02 Apr 2019
3 min 5 sec
Video Overview
Creators:
Tibetan & Himalayan Library
A folk tale about the serpent king's daughter, a crow, and a frog.
ཀླུའི་རྒྱལ་བོའི་བུ་མོ་དང་བྱ་རོག སྦལ་བ་སོགས་ཀྱི་གནའ་གཏམ།
བརྙན་འདིར་གནའ་གཏམ་དོན་མེད་རྒྱ་མཚོའི་གཏིང་ལ་སོང་ཞེས་པ་བཤད་ཡོད། གནའ་གཏམ་འདིར་སྦལ་བས་ཀླུའི་རྒྱལ་བོའི་བུ་མོའི་ནད་གསོ་བར་བྱ་སྙིང་ཞིག་དགོས་པས་རང་གི་ཁྱིམ་མཚེས་བྱ་རོག་གཡོ་ཐབས་ལ་བསྒྱུར་ནས་ཀླུ་ཡུལ་གྱི་དགའ་སྟོན་ལ་ཁྲིད། བྱ་རོག་གིས་དོན་གྱི་ཕུགས་རྟོགས་ནས་སྦལ་བར་དགྲ་ཤ་བླངས་པ་བརྗོད་ཡོད།
关于龙王的女儿,乌鸦,青蛙等的民间故事
这段视频介绍 《无意的深海旅行》的民间故事。 故事主要内容是 -龙王的女儿需要一颗鸟的心脏来治好她的病,所以青蛙欺骗乌鸦去深海的龙官。 乌鸦知道事情的真相之后采取报复行为。
- ཆུ་མགོའི་ནང་ན་སྦལ་བ་ཞིག་ཡོད།
- ཆུ་མགོའི་ཁ་ན་ལྕང་སྡོང་ཞིག
- ལྕང་སྡོང་མགོ་ན་བྱ་ཚང་ཞིག
- བྱ་ཚང་ནང་ན་ཕོ་རོག་ཞིག་ཡོད།
- ཕོ་རོག་དང་སྦལ་བ་གཉིས་གྲོགས་བསྒྲིགས་ཏེ་ཁྱིམ་མཚེས་བྱས།
- ཆུ་མགོའི་རྐུབ་རྒྱ་མཚོར་ཟུག་ཡོད།
- སྦལ་བ་ཀླུ་ཡུལ་དུ་འགྲོ་བ་ཡིན།
- ཀླུ་ཡུལ་དུ་སོང་དུས་ན་ཀླུའི་རྒྱལ་པོས་ཁོང་གི་བུ་མོར་
- ནད་དྲག་པོ་ཞིག་ཡོད་མོད། དེ་ལ་ངེས་པར་དུ་བྱ་སྙིང་ཞིག་
- དགོས་ཟེར་བས་ཁྱོད་ལ་བྱ་སྙིང་རེ་རྙེད་ཚུལ་ཡོད་དམ་ཟེར།
- ཨོ་་་ ་་་དེ་ཡོད། སླ་མོ་རེད། ང་ལ་རོགས་པ་བྱ་ཞིག་ཡོད་པས་
- ཐོ་རེ་ངས་བྱ་སྙིང་ཁྱེར་ཡོང་ཟེར།
- དེ་ལ་ཡོང་རྒྱུར་གཏན་ཁེལ་བྱས་ཏེ་ཡར་ཐོན་རྗེས་ཕོ་རོག་ལ།
- སང་ཉིན་ཀླུའི་རྒྱལ་པོས་སྟོན་མོ་ཆེན་པོ་ཞིག་བྱམ་རྩིས་ཡོད་པས་
- ང་མགྲོན་དུ་བོད་ཡོད་ངེད་གཉེས་ཨེ་འགྲོ་ཞེས་དྲིས་པར་
- ཕོ་རོག་གིས་འགྲོ་ཟེར།
- དེ་ནས་སྦལ་བའི་རྒྱབ་ཏུ་ཕོ་རོག་ཁུར་ཏེ་ཆུ་རྐུབ་ཐུར་དུ་སོང་ནས་
- ཀླུའི་རྒྱལ་པོའི་ཟུར་དུ་ཐོན་པར་ཀླུའི་རྒྱལ་པོས་ཁྱོད་ཀྱིས་ང་ལ་
- བྱ་སྙིས་ཡོང་ཡོད་དམ་ཟེར་བར།
- སྦལ་བས་མིག་བརྡ་ཙམ་བྱས་ཏུ་ཕོ་རོགས་བསྟན་པ་ན།
- ཕོ་རོག་གིས་ཧ་གོ་སྟེ། བྱ་སྙིང་གིས་ཅི་བྱེད་དགོས་ཞེས་དྲིས།
- ཀླུའི་རྒྱལ་པོས་ངའི་བུ་མོར་ནད་དྲག་པོ་ཞིག་ཕོག་ཡོད་མོད།
- དེར་བྱ་སྙིང་ཞིག་མེད་ན་སྨན་བཅོས་བྱེད་མི་ཐུབ་ཟེར་བས་
- བྱ་སྙིང་ཞིག་ཨེ་རྙེད་བསམ་པ་ཡིན་ཟེར།
- མ་འགྲིག ཁྱོད་ཀྱིས་སྔོན་ནས་ང་ལ་མི་བཤད་དོན་ཅི།
- བཤད་ན་ངས་བྱ་སྙིང་ཁྱེར་ཡོང་ན་ཆོག་ལ།
- ཁ་དཔེར། བྱ་རི་ལ་འགྲོ་ན།། བྱ་སྙིང་ཡུལ་ནས་སྐྱུར།།
- ཟེར་རྒྱུ་ཞིག་ཡོད་པ་ཡིན།
- ངས་ཚང་ནང་དུ་བསྐྱུར་ཡོད་ཟེར།
- སྦལ་བས་ཕོ་རོག་ལ་དེས་ན་ངེད་གཉིས་ལེན་དུ་འགྲོ་འམ་ཟེར།
- སྦལ་བས་རེད་ཟེར་བར། སྦལ་བའི་རྒྱབ་ཏུ་ཁུར་ཏེ་ཆུའི་ཁར་ཐོན།
- ཆུའི་ཁར་ཐོན་པ་ན་ཕོ་རོག་གིས་སྡེར་མོའི་བར་དུ་སྦལ་བ་བཟུང་སྟེ།
- ཨ་རོགས་ངན་པའི་ཁ་ཁོས་ཡིས།། དོན་མེད་རྒྱུ་མཚོའི་གཏིང་ལ་སོང་།།
- རང་རང་རིག་པ་མ་གསལ་ན།། རིན་ཆེན་སྲོག་དང་བྲལ་རྒྱུ་རེད།།
- སྡེར་མོའི་བར་དུ་སྦྱན་འདྲེན་ནོ་ཞེས་གས་གཉིས་སུ་བཏང་སྟེ།
- རྭ་ཁྱོག་(མཆུ་ཏོ།)བར་ཏུ་གཤེགས་སུ་གསོལ་ཞེས་ཁོས་ཟོས་སོ།།