Video Overview
The commong traditional Tibetan nomadic folk song "From the Beginning to End" as performed in Khyungchu of Zangkar region.
- ཨ་སྐྱིད།ངའི་གླུ་མགོ་ཐོག་དམར་གློག་དམར་རེད།
- ཐོག་འཕེན་སའི་ལམ་ནས་མ་འདུག་བས།
- ཁྱོའི་གླད་པའི་ཁ་བོར་མི་ལེན་ན། ཁྱོའི་མིང་ལ་གླད་ཐེད་མི་འདོགས་ན།
- ངའི་གླུ་སྐེད་ལྕགས་གཞུ་ལྕགས་མདའ་རེད།
- མདའ་འཕེན་སའི་ལམ་ནས་མ་འདུག་བས།
- ཁྱོའི་རྒྱུ་མའི་བྱིའུ་ཚང་མི་གཏོར་ན། ཁྱོའི་མིང་ལ་རྒྱུ་དྲུད་མི་འདོགས་ན།
- ངའི་གླུ་ཞོལ་རྒྱ་ཟོར་དཔར་མ་རེད། ངས་འབྲེག་སའི་ལམ་ནས་མ་འདུག་བས།
- ཁྱོའི་རྒྱུད་པའི་རྒྱུས་རྡང་མི་གཅད་ན། ཁྱོའི་མིང་ལ་རྒྱུད་ལོ་མི་འདོགས་ན།