Video Overview
The cleaned and dried barley is roasted and ground into flour.
བརྙན་ཐུང་དུམ་བུ་འདི་ནང་དུ་ནས་རྔོད་སྟངས་དང་ནས་དཀར་ནས་ནག་གཉིས་ཀྱི་ཁྱད་པར། རྡོ་མཆིག་བཀོལ་ཚུལ་སོགས་བརྙན་དུ་ཕབ་ཡོད།
དངོས་བཤུས་གློག་བརྙན་འདིའི་ནང་དུ་རྔ་བ་ས་ཁུལ་གྱི་སྲོལ་རྒྱུན་གྱི་རྩམ་པ་བཟོ་སྟངས་ཀྱི་གནས་ཚུལ་བརྗོད་ཡོད་ལ།དངོས་བཤུས་གློག་བརྙན་འདི་ལ་ཁྱོན་ལེའུ་གསུམ་ཡོད་པ་ལས་འདི་ནི་ལེའུ་གཉིས་པ་རེད།ལེའུ་འདིའི་ནང་དུ་ནས་རྣམས་ཉི་མར་བསྐམ་རྗེས་སྒྱེད་རྡོ་དང་རྔོད་ཟངས་སུ་རྔོད་པའི་གནས་ཚུལ་དང་རྡོ་མཆིག་གིས་ཇི་ལྟར་འཐག་པའི་རྒྱུད་རིམ་ཁ་ཚང་དུ་བརྙན་དུ་ཕབ་ཡོད་ལ།ཞོར་དུ་ནས་དཀར་དང་ནས་ནག་གཉིས་ཀྱི་ཁྱད་པར་ཡང་བཤད་ཡོད། སྲོལ་རྒྱུན་གྱི་ལག་འཐག་རྩམ་པ་འཐག་ཚུལ་དེ་བརྙན་དུ་ཕབ་པའི་རྒྱུ་མཚན་ནི།ད་ལྟའི་དུས་སུ་རྔ་བ་ས་ཁུལ་དུ་སྲོལ་རྒྱུན་གྱི་ལག་འཐག་རྩམ་པའི་སྲོལ་རྒྱུན་ཆད་གྱིན་འདུག་ལ།གལ་ཏེ་ད་ལྟའི་དུས་སུ་རིག་གནས་ཀྱི་སྣང་ཚུལ་དེ་དངོས་ཟིན་གློག་བརྙན་དུ་ཕབ་མ་ཐུབ་ན།ལོ་ངོ་འགའ་ཤས་ཀྱི་རྗེས་སུ་སྲོལ་རྒྱུན་གྱི་ལག་རྩལ་དེ་ང་ཚོའི་སྤྱི་ཚོགས་ལས་རྩ་ཆད་དུ་འགྲོ་སྲིད་པ་ཞིག་རེད།
本片纪录了阿坝地区的手工石磨糌粑制作过程中的炒制工序,即将前期准备好的干净并晾干的青稞进行炒制的过程。
《糌粑》是一部介绍阿坝地区传统制作水磨糌粑工艺的纪录片,该片一共分为三个短视频。在完成青稞的筛选,晒干及去除杂质的工序后,青稞需要进行炒制。本段视频介绍了不同种类的青稞(白色和黑色),以及制作高质量的青稞粉的炒制方法。
- བཤད་མཁན་དང་པོ། Narrator 1ད་བརྔོ་དང།/We can fry it now./>>讲解员一:现在可以炒了。/
- >>ནས་དཀར་དང་ནས་ནག་གཉིས་ཡོད་པ་རེད།/>>There is both white and black barley./>>这里有白青稞与黑青稞。/
- >>ནས་དཀར་ཚོས་ཡག་བྱེད་དགོས་པ་རེད།/>>The white barley has to be fried well./>>白青稞要炒熟一点。/
- >>རྩམ་པ་དཀར་པོ་ཡིན་པ་རེད།/>>So the tsampa will be good.>>这样糌粑就白一些。/
- >>དེ་ལྟར་མ་བྱས་ན་རྩམ་པ་ཡག་པོ་ཞིག་ཡོང་ཐུབ་པ་མ་རེད།/>>Otherwise the tsampa will not look good./>>不然糌粑就不好看了。/
- >>ནས་ནག་ཆེན་པོ་སྲེག་དགོས་པ་མ་རེད།/>>Black barley cannot be fried too smuch./>>黑青稞不能炒的太熟。/
- >>སྲེག་ཆེ་སོང་ན་རྩམ་པ་ནག་པོ་རུ་གྱུར་འགྲོ་བ་རེད།/>>Too much frying makes the tsampa black./>>炒的太熟了会变成黑色。/
- >>འདི་ནས་ནག་རེད།/>>This is black barley./>>这是黑青稞。/
- >>འདི་ནས་ནག་ཡིན་ལ་ཆེན་པོ་སྲེག་དགོས་པ་མ་རེད།/>>This black barley cannot be fried too much./>>这黑青稞不能炒太熟。/
- >>ནས་དཀར་ཚོས་ཡག་མ་བྱས་ན་རྩམ་པར་རློན་དྲི་བྲོ་སྲིད་པ་རེད།/>>And white barley will taste raw if we don't fry it well enough./>>白青稞炒的不够熟的话会有生的味道。/
- >>སྔོན་ཆད་རྡོ་མཆིག་གིས་འཐག་པ་རེད།/>>We used to grind the tsampa using a stone mill./>>以前是用石磨来磨糌粑的。/
- >>ད་ལྟ་འཐག་མཁན་མེད་ཀི།/>>But nobody uses stone mills now./>>可现在没有人用石磨了。/
- >>ད་ལྟ་གློག་གི་འཕྲུལ་ཆས་བཀོལ་གྱིན་འདུག/>>We use machines now./>>现在都用的是机器。/
- >>སྔོན་ཆད་རྡོ་མཆིག་གིས་རྩམ་པ་ཉུང་འཐག་བྱེད་པ་རེད།/>>Before, we used stone mills to grind the tsampa little by little./>>以前用石磨把糌粑一点一点磨。/
- བཤད་མཁན་གཉིས་པ། Narrator 1ཨོ་ཨོ།/Right./>>讲解员二:对。/
- >>རྩམ་པ་བཟང་བོ་གང་རེ་འཐག་པ་དང་ཡང་གང་རེ་འཐག་པ་རེད།/>>Mill it plate by plate./>>磨一盘糌粑又一盘。/
- >>ད་ལྟ་གློག་འཐག་གིས་ཐེངས་རེར་མང་པོ་འཐག་བཞིན་འདུག/>>But now we mill a lot using the machine./>>现在用机器一次就能磨很多。/
- >>ད་འཐག་མཁན་མི་འདུག/>>Nobody uses a stone mill now./>>现在没人用石磨了。/
- >>རྡོ་མཆིག་དག་ཀྱང་ཡར་འཕེན་མར་འཕེན་བྱས་འདུག/>>Stone mills are cast aside everywhere./>>磨具都丢弃在各处。/
- >>མི་མང་པོས་གཡུག་ནས་མེད་ཀི/>>Many families threw them away./>>很多人家都扔了。/
- >>ད་ཚར་སོང་།/>>It's done now./>>做好了。/