02 Apr 2019
9 min 4 sec
Video Overview
Creators:
Tibetan and Himalayan Library
The tale of two brothers encountering threats.
སྤུན་གཉིས་ཉེན་ཁར་འཕྲད་པའི་གནའ་གཏམ།
བརྙན་འདིར་གནའ་གཏམ་སྤུན་དོན་ཆེན་དོན་ཆུང་གཉིས་ཞེས་པ་བཤད་ཡོད། གནའ་གཏམ་འདིར་སྤུན་དོན་ཆེན་དང་དོན་ཆུང་གཉིས་ལྷ་སར་འགྲོ་བའི་ལམ་བར་དུ་སྤུན་དོན་ཆུང་སྐོམ་པས་གདུང་ནས་ཤི་མོད། སྤུན་དོན་ཆེན་གྱིས་བླ་མ་ཞིག་ལ་སྐྱབས་བཅོལ་བས་གསོན་རྗེས་ཁོ་སྤུན་གཉིས་ཀྱིས་ཡུལ་སྡེ་དེའི་ཀླུའི་འཇིགས་པ་སོགས་སེལ་ཏེ་དོན་ཆེན་སྒྲུབ་པ་བརྗོད་ཡོད། དེ་ནི་མི་རོ་བརྩེ་སྒྲུང་ལས་ཕུ་ནུ་གཉིས་ཞེས་པའི་ནང་དོན་དང་མཚུངས།
两兄弟遭遇威胁的民间故事。
这段视频介绍 《东庆与东琼两兄弟》的民间故事。 故事主要内容是 -当东庆与东琼两兄弟去拉萨时,东琼被渴死了,一个喇嘛把他从死里拯救出来之后,两兄弟去把整个村子从龙的威胁中救了出来。
- ཕུ་བོ་དོན་ཆེན་དོན་ཆུང་སྤུན་གཉིས་ཡོད།
- སྤུན་གཉིས་ལྷ་སར་འགྲོ་དགོས་ཞེས་ཁོ་གཉིས་སོང་།
- ཁོ་གཉིས་ལྷ་སར་འགྲོ་རྒྱུ་བྱས་ཏེ་སོང་བ་ན།
- བར་སྐབས་ནུ་བོ་དོན་ཆུང་གིས་ང་སྐོམ་པ་ལ་ཞེས་
- ཆུ་མགོ་ཞིག་གི་ཁ་ནས་ཆུ་འཐུང་།
- ཆུ་དེ་དུག་ཆུ་ཞིག་ཡིན་པས་ནུ་བོ་དོན་ཆུང་ཤི།
- ཕུ་བོ་དོན་ཆེན་གྱིས་སེམས་སྡུག་བྱེད་བཞིན་
- སོང་དུས་བླ་མ་ཚེ་འཚམས་པ་ཞིག་ལ་ཐུག
- བླ་མར་ཁྱོད་ལ་འཚམས་གཡོག་བྱེད་ཞེས་
- འཚམས་གཡོག་བྱས་ནས་བསྡད་དུས་
- བྱས་ནས་བསྡད་དུས་ཁོ་ཅི་ལྟར་གསོས་ཀྱང་
- ངའི་ནུ་བོ་དེ་ལྟེ་ཤི་སོང་ཞེས་གཏན་ནས་མ་བཤད།
- འཚམས་གཡོག་བྱེད་ཞེས་བླ་མར་འཚམས་གཡོག་
- ཤེད་རྒྱས་མ་ཐུབ་པར་ཤེད་ཇེ་ངན་ཏུ་སོང་།
- བླ་མས་ཁྱོད་ཀྱི་ཁོག་ཏུ་སེམས་སྡུག་ཆེན་པོ་ཞིག་ཡོད་འདུག
- ང་ལ་ཤོད་དང་ཟེར་བར།
- ཁོས་ཅི་ཡང་མེད་ཞེས་བཤད་མ་ཕོད་མོད།
- བར་སྐབས་ཤིག་ལ་བཤད།
- ངེད་སྤུན་གཉིས་ལྷ་སར་འགྲོ་བཞིན་ཡོད་མོད་
- ནུ་བོས་ཆུ་ཞིག་འཐུང་ནས་ཤི་སོང་བས་
- ང་ཡར་ཐོན་པ་ཡིན་ཟེར།
- བླ་མས་དེར་སྐྱོན་མེད་ཞེས་ཕྱག་ཕྲེང་གི་
- ཕྲེང་ཐག་གླ་རྒྱུན་ཡིན་པ་དེ་ལག་ཏུ་བཞག་ནས།
- སོང་དང་ཁྱོད་ཀྱི་ནུ་བོ་རིག་དུས་དེའི་སྐེ་ལ་
- ཐག་པ་འདི་བཏགས་ནས་དྲུད་ཤོག
- ཤ་ཚ་སྙིང་རྗེ་མི་ལྟ་བར་དྲུད་ཤོག་ཟེར།
- ཁོས་ཡ་ཞེས་སོང་བ་ན།
- ཆུ་མགོའི་ཁར་རྩྭ་སྤར་གང་བཏུས་ཏེ་
- ཕུ་བོ་དོན་ཆེན་ལ་མཆོད་ཞེས་མཆོད་བཞིན་འདུག
- ཁོས་སྙིང་རྗེ་བསམ་ནས་འདྲུད་མ་ཐུབ།
- ཡར་ཐོན་པ་ན་བླ་མས་མེད་དམ་ཟེར་བར།
- ཡོད་མོད་ཕུ་བོ་དོན་ཆེན་ལ་མཆོད་ཞེས་
- རྩྭ་སྤར་གང་བཏུས་ཏེ་མཆོད་བཞིན་པས་
- ངས་མ་ཐུབ་ཟེར། བླ་མས་སྐྱོན་གཏན་ནས་མེད།
- ཐོ་རེ་ཁྱོད་ཀྱིས་སྐེ་ལ་བཏགས་ནས་དྲུད་ཤོག་དང་
- དེ་ངས་ཚུར་མི་ལ་སྤྲུལ་འཇོག་ཐུབ་ཟེར།
- ཕྱི་ཉིན་ཡང་སོང་བར་ཡང་ཕུ་བོ་དོན་ཆེན་ལ་མཆོད་ཞེས་
- རྩྭ་ཞིག་མཆོད་བཞིན་ཡོད།
- དེ་ནས་རྒྱུན་བུ་སྐེ་ལ་བཏགས་ནས་
- དྲུད་དེ་བླ་མའི་ཟུར་དུ་ཐོན་པ་ན།
- བླ་མས་སྟག་ལྤག་ཞིག་དང་གཟིག་ལྤག་ཞིག་གིས་
- བརྡུང་བར་ནུ་བོ་དོན་ཆུང་སྔོན་དང་ཨ་ན་མ་ནར་གྱུར།
- སྔོན་དང་ཨ་ན་མ་ན་ཞིག་ལ་གྱུར་བར་
- ཁོ་གཉིས་བླ་མའི་ཟུར་ནས་བསྡད།
- སྡེ་བ་དེར་མཚོ་ཞིག་ཡོད་པ་ལོ་ལྟར་དུ་འཕྱུར་བས་
- ནང་དུ་བུ་མོ་འབྲུག་ལོ་བ་གཉིས་སམ་
- ཡང་ན་བུ་སྟག་ལོ་བ་གཉིས།
- དེ་མིན་ན་བུ་མོ་འབྲུག་ལོ་བ་ཞིག་དང་
- བུ་སྟག་ལོ་བ་ཞིག་ནང་དུ་འཕེན་དགོས་པ་ལས།
- མ་འཕང་ན་མཚོ་འཕྱུར་ནས་རུ་སྡེ་བ་ནུབ་འགྲོ།
- ནང་དུ་འཕེན་རྒྱུ་ཚར་ལ་ཉེ།
- བླ་མའི་ཟུར་གྱི་བུ་གཉིས་ཀ་སྟག་ལོ་བ་ཡིན།
- རྒྱལ་པོ་ཚང་ལ་བུ་མོ་འབྲུག་ལོ་བ་ཞིག་ཡོད།
- དེ་ཚོས་བླ་མར་ཁྱེད་ཚང་གི་བུ་སྟག་ལོ་གཉིས་ལས་གཅིག་དང་
- རྒྱལ་པོ་ཚང་གི་བུ་མོ་འབྲུག་ལོ་བ་གཉིས་མཚོ་ནང་དུ་
- འཕེན་པ་ལས་མཚོ་འཕྱུར་ནས་རུ་སྡེ་བ་ནུབ་དུས་མ་འགྲིག་ཞེས་ཏེ།
- ཚང་མའི་སྐྱེལ་མ་བྱས་ནས་མཚོ་ཁར་ཐོན་པ་ན།
- བུ་མོར་ཁྱོད་ཡོང་མི་དགོས་དང་ངེད་གཉིས་ལྡིང་ཞེས་
- རྒྱལ་པོ་ཚང་གི་བུ་མོ་ཕར་མངགས་ཏེ་
- ཁོ་གཉིས་མཚོ་ནང་དུ་སོང་བ་ན།
- རྔ་ལྟ་བའི་མཐའ་ཁྲབ་ཁྲབ་ཅན་ཞིག་མཚོ་དཀྱིལ་དུ་ཡོད།
- མི་ཚང་མ་དེས་ཟོས་པ་ཡིན།
- ཁོ་གཉིས་ཀྱིས་གཅིག་གཉིས་གསུམ།
- གཅིག་གཉིས་གསུམ་ཞེས་ཕྱིར་འཕང་།
- ཉིན་ཞག་དགུ་ལ་འཕག་མཐར་ཐང་དེར་ཤི།
- དེ་ནས་བཟུང་མཚོ་དེར་འཕྱུར་རྒྱུ་མེད་པར་ས་བདེ་བར་གྱུར།
- བདེ་མོ་བྱས་པར་རྒྱལ་པོ་ཚང་གིས་ཁོ་གཉིས་ལ་
- རྒྱུ་སོགས་བྱིན་ཏེ་སྣེ་ལེན་བཟང་པོ་བྱས་མོད།
- ཁོ་གཉིས་ཀྱིས་ལྷ་སར་འགྲོ་རྒྱུ་དམ་བཅས་ཡོད་པས་
- རྒྱུ་ཡོད་ཀྱང་ངེས་པར་དུ་ལྷ་སར་འགྲོ་དགོས་ཟེར།
- རྐང་ཐང་ལ་སོང་དུས་ཨ་ཕྱི་ཞིག་ལ་ཐུག
- ཨ་ཕྱི་དེར་སྤྲང་ཟས་ཞིག་ཨེ་བྱིན་ཟེར་བར།
- ཨ་ཕྱི་དེས་ཁྱེད་གཉིས་ལ་བྱིན་རྒྱུ་ལས་
- ང་རང་ལ་ཟ་རྒྱུ་ཡང་མེད་ཟེར་ཏེ་མ་བྱིན།
- ཁོ་གཉིས་ཀའི་སྤྲུལ་བ་སོགས་ཚང་མ་ཤེས།
- དེའི་གོང་དུ་ཡང་གཅིག་ཡོད་པར་ཨེ་བྱིན་ཟེར་བར་
- ལོས་བྱིན་ཞེས་མོ་རང་ལ་རྩམ་པ་ཞིག་ཡོད་པ་བྱིན།
- དེ་ནས་ཡར་སོང་དང་གོང་ན་རྒྱལ་པོ་ཚང་གི་རྒྱལ་པོ་
- འཇོག་གི་ཡོད་པས་དེའི་གྲལ་མཇུག་ཏུ་སྡོད་དང་
- ཁྱོད་གཉིས་ལ་ཟ་རྒྱུ་བརྒྱག་ཐག་ཆོད་ཞིག་བླུད་ངེས།
- ཁོ་གཉིས་ཨ་ཕྱི་མ་རབ་དེའི་སྒོ་ཁར་
- བ་ལུ་མ་ཞིག་ལ་སྤྲུལ་ནས་སོང་བར།
- ཨ་ཕྱི་དེའི་ཇི་འདྲིའི་བ་ལུ་མ་ཡག་པོ་ཞིག་རེད་ཞེས་པར་
- ཨ་ཕྱི་ཁྱོད་དེ་འདྲ་ཞིག་ལ་གྱུར་འདོད་དམ་ཞེས་པར།
- འདོད་ཞེས་ཨ་ཕྱིས་དེ་འདྲ་ཞིག་ཏུ་
- འགྱུར་མི་ཐུབ་འདོད་རུང་བ་ལུ་མ་ཞིག་ཏུ་སྤྲུལ།
- ཁོ་གཉིས་ཀྱིས་ཅ་ལག་ཚང་མ་བ་ལུ་མར་བཀལ་ཏེ་སྣ་ནས་ཁྲིད།
- ཡར་སོང་སྟེ་གོང་གི་གསེང་ཞིག་ཏུ་བཏགས་ནས་སོང་།
- རྒྱལ་པོ་ཚང་གི་སྒོའི་གྲལ་མཇུག་ཏུ་བསྡད།
- གླང་ཆེན་ཞིག་གི་སྣ་སྒྲོག་ཐོག་ཏུ་གོས་སྣ་འདྲ་མིན་
- སྣ་ཚོགས་འཕང་སྟེ་འཆམ་བཞིན་འགྲོ་བཞིན་ཐོན།
- གླང་ཆེན་དེ་ཕུ་བོ་དོན་ཆེན་དོན་ཆུང་སྤུན་གཉིས་ཀྱི་
- ཟུར་དུ་ཐོན་དུས་ཚང་མ་གད་མོ་བགད་མོད།
- གོས་སྣ་དག་ཕུ་བོ་དོན་ཆེན་ཐོག་ཏུ་འཕང་།
- ཕུ་བོ་དོན་ཆེན་ས་དེའི་རྒྱལ་པོར་བཞག
- ཚང་མ་བགད་མོད་ཕུ་བོ་དོན་ཆེན་རྒྱལ་པོར་
- བཞག་པས་རྒྱལ་པོ་བྱས་ནས་བསྡད།
- ནུ་བོ་དོན་ཆུང་བྱེའུ་ཞིག་ལ་སྤྲུལ་ནས་སྒོ་ཁར་བསྡད།
- ནུབ་ཞིག་ལ་རྒྱལ་མོ་དེས་སླེ་བོ་ཞིག་ཁུར་ནས་སོང་བས་
- ནུ་བོ་དོན་ཆུང་གིས་དེའི་རྗེས་དེད་ནས་སོང་།
- གོང་གི་ལྕང་སྡོང་ཞིག་གི་རྩར་ཐོན་དུས་འདྲེ་མང་པོ་འདུས།
- ཡང་ང་ལ་འདི་འདྲའི་མག་པ་ཞིག་བཞག་སོང་།
- ཡར་སྔོན་གྱི་དེ་དག་གིས་ཁྱེད་ཅག་གསོས་པ་ཡིན།
- ད་ཡང་ཕུ་བོ་དོན་ཆེན་ཞེས་པ་ཞིག་ཡོད་པས་
- ཁྱེད་ཅག་གསོ་ཆོག་ཟེར།
- ཐོ་རེ་དེའི་ཁྱེད་ཅག་གསོ་རྒྱུ་ཡིན།
- གནམ་ནས་འཕུར་ཡོང་སྟེ་མདས་བརྒྱབ་ནས་
- བསད་འཇོག་དང་ཐུབ་རྒྱུ་རེད།
- ནུ་བོ་དོན་ཆུང་སྔོན་དུ་བརྒྱུགས་ཡོང་སྟེ་
- ཕུ་བོ་དོན་ཆེན་ལ་ཐོ་རེ་ཁྱོད་ལ་དེ་འདྲ་ཞིག་བྱེད་རྩིས་
- ཡོད་པས་རུ་སྡེ་བ་བོས་ནས་བྱེ་མ་སྤུང་ཟེར།
- བྱེ་མ་སྤུང་བས་མདའ་བྱེ་མའི་ནང་དུ་ཟུག་སྟེ་མ་སོད་པར།
- མ་སོད་ལ་འདི་ནི་སྔོན་མ་དག་དང་
- མི་འདྲ་བར་མི་སོད་རྒྱུ་ཞིག་རེད།
- ཐོ་རེ་ཁྱོད་ཀྱིས་མེ་དམར་བོ་ཞིག་གསོས་ཏེ་
- རྒྱལ་པོ་ལགས་བྱེའུ་ཡག་པོ་ཞིག་ཡོད་ཞེས་དང་
- མཆུ་ཏོས་བཙུགས་ཏེ་གསད་ཐུབ།
- ཡང་ཕྱི་ཉིན་དེ་ལྟར་དུ་མེ་ཞིག་གསོ་བཞིན་
- རྒྱལ་པོ་ལགས་འདི་འདྲའི་བྱ་ཡག་པོ་ཞིག་
- འདུག་པས་ལྟོས་དང་ཟེར་མོད།
- ནུ་བོ་དོན་ཆུང་གིས་བཤད་ཡོད་པས་མེ་ནང་དུ་འཕང་།
- མོས་མ་བཟང་དེ་ནི་ལྷ་བྱ་ཞིག་ཡིན།
- དེ་ལྟར་འཕེན་ཉན་རྒྱུ་ཞིག་མིན་ཞེས་བླངས་ནས་མངགས།
- འཕུར་མི་ཐུབ་ལ་ཁད་བྱས་ཏེ་སོང་།
- ཕྱི་ཉིན་སོང་ཏེ་ཁོལ་མོས་ས་ལ་བརྒྱབ་ནས་
- ཇི་ལྟར་བོས་ཀྱང་གོ་མ་ཐུབ།
- བར་སྐབས་ཤིག་ལ་ཐོན་ནས་ཁྱེད་ཚང་གི་རྒྱལ་པོ་འདི་
- རྒོད་པོ་ཞིག་ཡིན་པས་ང་ཚོས་མི་ཐུབ་ཟེར།
- ཐོ་རེ་སྤྲིན་དཀར་པོ་ཞིག་དང་ནག་པོ་ཞིག་ཡོང་རྒྱུ་རེད།
- དེར་ལྟོས་དང་སྤྲིན་དཀར་པོས་སྤྲིན་ནག་པོ་
- བཏུམ་ན་ང་ཚོའི་མི་ཐུབ་པ་ཡིན།
- སྤྲིན་ནག་པོས་སྤྲིན་དཀར་པོ་དེ་
- བཏུམ་ན་ང་ཚོ་རྒྱལ་ཐུབ་པ་ཡིན་ཟེར།
- དེ་ནས་ལུག་རའི་ནང་དུ་ལྟོས་དང་ལུག་དཀར་པོ་ཞིག་
- དང་ལུག་ནག་པོ་གཉིས་ཀྱིས་རྡུང་རེས་བྱེད་རྒྱུ་ཡིན་པས་
- ལུག་ནག་པོ་དེ་རྒྱལ་ན་ང་ཚོ་རྒྱལ་ནི་ཡིན།
- ལུག་དཀར་པོ་དེ་རྒྱལ་ན་རྒྱལ་པོ་རྒྱལ་བ་ཡིན་ཟེར།
- དེ་ནས་ཁྲག་དང་འོ་མ་གཉིས་ཀ་འདྲེས་བར་
- འོ་མས་ཁྲག་བཏུམ་ན་ང་ཚོ་ཕམ་པ་ཡིན།
- ཁྲག་གིས་འོ་མ་བཏུམ་ན་ང་ཚོ་རྒྱལ་བ་ཡིན་ཟེར།
- དེང་སྐབས་ཁྲག་དང་འོ་མ་འདྲེས་མི་ཉན་ཟེར་བ་དེའི་ཕྱིར།
- ཕྱི་ཉིན་ཉིན་གུང་ཙམ་ལ་བལྟས་དུས་
- སྤྲིན་དཀར་པོ་ཞིག་དང་ནག་པོ་གཉིས་ཐུག་པར་
- སྤྲིན་དཀར་པོ་དེས་སྤྲིན་ནག་པོ་དེ་བཏུམས།
- རྒྱལ་མོས་མ་འགྲིག་ང་ཚོ་ཕམ་སོང་བསམ་སྟེ་
- སྒོར་བུད་ནས་ལུག་ར་ནང་དུ་བལྟས་པ་ན།
- ལུག་དཀར་པོ་དེས་ནག་པོ་དེ་མནན།
- ཡང་མ་འགྲིག་བསམ་སྟེ་ཁྲག་དང་འོ་མ་གཉིས་
- བསྲེས་པར་འོ་མས་ཁྲག་བཏུམས།
- འདྲེ་དེ་ཡང་དེ་ནས་བཏུལ།
- ཕུ་བོ་དོན་ཆེན་དོན་ཆུང་གཉིས་ཀྱིས་འདྲེ་དེ་བཏུལ།