02 Apr 2019
2 min 22 sec
Video Overview
Creators:
Tibetan & Himalayan Library
An introduction to the children's game Finding Marked Stones.
བྱིས་པའི་རྩེད་མོ་བཞའ་ཡི་ངོ་སྤྲོད།
བརྙན་འདིར་བཞའ་ཞེས་པའི་རྩེད་མོར་མཁོ་བའི་རྒྱུ་ཆ་དང་དེའི་རོལ་རྩེད་རྩ་དོན། རྩེད་མོར་རོལ་ཚུལ་དང་དེར་མཁོ་བའི་འགྲན་སྡུར་ཁྲོད་ཀྱི་བར་འདུམ་པ་བཅས་གསལ་བཤད་བྱས་ཡོད།
介绍传统藏族儿童的游戏 -寻找刻石。
这段视频介绍传统藏族儿童的游戏寻找刻石以及游戏的规则,如何玩法,所需要的材料以及比赛的裁判员。
- རྩེད་ཚུལ་ལ་གནའ་བྱིས་པ་ཚོར་བཞའ་འཕེན་པ་ཞེས་རྩེད་རྒྱུ་ཞིག་ཡོད།
- དེར་བཞའ་རྡོ་ཞེས་རྡོ་སྲབ་མོ་སྒོར་མོ་ཞིག་བཙལ་དགོས།
- དེ་འཚོལ་མཁན་གྱི་བྱིས་པ་གཉིས།
- ང་འདྲ་ཞིག་དཀྱིལ་ནས་བསྡད་པ་ན་བྱིས་པ་གཉིས་ཕན་ཚུན་བྱས་
- མགོ་ངའི་པང་ཐོག་ཏུ་བཞག་ནས་བསྡད་ཚེ།
- ངས་རྡོ་དེའི་ངོར་ཉི་མ་ཞིག་དང་ཟླ་བ་ཞིག་འབྲི་བ་ཡིན།
- ཟླ་བ་ཞིག་འདི་ལྟར་དུ་གོར་གོར་བྱས་ཏེ་དཀྱིལ་དུ་ཉི་མ་བྲིས་རྗེས།
- ངས་ཁོ་གཉིས་ཀྱི་མགོ་འདི་ལྟར་མནན་ཏེ་འཕེན་པ་ཡིན།
- འཕང་རྗེས་བྱིས་པ་གཉིས་ཀར་བཙལ་དུ་སོང་ཟེར་བ་ན།
- བྱིས་པ་གཉིས་ཀ་བཙལ་དུ་སོང་ཚེ་གཅིག་གི་མིང་ལ་ཉི་མ་དང་
- གཅིག་གི་མིང་ལ་ཟླ་བ་བཏགས་ཡོད་ནི་རེད།
- རྡོ་དེའི་ཟུར་དུ་ཉི་མ་འཁོར་ཡོང་དུས་ན་ངས་ཉི་མ། ཉི་མ།
- ཉི་མ་ཟེར་བ་ན་ཉི་མས་ཟུར་བཞི་ཞིག་ན་ཡོད་བསམ་དུས།
- ཟླ་བ་དེའི་ཟུར་དུ་བརྒྱུགས་ནས་གཉིས་ཀས་འཚོལ་སྲིད།
- ཡང་གཉིས་ཀའི་མ་རྙེད་པར་ཕན་ཚུན་ཞིག་ལ་སོང་སྟེ།
- ཡང་ཟླ་བ་དེའི་ལོགས་སུ་འཁོར་ཡོང་དུས་ངས་ཟླ་བ། ཟླ་བ།
- ཟླ་བ་ཟེར་བ་ན་ཡང་ཟླ་བས་འཚོལ་བ་དང་། སུས་ལག་ཏུ་རྙེད་རུང་།
- རྙེད་པ་ནས་བཟུང་སྟེ་དེ་མ་ཐག་ཏུ་བྲོས་ཡོད་དགོས།
- གཅིག་ཤོས་དེས་བདའ་ཡོང་སྟེ་ལམ་དུ་རྗེས་ཟིན་པ་དང་
- ལག་ནས་འཕྲོག་པ་ན་གཅིག་ཤོས་དེ་རྒྱལ་བ་ཡིན།
- དེ་མིན་ལག་ཏུ་རྙེད་མཁན་དེས་ཁྱེར་ནས་ཐོན་ན་དེ་རྒྱུལ་བ་ཡིན།
- བཞའ་ཞེས་པ་ནི་དེ་ལྟར་དུ་རྩེད་རྒྱུ་ཞིག་ཡིན་ནི་རེད།