ཁྲི་བསྐོར་གྱི་ཁ་གྲངས་སུ་བགྲངས་ཀྱང་དོན་དུ་ཕག་མོ་གྲུ་པའི་་འོག་ཏུ་གནས་པ་ལྟར། སྣ་དཀར་རྩེ་པ་འབྲི་གུང་པའི་འོག་དང་། དེས་མཚོན་ཁྲི་དཔོན་གཞན་རྣམས་ཕག་འབྲི་ཚལ་གསུམ་ལ་ཆོས་སྲིད་གཉིས་ཀའི་སྒོ་ནས་འགྲན་པར་མི་ནུས་པས་འདི་གསུམ་ཁྲི་དཔོན་རྣམས་ཀྱི་ནང་ནས་མངོན་པར་མཐོ་བ་ཡིན་ནོ།
- པ་སངས་དབང་འདུས།ད་དུམ་བུ་འདི་རྡོག་རྡོག་ག་རེ་བཤད་ཀྱི་ཡོའོ་རེད་ཟེར་ན། གཙོ་བོ་འདྲ་དེ་སོག་པོའི་རྒྱལ་རབས་སྐབས་ལ་ཡིན་ན་གཅིག་གི་བོད་ཀྱི་ཁྲི་དཔོན་ཁག་དེ་ཡིན་ན། སོག་པོའི་རྒྱལ་བརྒྱུད་བར་གྱི་འབྲེལ་བ་གཅིག་བཤད་ཀྱི་ཡོའོ་རེད།
- པ་སངས་དབང་འདུས།དེ་རྒྱལ་བརྒྱུད་བྱེད་དུས་འདིར་འཁོད་པའི་མོན་གོར་རྒྱལ་པོས་འབྲི་གུང་པ། སེ་ཆེན་རྒྱལ་པོས་ཚལ་པ། ཧུ་ལས་ཧུས་ཕག་མོ་གྲུབ་པ་ཟེར་ཡས་དེ་ག་རེ་ཟེར་ན། སོག་པོའི་རྒྱལ་སྲས་གསུམ། དཔེར་ན་མོན་གོར་ཟེར་ཡས་དེ། རྒྱལ་སྲས་གཅིག་གི་མིང་རེད། དེ་ང་ཚོ་མོན་གོར་མོན་གོར་ཟེར་རྦད་དེ་རྒྱ་སྐད་ནང་གི་དེ་སོག་པོའི་དོན་དག་མ་རེད།
- པ་སངས་དབང་འདུས།འདིས་ཡིན་ན་འབྲི་གུང་པའི་རྒྱབ་རྩ་བྱེད་ཀྱི་ཡོའོ་རེད་ཟེར། སེ་ཆེན་རྒྱལ་པོས་ཡིན་ན་ཚལ་པའི་རྒྱབ་རྩ་བྱེད་ཀྱི་ཡོའོ་རེད། ཧུ་ལས་ཧུས་ཡིན་ན་ཕག་མོ་གྲུབ་པའི་རྒྱབ་རྩ་བྱས་བྱས་ཡིན་ན། ད་སོ་སོའི་མཆོད་གནས་སུ་ད་བོད་རྣམས་ནི་ཡིན་ན་རྦད་དེ་བོད་ཀྱི་ཁྲི་དཔོན་དང་ས་ཆ་རྣམས་ཡིན་ན་སོག་པོ་རྒྱལ་པོ་སོས་རིགས་སུ་བཅད་བྱས། བདག་པོ་མཛད་པའི་མཆོད་གནས་སོ་སོར་སྦྱར་བས་དེའི་དུས་ལ་ཡིན་ན་ད།
- པ་སངས་དབང་འདུས།ད་ཆ་བཞག་པ་ཡིན་ན། མོན་ལུག་མགོ་སྟེང་ཚུན་ཆད་ད་ས་ཆའི་མིང་ཤ་སྟག་རེད། གཉའ་སྟོད་སྨད། ཨ་ད་གཉའ་དེ་ཡིན་ན་དེང་སང་ལྷོ་ཁ་ས་ཁུལ་ངོས་ལ་ཡོའོ་རེད་པ། གྲུ་ཤུལ། ལོ་རོ་དཀར་ནག བྱར་པོ། ཨེ་ཆེ་བའི་ནང་ནས་ཨེ་ཆུང་། ཐང་པོ་ཆེ། འཕྱོང་རྒྱས། འཕྱོས། མོན་མཁར། མཁར་ལྟག་དོ་བོ་ད་ས་ཆ་མང་པོ་གཅིག གཅིག་གི་མི་ས་ཆ་དེ་གས་དེ་དང་བསམ་ཡས་ཤར་སྒོ་གདོང་ཡན་ཆད། ལྷོ་བྲག་ཤར་ནས། མཆོད་སྡེ། བ་ཞི་བོད་འབྲོག་གཉིས། མངའ་རིས་ནས་ཀོ་རོན་མདོ་མན་ཆད། སྤུ་རིག་ལ་རྩེ་མན་ཆད་རྦད་དེ་རྒྱལ་པོ་ཧུ་ལ་ཧུར་གཏོགས་པའི་དོན་གྱིས་ཟེར།
- པ་སངས་དབང་འདུས།འདི་ག་རེ། ད་འདིའི་ནང་འཁོད་པའི་ས་ཆ་དེ་མང་ཆེ་བས་རྦད་དེ་འོང་བོད་ཀྱི་ལྷོ་ཕྱོགས་དང་ནུབ་ཕྱོགས་ངོས་ཀྱི་ས་ཁུལ་ཤ་སྟག་ཏེ་ཡིན་ན་རྒྱལ་པོ་ཧུ་ལ་ཧུའི་ཁོངས་སུ་གཏོགས་ཀྱི་ཡོའོ་རེད་ཟེར།
- པ་སངས་དབང་འདུས།ཧུ་ལ་ཧུ་དེ་སུ་རེད་ཟེར་ན། ཕག་མོ་གྲུབ་པའི་རྒྱབ་རྩ་རེད། བྱས་ཙང་དོན་དག་དེ་འདྲས་གཅིག་གི་དཔེ་ལ་བལྟས་བྱས་ཡིན་ན། སྐབས་དེར་ཡིན་ནའི་འབྲི་གུང་དང་། ཚལ་པ་ཡིན་ནའི་སོ་སོའི་རྦད་དེ་གི་ཨཱ། ཨ་དབང་རིགས་འོག་ཏུ་ཡིན་ན་རྦད་དེ་ས་ཆ་མི་ཉུང་བ་གཅིག་གི་རྦད་དེ་ཁོངས་སུ་བཅུག་ཡོའོ་རེད་ཟེར།
- པ་སངས་དབང་འདུས།དཔེར་ན་གཡའ་བཟང་ལ་ཆ་བཞག་པ་ཡིན་ན། ཁྲི་སྐོར་གྱི་ཁ་གྲངས་ཚོ་བོད་ཁྲི་སྐོར་བཅུ་གསུམ་གྱི་ནང་ནས་ཁྲི་སྐོར་གྱི་ཁ་གྲངས་སུ་བགྲངས་ཀྱི་ཡོའོ་རེད་དའི། དོན་ལ་ཡིན་ན་གཅིག་གི་ཕག་མོ་གྲུབ་པའི་འོག་ཏུ་རྦད་དེ་གནས་པ་ནང་བཞིན། སྣ་དཀར་རྩེ་པ་ཡིན་ནའི་འབྲི་གུང་གི་འོག་ལ་གནས་པ། དེ་བཞིན་གྱི་ཚོ་དཔོན་གཞན་དག་ཡིན་ནའི་ཕག་མོ་གྲུབ་པ་དང་འབྲི་གུང་ཚལ་པ་སུའི་འོག་ལ་མ་གནས་པ་གཅིག་ཡའི་༼ཡང་༽ཡོའོ་མ་རེད་ཟེར།
- པ་སངས་དབང་འདུས།འདི་ཡིན་དུས་ཙམ་པ། ཁྲི་སྐོར་གཞན་གྱི་ཡིན་ནའི་ད་ཕག་འབྲི་ཚལ་གསུམ་ནང་སར་ཆོས་སྲིད་གཉིས་ཀའི་སྒོ་ནས་འདི་ལ་འགྲན་ཟླ་བྱེད་ཐུབ་ཐབས་མེད་པའི་ཕག་འབྲི་ཚལ་གསུམ་དེ་ཡིན་ན། ཁྲི་དཔོན་རྣམས་ཀྱི་ནང་ནས་ཡིན་ནའི་ཧ་ལམ། ཧ་ཅང་གི་མངོན་པར་མཐོ་བ་ལྟ་བུ་ཡིན་ཟེར།
- པ་སངས་དབང་འདུས།ཨོའོ་དུམ་བུ་འདིའི་ནང་དོན་འདུག་བཟོ་རེད།
- པ་སངས་དབང་འདུས།ད་གཤམ་གྱི་དུམ་བུ་དེ་ཡིན་ན། ཕག་མོ་གྲུབ་པའི་སྐོར་དེ་རེད་ཤག ཕག་མོ་གྲུབ་པའི་སྐོར་དེ་སྔོན་ལ་དེ་གཅིག་ཡི་གེ་མ་དེ་ཆ་ཚང་གཅིག་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ནང་འཁོད་པ་ཡི་གེ་མ་དེ་གཅིག་ཀློག་གི་ཡིན།
- པ་སངས་དབང་འདུས།དེ་ནས་རྦད་དེ་དུམ་བུ་རེ་རེ་ཀློག་གྱིན་ཀློག་གྱིན་འགྲེལ་བཤད་འདྲ་གཅིག་ཞུ་གི་ཡིན།
- པ་སངས་དབང་འདུས།དཔལ་ཕག་མོ་གྲུབ་པའི་འཕྲིན་ལས་ཀྱི་རྒྱུན་ལས། སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེའི་དགོན་གནས་སློབ་རྒྱུན་དར་རྒྱས་སུ་སྤེལ་བར་མཛད་པ་པོ་ནི། སྐྱུ་ར་རིན་པོ་ཆེ་ཡིན་ལ། གདན་རབས་བཞི་ཙམ་གྱི་བར་དུ་དམ་པའི་ཆོས་ཁོ་ན་དོན་དུ་གཉེར་བ་ལས། འཇིག་རྟེན་གྱི་སྟོབས་དང་གོང་མའི་ལག་རྟགས་སོགས་མེད་འདུག་པས།
- པ་སངས་དབང་འདུས།སི་ཏུ་རིན་པོ་ཆེའི་བཀའ་མཆེམས་དེབ་ཐེར་ལས། དེ་དུས་ཀྱི་བླ་མ་དེ་སྤྱན་སྔ་རིན་པོ་ཆེ་ཡིན། སྒོམ་པ་ཤཱཀྱ་རིན་ཡིན་ཏེ་དམ་ཁ་མ་ཐེབ་རྗེས་ཙམ་ཡང་ཁྱེད་བླ་དཔོན་ལ་མེད། རྒྱལ་པོའི་བླ་མ་ཏི་ཤྲི་ཡང་མ་བྱས་གསུངས་པ་ལྟར་ཡིན་ལ། དེ་ཡང་བསྟན་པ་སྔ་དར་གྱི་དུས་སྐྱུ་རའི་སྔགས་འཆང་བ་ཞིག་ལ་མཁའ་འགྲོའི་རིགས་ཅན་གྱི་སྣ་ནམ་བཟའ་བྱ་བའི་ཇོ་མོ་ཞིག་བླངས་པ་མི་ལས་འདས་པའི་སྤྲུལ་སྒྱུར་སྣ་ཚོགས་སྟོན་པ་ཞིག་བྱུང་བ།
- པ་སངས་དབང་འདུས།དེང་སང་འབྲི་གུང་ཨ་ཕྱིར་འབོད་པ་འདི་ཡིན་ལ། དེ་གཉིས་ཀྱི་སྲས་ལ་ནམ་མཁའ་དབང་ཕྱུག་གི་བརྒྱུད་ལས་ཨ་མེས་དབང་རྒྱལ་གྱི་སྲས་བཞི་པ་རྡོ་རྗེ་ལ་ཇོ་མོ་རྫེ་བཙུན་མ་བྱ་བ་བླངས་པའི་སྲས་སུ་འབྲི་གུང་རིན་པོ་ཆེ་འཁྲུངས་ཏེ། འགྲོ་མགོན་རིན་པོ་ཆེའི་དྲུང་དུ་ཟབ་རྒྱས་ཀྱི་ཆོས་བུམ་པ་གང་བྱོའི་ཚུལ་དུ་གསན་ཅིང་མཚན་རིན་ཆེན་དཔལ་དུ་གྲགས།
- པ་སངས་དབང་འདུས།འགྲོ་མགོན་གཤེགས་རྗེས་ཞང་སུམ་ཐོག་པའི་མཇུག་ཏུ་གདན་ས་མཛད་ཀྱང་འཕྲིན་ལས་བཞེད་པ་བཞིན་མ་བྱུང་བས་བྱང་ཕྱོགས་སུ་བྱོན་ནས་རྟོགས་ལྡན་མི་ཉག་སྒོམ་རིན་གྱི་དགོན་པ་ཉེ་གནས་ཀྱིས་ཕུལ་བར་ཕྱག་ཕབ་སྟེ། དར་རྒྱས་སུ་མཛད་པས་འབྲི་གུང་ཐེལ་ཞེས་གངས་རིའི་ཁྲོད་ཀྱི་སྒྲུབ་བརྒྱུད་པའི་གཙུག་ན་མངོན་པར་མཐོ་བ་བྱུང་ཞིང་།
- པ་སངས་དབང་འདུས།སྐྱོབ་པ་རིན་པོ་ཆེའི་ཁུ་བོ་དཀོན་མཆོག་རིན་རིན་ཆེན་གྱི་སྲས་ཨ་མེས་གྲགས་རྒྱལ། དེ་ལ་སྲས་མཆེད་གསུམ་ལས་ཆེ་བ་དཔོན་རིན་པོ་ཆེ། འབྲིང་དབོན་བརྒྱུད་རྡོ་རྗེ་སེང་གེ། ཆུང་བ་གཅུང་རིན་པོ་ཆེ་རྡོ་རྗེ་གྲགས་པ་ལས། གཅུང་རིན་པོ་ཆེ་ཏི་ལི་པའི་སྤྲུལ་པར་གྲགས་ཤིང་། འདིའི་དུས་སུ་སྒོམ་པ་ལ་ཁྲི་དཔོན་གྱི་འཇའ་ས་ལོན་ཏེ།
- པ་སངས་དབང་འདུས།བྱར་དགས་ཚུན་ལུང་གིས་མངའ་སྒྱུར་བས་སྟོབས་འབྱོར་གྱི་ལོངས་སྤྱོད་ཤིན་ཏུ་ཆེ། དེ་དག་ལ་བསམས་ནས་ཕྱིས་སུ་གོང་མ་སི་ཏུ་རིན་པོ་ཆེ་ལ་འབྲི་གུང་སྒོམ་པས། ད་ལྟ་ས་སྐྱ་པས་བདག་བྱེད་པ་འདི་སྔོན་ངེད་འབྲི་གུང་པས་བྱེད་པར་སྣང་ཟེར་བའི་ཁེངས་དྲེགས་ཀྱི་གཏམ་སྨྲས་སྐད། འོན་ཀྱང་སྒོམ་པ་གསུམ་བཞིའི་རིང་ལ་ས་སྐྱ་པ་དང་མ་མཐུན་པས། འབྲིང་པོའི་སྲས་ཐོག་ཁ་པ་རིན་ཆེན་སེང་གེ་དང་སྤྱན་སྔ་མཚམས་བཅད་པའི་རྗེས་སུ་གནུབས་གདན་སར་བཞུགས་ཐོག་གླིང་ལོག་ཆེན་པོ་དེ་བྱུང་སྐབས་འདུ་ཁང་ལ་མི་བརྒྱབ་པས་དགེ་འདུན་ཁྲི་ཚེ་ཙམ་ནམ་མཁའ་ནས་མཁའ་ལ་འཕུར་ཟེར། ཞལ་ངོ་ཀོང་པོར་བྲོས། མངའ་ཐང་ཡང་ཅུང་ཟད་བྲི།
- པ་སངས་དབང་འདུས།དེའི་རྗེས་རྡོ་རྗེ་རིན་ཆེན། རྡོ་རྗེ་རྒྱལ་པོ། ཉེར་གཉིས་རིན་པོ་ཆེ། དོན་གྲུབ་རྒྱལ་པོ་རྣམས་རིམ་པར་བྱོན་ཏེ། སྤྱན་སྔའི་གོ་ས་དང་། སྒྲུབ་བརྒྱུད་ཀྱི་བསྟན་པ་སྤེལ་བ་ཁོ་ན་ལས། འཇིག་རྟེན་སྲིད་འཛིན་པ་ནི་ས་སྐྱའི་དཔོན་ཆེན་གྱི་དོད་པོ་ལྟ་བུ་འབྲི་གུང་གི་སྒོམ་པ་ཡིན་པས། དེ་དག་གི་གོ་རིམ་ནི། སྒོམ་པ་རྡོ་རྗེ་སེང་གེ། ཤཱཀྱ་རིན་ཆེན། བྱང་ཤེ། བྱང་ཆུབ། སྤང་རས། ཆོས་སེང་། རིན་ཆེན་སེང་གེ། སྒོམ་པ་དཔོན་པོ། སྒོམ་པ་ཤཱཀྱ་དར། རིན་ཆེན་གྲགས། ཡེ་ཤེས་དཔལ། འདི་གྲོངས་པའི་དུས་སི་ཏུ་རིན་པོ་ཆེ་འབྲི་གུང་དུ་འཕྲད་མོ་ལ་བྱོན།
- པ་སངས་དབང་འདུས།བཀྲ་ཤིས་ལྗོངས་སུ་རིན་པོ་ཆེ་དང་མཇལ། སི་ཏུ་རིན་པོ་ཆེས་ཀྱང་རིན་ཆེན་རྡོ་རྗེ་སྒོམ་པ་ཆེ་བ་ལ་བསྐོས། ཀུན་རིན་ཆུང་བ་ལ་བསྐོས་ནས་ལེགས་པའི་རྒྱུ་མཚན་ཕུལ་བ་བཞིན་མཛད། དེ་ནས་རྡོ་རྗེ་རིན་ཆེན་འདས་རྗེས་ཀུན་རིན་ལ་གོང་མའི་ལུང་མེད་ནའང་། དབུས་གཙང་སྭོན་ཝི་སི་པ་རྣམས་ཀྱིས་ཁྱོན་བསྐོས་བྱས། སྤྱིར་གདན་ས་ཕན་ཚུན་གཉིས་ཟུང་འབྲེལ་ཡིན་པ་དང་། ཁྱད་པར་སྒོམ་པ་རང་ལ་་སི་ཏུ་བཀའ་དྲིན་ཆེ་བར། སློབ་དཔོན་ཀུན་རིན་གྱིས་སྡེ་སྲིད་ཕག་མོ་གྲུ་པ་ལ་ངན་བཤོམས་ཀྱི་གྲ་སྒྲིག་འགལ་ཞིག་བྱས་པ་ལ་བརྟེན། འབྲི་གུང་གི་སྲིད་ལ་ཕན་པ་ཆེ་བ་མ་བྱུང་།
- པ་སངས་དབང་འདུས།དུམ་བུ་འདི་ཡིན་ན་ད། གཅིག་གི། འབྲི་གུང་བཀའ་བརྒྱུད་ཀྱི་ཨ་གཅིག་གི་སྒྲུབ་བརྒྱུད་དང་། འབྲི་གུང་གི་སྐོར་གྱི་རྦད་དེ་གདན་རབས་གཅིག་རེད་ཤག
- པ་སངས་དབང་འདུས།ད་འདི་གཙོ་བོ་འདྲ་དེ་ནང་དོན་མདོར་བསྡུས་འདྲ་དེ་ག་རེ་འདྲ་གཅིག་བཤད་ཀྱི་ཡོའོ་རེད་ཟེར་ན། ད་གཅིག་གི་དཔལ་ཕག་མོ་གྲུ་པའི་འཕྲིན་ལས་ཀྱི་ནུས་པ་ལས་ད་རྦད་དེ། བོད་ཀྱི་སྐབས་དེར་སྒྲུབ་བརྒྱུད་བསྟན་པའི་ད་གཅིག་གི་སློབ་རྒྱུན་དར་རྒྱས་སུ་སྤེལ་བར་མཛད་མཁན་གྱི་བསྟན་པ་རིན་པོ་ཆེ་གི་སློབ་རྒྱུན་དར་རྒྱས་སྤེལ་བར་མཛད་མཁན་དེ་སུ་རེད་ཟེར་ན།
- པ་སངས་དབང་འདུས།སྐྱུ་ར་རིན་པོ་ཆེ་ཞུ་མཁན་དེ་རེད། ཟེར། སྐྱུ་ར། ད་དེ་འབྲི་གུང་གི་ང་ཚོའི་་འབྲི་་གུང་དགོན་པའི་སྐྱུ་རའི་རྒྱུད་ཟེར་ཡས་དེ་རྦད་དེ། ད་བོད་ཀྱི་སྔ་རབས་ཀྱི་ལོ་རྒྱུས་ཡིན་ན་རུས་རྒྱུད་སྐད་གྲགས་ཆེན་མོ་གཅིག་རེད།
- པ་སངས་དབང་འདུས།དེ་སྐྱུ་ར་རིན་པོ་ཆེ་དེ་ཡིན་དུས་ཙམ་པ་སྐྱུ་ར་རིན་པོ་ཆེ་དེས་འབྲི་གུང་གི་གདན་རབས་བཞི་ཙམ་གྱི་བར་ལ་ཡིན་ན། གཙོ་བོ་འདྲ་དེ་ག་རེ་གནང་གི་ཡོའོ་རེད། དམ་པའི་ཆོས་ཁོ་ན་དོན་དུ་གཉེར་བ་ལས། འཇིག་རྟེན་གྱི་གཅིག་གི་སྟོབས་དང་། གཅིག་གི་རྒྱ་ནག་གོང་མའི་ལག་རྟགས་སོགས་ཡིན་ན་ཁྱོན་ནས་བྱུང་ཡོའོ་མ་རེད་ཟེར།
- པ་སངས་དབང་འདུས།དེ་ཡིན་དུས་ཙམ་པ་ད་སི་ཏུ་རིན་པོ་ཆེ་གི་བཀའ་ཆེམས་དེབ་ཐེར་ལས། ཨ་ད་ལྟ་སི་ཏུ་རིན་པོ་ཆེ་གི་ཕྱག་དེབ་ད་དེར་གཅིག་གི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་དེབ་དེ། ཟེར་གྱི་ཡོའོ་རེད། འདིའི་བཀའ་ཆེམས་དེབ་ཐེར་ལ་ག་རེ་འཁོད་ཡོའོ་རེད་ཟེར་ན།
- པ་སངས་དབང་འདུས།དེའི་དུས་ཀྱི་དེ་ནི་བླ་མ་རིན་པོ་ཆེ་དེ་ཡིན་ན་སྤྱན་སྔ་རིན་པོ་ཆེ་དེ་རེད་ཟེར། སྒོམ་པ་ཡིན་ན་ཤཱཀ་རིན་ཡིན་ཟེར། ད་འདིའི་བླ་མ་གཅིག་དང་སྒོམ་པ་གཅིག་བཤད་དུས་ད་རྒྱུ་མཚན་གཙོ་བོ་ག་རེ་བཤད་ཀྱི་ཡོའོ་རེད། སྐབས་དེར་གཅིག་གི་འབྲི་གུང་ལ་ཆ་བཞག་པ་ཡིན་ན། འབྲི་གུང་གི་ཆོས་རྒྱུད་སྤེལ་མཁན་དེ། འདིའི་བླ་མ་རིན་པོ་ཆེ་དེ་ཡིན་པ་དང་། འབྲི་གུང་གི་སྲིད་དང་གཅིག་གི་འཇིག་རྟེན་གྱི་ཨ་ད་གཅིག་གི་བྱ་བ་གི་རྦད་དེ་གཅིག་གི་ཨ་མགོ་འཛིན་མཁན་དེ་ཡིན་ན། སྒོམ་པ་ཟེར་མཁན་དེ་ཡིན་སྟབས་སྒོམ་པ་ཤཱཀ་རིན་ཡིན་ཟེར།
- པ་སངས་དབང་འདུས།ཨ་དེ་འདྲས་ཀྱི་རྦད་དེ་དོན་དག་གཅིག་བཤད་ཀྱི་ཡོའོ་རེད། དེ་ཡིན་དུས་ཙམ་པ་ད་བསྟན་པ་སྐྱུ་རའི་སྐོར་ལ་ཆ་བཞག་པ་ཡིན་ན། རུས་སྐྱུ་རུ་གི་འབྱུང་ཁུངས་པ་ཆ་བཞག་པ་ཡིན་ན། ག་རེ་བཤད་ཀྱི་ཡོའོ་རེད་ཟེར་ན།
- པ་སངས་དབང་འདུས།སྐྱུ་ར་ཟེར་མཁན་དེ་དང་པོ་ཐོག་མ་ཡིན་ན་བསྟན་པ་སྔ་དར་གྱི་དུས་ལ་ཡིན་ན་སྐྱུ་རའི་རིགས་གཅིག་ཡིན་ན། དང་པོ་རྩ་བའི་འབྱུང་ཁུངས་དེ་བྱས་པ་ཡིན་ན། སྔགས་འཆང་ཞིག་ལ་དེ་ནི་ད་མཁའ་འགྲོའི་རིགས་ཡིན་པའི་ད་སྣ་ནམ་བཟའ་བྱ་བའི་ད་ཇོ་མོ་གཅིག་བླངས་དེ་ལ། རྦད་དེ་མི་ལས་འདས་པའི་གཅིག་གི་འོང་། སྤྲུལ་སྒྱུར་སྣ་ཚོགས་སྟོན་པས། ཕྱིས་སུ་དེ་ཡིན་ན། ད་འབྲི་གུང་གི་་ནང་ལ་ད་སྐད་གྲགས་ཡོད་པའི་འབྲི་གུང་ཨ་ཕྱི་ཟེར་ཡས་དེ་འབོད་པ་ཡིན་ཟེར།
- པ་སངས་དབང་འདུས།དེ་གཉིས་ཀྱི་སྲས་ལ་སུ་འབྱུང་པ་རེད་ཟེར་ན། ནམ་མཁའ་དབང་ཕྱུག ད་ནམ་མཁའ་དབང་ཕྱུག་གི་བརྒྱུད་ལ་ག་རེ་ཟེར་གྱི་ཡོའོ་རེད་ཟེར་ན། དེ་ནི་ཨ་མེས་དབང་རྒྱལ་ཟེར་ཡས་གཅིག་ཞུ་གི་ཡོའོ་རེད། ཨ་མེས་དབང་རྒྱལ་ལ་སྲས་གཅིག་ངེས་ཅན་གཅིག་ཡོད་པ་གཅིག་ལ། དེའི་ནང་གི་སྲས་བཞི་པ། རྡོ་རྗེ་ཟེར་མཁན་དེར་ཡིན་ན་ཇོ་མོ་བཙུན་མ་ཟེར་མཁན་དེ་བླངས། བླངས་ནས་ཡིན་ན་དེ་ནི་འབྲི་གུང་རིན་པོ་ཆེ་འཁྲུངས།
- པ་སངས་དབང་འདུས།སྐབས་དེར་འགྲོ་མགོན་རིན་པོ་ཆེའི་དྲུང་དུ་དེ་ནི་ཟབ་རྒྱས་ཀྱི་ཆོས་བུམ་པ་གང་བྱོའི་ཚུལ་དུ་གསན་བྱས། གསུངས་དུས་ཙམ་པ་དེ་ནི་འགྲོ་མགོན་རིན་པོ་ཆེ་དེ་ཡིན་ན་གཅིག་གི་ཕག་མོ་རིན་པོ་ཆེ་རྡོ་རྗེ་རྒྱལ་པོ་འང་། དྲུང་དུ་བྱོན་ནས་ཨ། ཆོས་བུམ་པ་གང་བྱོའི་ཚུལ་དུ་གསན་ནས་ཡིན་ན་ད། མཚན་ལ་ཡིན་ནའི་དེ་ནི་རིན་ཆེན་དཔལ་གྲགས་ཡོའོ་རེད་ཟེར།
- པ་སངས་དབང་འདུས།དེ་ནས་དེའི་རྗེས་ལ་འགྲོ་མགོན་གཤེགས་པའི་རྗེས་ལ་ཡིན་ན། ད་གདན་སའི་མཛད་པ་འདྲ་དེ་ཏིག་ཙ་འདྲ་གཅིག་ད་མཛད་པ་ཡིན་ནའི་དེ་གཅིག གཅིག་གི་འཕྲིན་ལས་བཞེད་པ་འདྲ་དེ་ཨ་གཅིག་རྒྱས་པོ་འདྲ་གཅིག་མ་བྱུང་བས་བྱང་ཕྱོགས་ལ་བྱོན་ནས་དེ་ནི་རྟོགས་ལྡན་མི་ཉག་སྒོམ་རིན་ཟེར་ཡས་དེའི་དགོན་པའི་འཁྲིས་སུ་ཡིན་ན། འང་། དགོན་པའི་དགོན་པ་དེ་ཡར་ཕུལ་པ་རེད་དའི། ཕྱག་བཏབ་པ་ཡིན་ན། དར་རྒྱས་ཕྱིས་སུ་ང་རང་ཚོས། སྐད་གྲགས་ཡོད་པའི་འབྲི་གུང་ཐེལ་ཟེར་ཡས་དེ། བོད་ཀྱི་གངས་རིའི་ཁྲོད་དུ་ད་དེ། སྒྲུབ་བརྒྱུད་ཀྱི་བསྟན་པའི་ནང་ནས་གཙུག་རྒྱན་ལྟ་བུར་གྱུར་པའི་དགོན་པ་དེ། ཕྱག་བཏབ་པ་རེད་ཟེར་ཡས་དེ་རྒྱུ་མཚན་དེ་འདྲས་གཅིག་བཤད་ཀྱི་ཡོའོ་རེད།
- པ་སངས་དབང་འདུས།ད་སྐྱུ་ར་རིན་པོ་ཆེ་གིས་ཁུ་བོ་དེ་དཀོན་མཆོག་རིན་པོ་ཆེ་ལ་སྲས་ཨ་མེས་གྲགས་རྒྱལ། དེ་་ལ་སྲས་རྦད་དེ་ཆེ་བ་དབོན་པོ་རིན་པོ་ཆེ། ད་འདིའི་དུམ་བུ་དེ་ཡིན་ན། སྲས་ཀྱི་བརྒྱུད་པ་ཤ་སྟག་གཅིག གཅིག་གི་མར་དེ་དཔེར་ན་ད་འབྲི་གུང་གི་གཅིག་གི་ཆོས་སྲིད་གཉིས་ཀྱི་ཐོག་ནས། ཡིན་ན་ཧ་ཅང་གི་དེ་སྟོབས་ཆེན་པོ་ཡོད་པའི་དེ་ནི་རྒྱུ་མཚན་འདྲ་དེ་འདིའི་དྲངས་ཡོའོ་རེད།
- པ་སངས་དབང་འདུས།ད་འདིའི་རྗེས་ལ་ཡིན་ན། ད་དེར་གཅིག་གི་འབྲི་གུང་གི་རྦད་དེ་བླ་བརྒྱུད་ཀྱི་གཅིག་གི་མཚན་མང་པོ་གཅིག་དྲངས་བྱས། རྡོ་རྗེ་རིན་ཆེན། རྡོ་རྗེ་རྒྱལ་པོ། ཉེར་གཉིས་རིན་པོ་ཆེ། དོན་གྲུབ་རྒྱལ་པོ་རྣམས། ཨ་རིམ་བཞིན་བྱོན་བྱས། རིན་པོ་ཆེ་འདིའི་རིང་ལ་ཡིན་ན། མཚན་ལ་ག་རེ་ཡོའོ་རེད་ཟེར་ན།
- པ་སངས་དབང་འདུས།གོ་ས་ག་རེ་ཡོའོ་རེད་ཟེར་ན། སྤྱན་སྔའི་གོ་ས་དང་སྒྲུབ་བརྒྱུད་ཀྱི་བསྟན་པ་ཁོ་ར་ད་རྦད་དེ་གཅིག་གི་སྤེལ་བ་ལ་བརྟེན་པ་ཡིན་ན་གཅིག་ འཇིག་རྟེན་གྱི་སྲིད་འཛིན་མཁན་དེ་འབྲི་གུང་པའི་སྲས་གཅིག་གི་ད་ས་སྐྱ་ཡིན་ན་ས་སྐྱ་དཔོན་ཆེན་ཡོའོ་རེད། དེ་ལྟ་བུའི་དོད་ཀྱི་རྦད་དེ་འབྲི་གུང་ཡིན་ན་འབྲི་གུང་སྒོམ་པ་ཟེར་མཁན་དེ་རེད་ཟེར།
- པ་སངས་དབང་འདུས།ད་སྒོམ་པ་ཆ་བཞག་ན་པ་ཡིན་ན། སྒོམ་པ་རིམ་བྱོན་མང་པོ་གཅིག་བྱུང་ཡོའོ་རེད། སྒོམ་པ་རྡོ་རྗེ་སེང་གེ་ལ་སོགས་པ། ཤཱཀྱ་རིན་ཆེན་ཟེར་ཡས། བྱང་ཤེ། བྱང་ཆུབ། སྤང་རས ཆོས་སེང་། རིན་ཆེན་སེང་གེ སྒོམ་པ་དཔོན་་པོ། སྒོམ་པ་ཤཱཀྱ་དར། རིན་ཆེན་གྲགས། ཡེ་ཤེས་དཔལ། ཟེར་ཡས་ཀྱི་ཨོའོ་དེ་འདྲས་ཀྱི་གཅིག་གི་སྒོམ་པ་ལ་ཡིན་ནའི་སྒོམ་པའི་རྦད་དེ་བརྒྱུད་རིམ་དེ་མང་པོ་གཅིག་བྱོན་ཡོའོ་རེད།
- པ་སངས་དབང་འདུས།ད་ཕྱིས་སུ་ཡིན་ན། ག་རེ་བཤད་ཀྱི་ཡོའོ་རེད་ཟེར་ན། དེ་གཅིག་སྒོམ་པ་རིམ་བྱོན་འདས་པའི་རྗེས་ལ་ཡིན་ན། འང་སྒོམ་པ་ཀུན་རིན་ལ་ཆ་བཞག་པ་ཡིན་ན། གཅིག་གི་སྐབས་དེར་རྒྱ་ནག་གོང་མའི་རྦད་དེ་ད་གཅིག་གི་ལུང་དང་དེ་འདྲས་ཀྱི་གའི་མེད་ནའི། ཡིན་ན་ཡང་། དབུས་གཙང་སྭོན་ཝི་སི་ཟེར་མཁན་དེ་འདྲས་གཅིག་གི་ཐོབ་ཐང་གཅིག་འཐོབ་པ་རེད་ཟེར།
- པ་སངས་དབང་འདུས།དེ་ཡིན་ན་སྭོན་ཝི་སི་ཟེར་ཡས་དེ་ཡིན་ན་རྒྱ་སྐད་རེད། རྒྱ་སྐད་ནང་ལ་དེང་སང་གི་སྒྲ་ཐོན་པ་ཡིན་ན། ཤོན་ཝུའུ་སི་ཟེར་གྱི་ཡོའོ་རེད། འདི་ཐོབ། འདི་གོ་གནས་དེ་ཡོད་དུས་ཙམ་པ་ཡིན་ན་ད་གཅིག་གི་བོད་ཡོངས་ལ་ཡིན་ན། ཧ་ཅང་གི་རྦད་དེ་དབང་གྲགས་ཆེན་པོ་གཅིག་ཡིན་ཟེར། དེ་འདྲས་ཀྱི་ཟེར་ཡས་དེ་གཅིག་རེད།
- པ་སངས་དབང་འདུས།ད་དེའི་ནང་ནས་མཇུག་དེ་ག་རེ་བཤད་ཡོའོ་རེད་ཟེར་ན། དཔེར་ན་སློན་དཔོན་ཀུན་རིན་འདིའི་རིང་ལ་ཡིན་ན་སྡེ་སྲིད་ཕག་མི་གྲུ་པ་ལ་ངན་བཤོམས་གྲ་སྒྲིག་བྱས་མ་བྱས་འདིས་འབྲི་གུང་གི་སྲིད་པ་ཡིན་ན་ཕན་པ་ཆེན་པོ་་མ་བྱས་པ་ཡིན་ན་གནོད་པ་ཆེན་པོ་ཞེ་དྲག་བསྐྱལ་ཤག་ཟེར་ཡས་འདྲ་གཅིག ཨོའོ་དུམ་བུ་འདི་ཡིན་ན་དེ་འདྲས་གཅིག་རེད།
- པ་སངས་དབང་འདུས།ཨ། ད་གཤམ་གྱི་དུམ་བུ་དེ་ཡིན་ན། ང་ཚོ་རྦད་དེ་རྒྱལ་མཁར་རྩེ་པའི་ལོ་རྒྱུས་རེད། རྒྱལ་མཁར་རྩེཔ་ཟེར་ཡས་དེ་དེང་སང་ཡིན་ན། ཁ་སྐད་ལ་རྒྱལ་རྩེ་ཟེར་ཡས་དེ། རྒྱལ་རྩེ་ཆོས་རྒྱལ་གྱི་ལོ་རྒྱུས་རེད། ཆོས་རྒྱལ། ཨ་ཕག་པ་རབ་བརྟན་ཀུན་བཟང་ཞུ་ཡས་དེའི་བརྒྱུད་པ་གཅིག་ཡོའོ་རེད་པ། དེའི་ལོ་རྒྱུས་དུམ་བུ་གཅིག་བཏོན་ཡོའོ་རེད། སྔོན་ལ་དུམ་བུ། དེ་མར་ཀློག་གི་ཡིན།
- པ་སངས་དབང་འདུས།རྒྱལ་མཁར་རྩེ་པ་ནི། སྔོན་མདོ་ཁམས་སྟོད་དུ་དགྲ་རྒོད་ལྡང་བཙན་བྱ་བ། སྟག་ལྤགས་བརྒྱའི་ཐུལ་པ་གྱོན་པ། དྲེད་ལ་སྦར་འཛིན་བྱེད་པ། ཁྲོམ་གེ་སར་རྒྱལ་པོའི་མག་པ་བྱས་པའི་བུ་ཚ་བརྒྱུད། ཡོན་བདག་འབུམ་ཉེག་བྱ་བའི་སྲས་སློབ་དཔོན་ནམ་མཁའ་བྱང་ཆུབ་བྱ་བ་གསང་སྔགས་ཀྱི་རྡོ་རྗེ་ཐེག་པའི་སྒོ་ནས་གྲུབ་པ་བརྙེས་པ་ཞིག་གི་སྲས་སློབ་དཔོན་ནམ་མཁའ་ལྷུན་གྲུབ། དེའི་སྲས་སློབ་དཔོན་ནམ་མཁའ་བཟང་པོ། དེ་ལ་སྲས་བརྩོན་འགྲུས་རྡོ་རྗེ་གྲགས་པ་་བརྩོན་འགྲུས། གཞོན་ནུ་འཕགས་གསུམ་ལས། ཆེ་བས་སྣར་ཐང་དུ་རབ་ཏུ་བྱུང་།
- པ་སངས་དབང་འདུས།ཆུང་བས་ཏི་རི་གྲགས་འོད་པའི་ཡིག་དཔོན་མཛད། བར་པ་ལ་སྲས་རྒྱལ་མཚན་ཡིག་རིས་མང་དུ་མཁྱེན། འདི་ཉིད་ཀྱིས་བརྩམས་པའི་བཀའ་པོཏ་ཡང་སྣང་། འདི་ཆོས་རྗེ་ཀརྨ་པ་དང་ཐུགས་འབྲེལ་ཆེ་བས། མཚུར་ཕུར་བྱང་ཆུབ་ཆེན་པོ་བཞེང་བར་བྱོན་སྐབས། བཟོ་རྒྱུས་ལྡངས་ན་ཁོ་བོས་མདུན་གྱི་ནགས་རི་འདི་ཙམ་བློར་ཤོང་ཞུས་པས། སྤྲུལ་སྐུ་ནགས་རི་པ་གྲགས། འདིས་མ་གཅིག་ལྷ་སྨན་ཇོ་མོར་བླངས་པར་སྲས་དཔལ་ལྡན་བཟང་པོ། དཔལ་ལྡན་རིན་ཆེན། མ་ཟངས་དར་པོ་གསུམ་འཁྲུངས། ཉང་སྟོད་འདུལ་ཆུང་ཆུ་ནུབ་ཀྱི་ནང་ཚན། ལྷན་ཡུལ་སྔོན་མོ་ལུང་རིངས་སུ་བྱོན་པའི་ལམ་ཁར་ལྕགས་པའི་གདུང་བརྒྱུད་འཕགས་པ་རྒྱས་ལ་དང་མཇལ་ཏེ་མིང་ཞུས་པས། གཅེན་གཉིས་ལ་འཕགས་པ་དཔལ་བཟང་དང་། འཕགས་པ་རིན་ཆེན་དུ་བཏགས།
- པ་སངས་དབང་འདུས།འཕགས་པ་དཔལ་བཟང་གིས་དཔལ་ལྡན་ས་སྐྱ་པའི་ལས་ཚན་བཟུང་། གཏམ་ཡིག་རྩིས་གསུམ། མདའ་ཁ་དཔའ་རྩལ་དང་ལྡན་པའི་ཤར་དུང་ལྷོ་དུང་འདུལ་བའི་རྒན་པོར་ས་སྐྱ་ནས་བསྐོན་ཆ་དང་བཅྭ་ཚེ་གནང་། དེ་ནས་བཞི་ཐོག་ཉེ་གནས་ཀྱི་གོ་ས་བཟུང་། ཕ་ཤི་དར་ཁ་ཆེ་ཤར་ཕྱོགས་གོང་མའི་དྲུང་དུ་བཏངས་པས། འདྲི་མཚམས་གངས་དཀར་པོ་ཚུན་ཤེས་སུ་བཅུག་པའི་འཇའ་ས་གནང་། གོང་མ་སི་ཏུའི་དྲུང་དུ་་བྱོན་པར། སློབ་དཔོན་རྣམ་རྒྱལ། ཤེར་བཟང་། པ་ཤི་དཀོན་ཅོག་རྣམས་ཀྱིས་རིན་སྤུངས་སུ་བསྒར་ནས། གྲྭ་ཚོང་འདུས་སུ་བསྐྱལ་ཏེ་ངམ་གཅུར་བྱས་པ་ལས་གྲོལ་ཏེ་ཡར་བྱོན་སྐབས། ཧོར་རྒྱལ་པོས་ནང་ཆེན་གྱི་འཇའ་ས་གནང་། རྩེ་ཆེན་དངཕག་རི་རྣམ་རྒྱལ་གྱི་རྫོང་བརྩིགས། རྒྱལ་རྩེ། སྣ་བོ་རྫོང་གཉིས་ཉི་མ་གཅིག་ལ་འགྲམ་བཏིངས། ཁྱུང་རྩེ་སོགས་རྫོང་མང་དུ་བརྩིགས། རྩེ་ཆེན་གཙུག་ལག་ཁངབཏབ།
- པ་སངས་དབང་འདུས།བདག་ཆེན་འཕགས་པའི་དཔལ་ལ་སྲས་མང་དུ་ཡོད་ཀྱང་། ཇོ་མོ་མ་གཅིག་དཔལ་མ་ལ་ནང་ཆེན་ཀུན་དགའ་འཕགས་འཁྲུངས། དེ་ལ་སྲས་དཔོན་མོ་མགོན་པོ་སོགས་སྲས་ལྕམ་སྲིང་མང་དུ་འཁྲུངས་་པ་ལས། བདག་ཆེན་རབ་བརྟན་ཀུན་བཟང་འཕགས་འདི་ཉིད་ཕོ་བྲང་སྣེའུ་གདོང་རྩེར་གོང་མ་གྲགས་པ་རྒྱལ་མཚན་པའི་དྲུང་དུ་བྱོན། གོང་མས་སྣེའུ་གདོང་དགའ་ལྡན་རྩེའི་རྟེན་གསུམ་རྣམས་ཀྱི་ནང་ནས་དཔོན་རབ་བརྟན་དང་ཇི་ལྟར་འདོད་པ་ཞིག་ཁྱེར་གསུངས་པས། ཐུབ་དབང་རྡོ་རྗེ་གདན་ཆུང་མ་ཞིག་ཞུས་པས། ཐུགས་ཉམས་ཆེ་བའི་གྲགས་པ་བྱུང་། དེང་སང་ཡང་རྒྱལ་རྩེའི་ལི་མ་ལྷ་ཁང་དུ་བཞུགས་ཡོད་འདུག་ཅིང་། གཙང་དུ་བྱོན་ནས་གྲོགས་པོ་བརྒྱ་རྩར་རིན་སྤུངས་ནམ་མཁའ་རྒྱལ་པོའི་དཔུང་རྣམས་སྤུབ་སྟེ་མཚན་ཇུས་ལེགས་པ་བྱུང་།
- པ་སངས་དབང་འདུས།མཁས་གྲུབ་རིན་པོ་ཆེ་དང་མཆོད་ཡོན་དུ་འབྲེལ་ནས། དཔལ་འཁོར་བདེ་ཆེན་གྱི་གཙུག་ལག་ཁང་སྡེ་དང་བཅས་པ་བཏབ། སྔགས་གྲ་པ་རྣམས་ཀྱིས་དཀྱིལ་འཁོར་མང་པོའི་ཞལ་འབྱེད་དང་། མདོ་གྲྭ་པ་རྣམས་ཀྱིས་དབྱར་ཆོས་ཐོག་བཀའ་པོཏ་རྣམས་ལ་རབ་འབྱམས་གྲྭ་བསྐོར་གྱི་རྒྱུན་སྲོལ་བཙུགས། སྐུ་འབུམ་བཀྲ་ཤིས་སྒོ་མང་དང་གོས་སྐུ་ཆེན་མོ། བཀའ་འགྱུར་རྒྱུན་འཇགས་སུ་བཞེང་བ་སོགས་དབུས་གཙང་གི་སྡེ་དཔོན་ཞིག་ལ་རྣམ་དཀར་གྱི་མཛད་པ་འདི་ཉིད་ཆེ་བར་མངོན། འདིའི་སྲས་རབ་བརྟན་བཀྲ་ཤིས་འཕགས། དེའི་སྲས་དོན་གྲུབ་འཕགས་ནས་བཟུང་སྟེ་བདག་པོ་ཕུན་སུམ་པ་ཡན་ཆད་དུ་མངའ་ཐང་རྒྱུན་གནས་ཤིང་། བར་སྐབས་སུ་དུས་མི་བདེ་བ་འགའ་ཞིག་བྱུང་ཡང་། གོང་མ་སྡེ་སྲིད་ནས་རྒྱབ་གཉེར་མཛད་པས་སྐྱོན་དུ་མ་གྱུར་ཏོ༎ ༎
- པ་སངས་དབང་འདུས།འོ། དུམ་པོ་འདིའི་ནང་དོན་རྡོག་རྡོག་ར་འདི། སྙིང་པོ་ར་འདི་ཞུས་པ་ཡིན་ན། རྦད་དེ། རྒྱལ་མཁར་ར་རྩེན་པ་ཆོས་རྒྱལ་གྱི་གདུང་རྒྱུད་འཁོར་གྱི་ལོ་རྒྱུས་དེ་རེད། འདི་ཡིན་ན། ཆོས་རྒྱལ་འདིའི་གདུང་རྒྱུད་ཀྱི་འབྱུང་ཁུངས་ཐོག་མ་ར་འདི་བྱས་པ་ཡིན་ན། སྔོན་མདོ་ཁམས་སྟོད་ལ་ཡིན་ན་གྲགས་པ་གདུང་མཚན་ཟེར་བ་གཅིག། འ། དཔའ་རྡུལ་ཞེ་པོ་གཅིག་བྱུང་བ་རེད།
- པ་སངས་དབང་འདུས།དཱ་འདིའི། དཔའ་རྡུལ་འདི་ལ་ཆ་བཞག་པ་ཡིན་ན། དུས་རྒྱུན་དུ་ཡིན་ན་སྟག་ལྤགས་བརྒྱའི་ཐུལ་པ་གྱོན་པ། དྲེད་ལ་སྦར་འཛིན་བྱེད་པ། ཁྲོམ་གེ་སར་རྒྱལ་པོའི་མག་པ་བྱེད་པའི་འདི་འདྲའི་བུ་ཚའི་བརྒྱུད་གཅིག་ལ་ཡིན་ན། སྟེ་ནི། ཡོན་བདག་འབུམ་ཉེག་བྱ་བའི་སྲས་ཀྱི་སློབ་དཔོན་ནམ་མཁའ་བྱང་ཆུབ་ཟེར་བ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོ་ནས་གྲུབ་པ་བརྙེས་པ་ཞིག་ལ་ཡིན་ན་སྲས་ཀྱི་སློབ་དཔོན་ནམ་མཁའ་ལྷུན་གྲུབ་ཟེར་བ། དེ་ལ་སྲས་སློབ་དཔོན་ནམ་མཁའ་བཟང་པོ་དང་དེ་ལ་སྲས་བརྩོན་འགྲུས་རྡོ་རྗེ། གྲགས་པ་བརྩོན་འགྲུས། གཞོན་ནུ་འཕགས་། སྲས་གསུམ་འཁྲུངས་པ་ལས།
- པ་སངས་དབང་འདུས།སྲས་ཆེ་བ་དེ་ཡིན་ན་སྣར་ཐང་དུ་རབ་ཏུ་བྱུང་། སྲས་ཆུང་བ་དེ་གཞོན་ནུ་འཕགས་གསུམ་ལས། ཟེར་ཡས་དེ་རེད། ཏི་རི་གྲགས་པ་འོད་པའི་ཡིག་དཔོན་མཛད་པ་རེད། ཡིག་དཔོན་མཛད་དུས་ད་སྲས་བར་པ་ལ་ཆ་བཞག་ན། གྲགས་པ་བཙུན་འགྲུས་ལ་སྲས་རྒྱལ་མཚན་ཟེར་ཡས་དེ། ཡིག་རིགས་མང་པོ་དུ་མཁྱེན་པ་གཅིག ད་གཅིག་ཡོན་ཏན་ཆེན་པོ་ཞེ་པོ་གཅིག་འཁྲུངས་དེ་ཉིད་ཀྱིས་ད་བརྩམས་པའི་བཀའ་ལྤོ་ཏི་ཡིན་ནའི་དེ་མང་པོ་གཅིག ཨ་མཇལ་ཡས་ཡོད་པ།
- པ་སངས་དབང་འདུས།ཨ་ད་དུང་དེས་ཡིན་ན་ཆོས་རྗེ་ཀརྨ་པ་དང་ཡིན་ན་འབྲེལ་བ་དམ་གཟབ་གཅིག་བཙུགས་ཐུབ་པ་དང་། མཚུར་ཕུའི་བྱང་ཆུབ་ཆེན་པོ་བཞེངས་པའི་སྐབས་ལ་ཡིན་ན། མཚུར་ཕུར་སྐུ་བྱས་བྱས་བྱང་ཆུབ་ཆེན་པོ་བཞེངས་པའི་སྐབས་ལ་ཡིན་ན། ཨ་འདིས་ག་རེ་གསུངས་ཡོའོ་རེད་ཟེར་ན།
- པ་སངས་དབང་འདུས།ད་བཟོ་རྒྱུ་ཆས་ལྡངས་ང་ཡིན་ན་ངས་བྱང་ཆུབ་སེམས་དཔའ་དེ་དེའི་མདུན་གྱི་ནགས་རི་འདི་ཙམ་གཅིག་རྦད་དེ་བཞེངས་ཐུབ་པ་ཟེར་ཞུ་དུས་ཙམ་པ་ཡིན་ན། དེ་ནི་མཚན་ལ་ཡིན་ནའི་སྤྲུལ་སྐུ་ནགས་རི་པ་ཟེར། ཨོའོ་དེ་འདྲས་ཟེར་གྲགས་ཡོའོ་རེད། ཟེར།
- པ་སངས་དབང་འདུས།ད་འདིས་མ་གཅིག་ལྷ་སྨན་ཇོ་མོ་ཟེར་ཡས་ཀྱི་ལྷ་དེ་ལ་ཡིན་ན། སྲས་དཔལ་ལྡན་བཟང་པོ། དཔལ་ལྡན་རིན་ཆེན། མ་ཟངས་དར་པོ་གསུམ་འཁྲུངས་ཡོའོ་རེད། འཁྲུངས་པ་དེ་ལ་ཡིན་ན་ཕྱིས་སུ་ཡིན་ན་དེ་ནི། གཅིག་གི་ཉང་སྟོད་འདུལ་ཆུང་ཆུ་ནུབ་ཀྱི་ནང་ཚན། གཅིག་གི་ནང་ནས་སྔོན་མ་ལྕགས་པའི་གདུང་བརྒྱུད་འཕགས་པ་རྒྱལ་དང་མཇལ་དུས་ཙམ་པ། འཕགས་རྒྱལ་ལ་མིང་ཞུ་དུས་ཙམ་པ། ཨ་ནི་སྤྱན་གཉིས་ལ་ད་གཅེན་པོ་གོང་དུ་ཞུས་པའི་དཔལ་ལྡན་བཟང་པོ་དང་། འཕགས་པ་རིན་ཆེན་གཉིས་ལ་ཡིན་ན། ད་གཅིག་གི་ད་འཕགས་པ་དཔལ་བཟང་དང་། འཕགས་པ་རིན་ཆེན་ཟེར། ཨ་མཚན་བཏགས་གནང་པ་རེད།
- པ་སངས་དབང་འདུས།ད་འཕགས་པ་དཔལ་བཟང་འདི་ཡིན་ན། ཨ་སྐབས་འདིར་ཡིན་ན་ད་རྦད་དེ་དཔལ་ལྡན་ས་སྐྱ་པའི་ལས་ཚན་ཟུང་། བསྡད་ཡོའོ་རེད། གཏམ་ཡིག་རྩིས་གསུམ་དང་། ད་མདའ་ཁ་དཔལ་རྩལ་གང་ཅིའི་ཐད་ལ་ཡིན་ན་མཁས་དུ་འཕགས་པའི་ཡིན་ན་ད། ཨ་གཅིག་གི་ཡོན་ཏན་ལྡན་པ་གཅིག་ཡིན་དུས་ཙམ་པ། ད་སྐབས་དེར་ས་སྐྱ་པའི་ཤར་དུང་དང་ལྷོ་དུང་ཟེར་མཁན་འདི་ལ་རྦད་དེ། འདུལ་བའི་དེ་ནི་རྒན་པོར་བསྐོས་པ་ཟེར།
- པ་སངས་དབང་འདུས།ད་དེ་རྒན་པོར་བསྐོས་ཟེར་ཡས་དེ། ད་སྤྱིར་བཏང་བྱས་ན། ད་གཅིག་དམག་དཔོན་འདུལ་བའི་སྐབས་ལ་ས་ཆ་དེར་དབང་བསྒྱུར་བྱེད་ག་བཏང་བའི་དོན་དག་རེད། ཟེར།
- པ་སངས་དབང་འདུས།འདི་ཤར་དུང་དང་ལྷོ་དུང་ཟེར་ཡས་དེ་ག་རེ་རེད་ཟེར་ན། སྐབས་དེའི་བོད་ཀྱི་ལྷོ་ཕྱོགས་ལ་ད་དེང་སང་གི་གྲོ་མོ་གཡས་གཡོན་དང་། དེ་འདྲས་འབྲུག་པ་ངོས་ཀྱི་མཐའ་མཚམས་དང་ཉེ་བའི་ས་ཆ་ནས་ཡོང་བའི་དེ་འདྲས་ཀྱི་རྦད་དེ་དེ་འདྲས་ཀྱི་གཅིག་གི། ལས་ཚན་དེ་འདྲས་གཅིག་རེད་ཤག
- པ་སངས་དབང་འདུས།འདི་སྐབས་འདིའི་ཡིན་ན། ཨ་གཅིག་གི་བོད་ཀྱི་ནང་ཁུལ་ཡིན་ན་གཅིག་གི་ད་མཐའ་མཚམས་ནས་ཡོང་བྱས་ཟེར། ཟིངས་ཆ་མང་པོ་བླངས་པའི་ལོ་རྒྱུས་གཅིག་འདུག ད་ལྟ་མཐོང་ཡས་ཡོའོ་རེད། བྱས་ཙང་། དེ་འདུལ་བའི་རྒན་པོར་ས་སྐྱ་ནས་བསྐོན་བྱས། ས་སྐྱ་ནས་བཀའ་མངགས་གནང་ཡོའོ་རེད་ཟེར།
- པ་སངས་དབང་འདུས།ཨ་དེའི་རྗེས་ལ་ཡིན་ན། དེ་དེའི་རྗེས་ལ་ཡིན་ན། ཨ་ནི་ས་སྐྱའི་ཞི་རྒྱས་དབང་ཐང་གི་ཉེ་གནས་ཀྱི་ཡིན་ནའི་གོ་ས་ཟིན་པ། ཨ་ཕ་ཤི་དར་ཁ་ཆེ་ཤར་ཕྱོགས་ལ་བརྫངས་པའི་སྐབས་ལ་ཡིན་ནའི། དེ་ནི་སྐབས་དེར་ག་རེ་རག་ཡོའོ་རེད་ཟེར་ན།
- པ་སངས་དབང་འདུས།འདྲི་མཚམས་གངས་དཀར་པོ་ཚུན་ཟེར་ད། འདྲི་མཚམས་གངས་དཀར་པོ་ཚུན་ཟེར། ད་ས་མཚམས་དེ་ཐག་ལ་བྱས་པ་ཡིན་ན། ད་དེང་སང་གི་གཅིག་གི་གམ་པ་དང་ཕག་རིའི་གཡས་གཡོན་དེ་པར་གཅིག་གི་ས་ཆ་ཐག་ཉེ་པོ་གཅིག་གི་མིང་རེད། དེ་ཚུན་ཆད་ཤེས་སུ་བཅུག་པ། དེ་ཚུན་ཆད་ཡིན་ན་དེའི་དབང་དུ་འདུས་པ་ཡིན་ཟེར་ཡས་གོང་མའི་ཁྲིམས་ཀྱི་ཡིན་ནའི་མཇལ་ཁ་རག འཇའ་ས་རག་པ་རེད། ཟེར་ཡས་འདྲ་པོ་གཅིག་དེ་འདྲས་གཅིག་གི་དོན་རེད།
- པ་སངས་དབང་འདུས།ཕྱིས་སུ་ཡིན་ན་གོང་མ་སི་ཏུའི་འཁྲིས་ལ་ད་དེ་གོང་མ་སྣེ་གདོང་རེད། སི་ཏུའི་འཁྲིས་ལ་ད་བྱོན་དུས། ཨ་ནི་སློབ་དཔོན་རྣམ་རྒྱལ། ཤེར་བཟང་། པ་ཤི་རྣམས་ཡིན་ན་རིན་སྤུངས་ལ་ཕེབས་པའི་སྐབས་ཡིན་ན། ད་གཅིག་གི་འོང་། གྲྭ་ཚོང་འདུས་ཟེར་ཡས་གཅིག་ལ་དཱ། གྲྭ་ཚོང་འདུས་ཟེར་ས་ཆ་གཅིག་གི་མིང་རེད།
- པ་སངས་དབང་འདུས།གྲ་ནང་འཚོང་འདུས་ཟེ་ཡས་དེ་འོང་དེ་དུས་རྦད་དེ་བསྐྱལ། དེའི་དུས་ལ་ཡིན་ན། ཧོར་རྒྱལ་པོས་ནང་ཆེན་གྱི་གོ་གནས་རག་ཡོད་པ། ཨ་རྒྱལ་རྩེ་གཅིག་རྩེ་ཆེན་དང་། ཕག་རི་རྣམས་ལ་ཡིན་ནའི་རྫོངས་བརྩིགས་ཡོད་པ། ཨ་མཛད་པ་ཡིན་ན་རྒྱ་ཆེན་པོ་ཡོད་པའི་དོན་དག་གཅིག་བཤད་བྱས་ཡིན་ན། རྩེ་ཆེན་གཙུག་ལག་ཁང་ཡིན་ནའི་སྐབས་དེ་དུས་བཏབ་པ་རེད་ཟེར།
- པ་སངས་དབང་འདུས།བྱས་ཙང་བདག་ཆེན་འཕགས་པ་དཔལ་ཟེར་མཁན་འདི་ལ། འདི་ཡིན་ན་སུ་རེད་ཟེར་ན། གཅིག་གི་སྲས་མང་པོ་ཡོད་པའི་གཙོ་བོ་ཡིན་ན་ཇོ་མོ་མ་གཅིག་དཔལ་མོ་ལ་ཡིན་ན། ནང་ཆེན་ཀུན་དགའ་འཕགས་འཁྲུངས་ཟེར། དེ་འདི་རྦད་དེ་ས་སྐྱ་བདག་ཆེན་ཟེར་གྱི་ཡོའོ་རེད།
- པ་སངས་དབང་འདུས།ས་སྐྱའི་རྦད་དེ་དཔོན་གནས་གཅིག་རེད། ནང་ཆེན་ཟེར་ཡས་དེ། དེའི་སྲས་ལ་ཡིན་ན། ཨ་དེ་ལ་ཡིན་ན་སྲས་དཔོན་མོ་མགོན་པོ་སོགས་ལྕམ་སྲིང་མང་པོ་འཁྲུངས་པ་ལས། བདག་ཆེན་རབ་བརྟན་ཀུན་བཟང་། འདིའི་ནང་གི་བདག་ཆེན་རབ་བརྟན་ཀུན་བཟང་འཕགས་ཟེར་ཡས་དེ། དེ་ང་ཚོའི་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་ཞུ་ཡས་དེ། ད་ཆོས་སྲིད་གཉིས་ཀྱི་ཐོག་ལ་མཛད་པ་ཕུལ་དུ་བྱུང་བ་འདི་ཡིན་གྱི་རེད།
- པ་སངས་དབང་འདུས།འདི་ཉིད་ཡིན་ན་ཕོ་བྲང་སྣེའུ་གདོང་རྩེར་གོང་མ་གྲགས་པ་རྒྱལ་མཚན་དྲུང་དུ་བྱོན། ད་གོང་མ་སྣེའུ་གདོང་ནས་རྦད་དེ་སྐབས་དེར་ཡིན་ན་མཉེས་པོ་ཞེ་དྲག་བྱུང་བྱས། གཅིག་གི་སྣེའུ་གདོང་དགའ་ལྡན་རྩེའི་རྟེན་གསུམ་གྱི་ནང་ནས་ད། དཔོན་པོ་རབ་བརྟན་ཁྱེད་རང་ལ་ག་རེ་འདོད་པ་ཡོད་པ་གཅིག་ཁྱེར་གསུངས་དུས་ཙམ་པ་ཡིན་ན། ཐུབ་དབང་རྡོ་རྗེ་གདན་ཆུང་མ་ཟེར་ཡས་གཅིག་སྐུ་གཅིག་ཡོའོ་རེད། ཨ། དེ་ཞུ་གྱི་ཡིན་ཟེར།
- པ་སངས་དབང་འདུས།ད་དེ་ཐུབ་དབང་རྡོ་རྗེ་གདན་ཆུང་མ་ཟེར་ཡས་དེ་སྐུ་རྙིང་པ་དང་། སྐུ་རྩ་ཆེན་པོ་གཅིག་ཡིན་དུས་ད། ཨ་ཕྱིས་སུ་ཡིན་ནའི་ཨ་གཅིག་གི་བཤད་ཚུལ་ལ་ཡིན་ན། དཔོན་རབ་བརྟན་དེ་ཐུགས་ཉམས་ཆོད་པོ་ཞེ་དྲག་བྱུང་ཤག་ཟེར། སྐད་གྲགས་དེ་འདྲས་ཟེར་ཆོད་ཡོད་པའི་དོན་གཅིག་གསུངས་ཡོའོ་རེད།
- པ་སངས་དབང་འདུས།དེ་ནས་འདི་སྐུ་དེ་ཡིན་ནའི་དེང་སང་ཡིན་ནའི་རྒྱལ་རྩེ་ལི་མའི་ལྷ་ཁང་དུ་བཞུགས་ཡོད་འདུག་ཟེར་ཡས་དེ། རྒྱལ་བ་ལྔ་པའི་དུས་ལ་ཡིན་ན་རྒྱལ་རྩེ་ལི་མ་ལྷ་ཁང་ནང་ལ་སྐུ་དེ་བཞུགས་ཡོད་པ་དེ་འདྲས་གཅིག་གི་དོན་དག་གསུངས་ཀྱི་ཡོའོ་རེད།
- པ་སངས་དབང་འདུས།དེའི་རྗེས་ལ་ཡིན་ན་ད་གཅིག་གི་མཁས་གྲུབ་རིན་པོ་ཆེ་ལ་མཆོད་ཡོན་འབྲེལ། ཆོས་རྒྱལ་རབ་བརྟན་ཀུན་བཟང་། དཔལ་འཁོར་བདེ་ཆེན་གྱི་གཙུག་ལག་ཁང་སྡེ་དེ་ཡིན་ནའི་བཞངས་༼བཞེངས༽། ཨ་སྔགས་གྲྭ་པ་རྣམས་ལ་ཡིན་ན་དཀྱིལ་འཁོར་མང་པོ་ཞལ་འབྱེད་པའི་སྔགས་ཀྱི་བྱ་བ་ཁོ་རང་སྤེལ་པ། མདོའི་གྲྭ་པ་རྣམས་ཡིན་ན། དབྱར་ཆོས་སྐབས་ལ་བཀའ་པོ་ཏི་ལྔ་ལ་ཡིན་ན། རྦད་དེ་གྲྭ་བསྐོར་གྱི་ད་གཅིག་གི་གྲྭ་རྩོད་རྒྱག་ཡས་ཀྱི་སྲོལ་རྒྱུན་ཡིན་ན་བཙུགས་ཡོད་པ། ཨ་བཀྲ་ཤིས་སྒོ་མང་། སྐུ་འབུམ་བཀྲ་ཤིས་སྒོ་མང་དང་། གོས་སྐུ་ཆེན་མོ། བཀའ་བརྒྱུད་བཀའ་འགྱུར་རྒྱུན་འཇགས། ཨ་་་། བཀའ་འགྱུར་རྒྱུན་འཇགས་སུ་བཞེངས་པ་སོགས་ཀྱི་དབུས་གཙང་སྡེ་དཔོན་ཞིག་ལ། རྣམ་དཀར་གྱི་མཛད་པ་དེ་ཉིད་ཆེ་བར་མངོན་ཟེར།
- པ་སངས་དབང་འདུས།བྱས་ཙང་ཆོས་ཀྱི་མཛད་པའི་ཐོག་ནས་ཆ་བཞག་པ་ཡིན་ནའི་གོས་སྐུ་ཆེན་མོ་མཇལ་ཡས། བཀའ་འགྱུར་རྒྱུན་འཇགས་སུ་རྦད་དེ་ཡར་བཞེངས་ཡས། ཨ་དེ་འདྲས་ཀྱི་ཆོས་ཀྱི་མཛད་པའི་ཐོག་ནས་བྱས་པ་ཡིན་ན། ད་དབུས་གཙང་དཔོན་པོ་སུ་གཅིག་གི་ནང་ནས་ཆོས་ཀྱི་ཐོག་ལ་རྣམ་དཀར་གྱི་མཛད་པ་དེ་ལས་ཆེ་བ་མེད་བསམ་པ་འདྲ་གཅིག་གི། ཨ་དེ་འདྲས་གཅིག་གི་ཨ་མཛད་པ་ཆོས་ཀྱི་མཛད་པ་ཡིན་ན་ཆེན་པོ་གཅིག་ཆོས་རྒྱལ་རབ་བརྟན་ཀུན་བཟང་དུས་ལ་བྱུང་ཡོའོ་རེད། ཟེར།
- པ་སངས་དབང་འདུས།དེ་ཡིན་དུས་ད་དེའི་སྲས་གཅིག་ཆ་བཞག་ནའི་རབ་བརྟན་བཀྲ་ཤིས་འཕགས་ཟེར་ཡས། དེའི་སྲས་ལ་ཡིན་ནའི་དོན་གྲུབ་འཕགས། དེ་ནས་བཟུང་སྟེ། བདག་པོ་ཕུན་སུམ་པ་ཟེར་ཡས་དེ་ཡན་ཆད་ལ་ཡིན་ན་རྒྱལ་རྩེ་པས། རྦད་དེ་རྒྱལ་མཁར་རྩེ་པས་གཅིག་གི་མངའ་ཐང་དེ་ཡིན་ན།
- པ་སངས་དབང་འདུས།མངའ་ཐང་རྒྱུན་ཞིང་གནས་ཡོའོ་རེད། ཡང་བར་སྐབས་གཅིག་ལ་ད་དུས་མི་བདེ་བའི་དེ་འདྲས་ཀྱི་གནས་ཚུལ་ཁ་ཤས་བྱུང་ཡོའོ་རེད། དའི་གཙོ་བོ་ཡིན་ན་སྣེའུ་གདོང་གོང་མ་སྡེ་སྲིད་ནས། རྒྱབ་གཉེར་མཛད་པ་ལ་བརྟེན་ནས། དེ་ལ་སྐྱོན་ཆེན་པོ་རང་བྱུང་མ་སོང་ཟེར་ཡས་འདྲ་པོ་གཅིག་རེད།