Video Overview
A riddle about counting.
- རྔ་མོང་དེར་ཐན་དགུ་ཚང་ཡོད་ཟེར་ནི་རེད།
- ལུས་པོའི་ངོས་སུ་ཡོད་རྒྱུ་ཚང་མ་སློང་ཡོང་བ་
- ཏག་ཏག་ཡིན་ཟེར་ནི་རེད།
- མགོ་མ་མོར་སློང་བ་ཡིན་ཟེར་ནི་རེད།
- མིག་སྒམ་སྦལ་བར་སློང་བ་ཡིན་ཟེར།
- སྐེ་ཁྲུང་ཁྲུང་ལ་སློང་བ་ཡིན་ཟེར་ནི་རེད།
- ལུས་ཕུང་དེ་རི་རྒྱལ་ལ་སློང་བ།
- ལུས་ཕུང་ཆེ་བ་དེ་རི་ལ་སློང་བ་ཡིན་ཟེར་ནི་རེད།
- སྐེད་པ་གྲོག་མར་སློང་བ་ཡིན་ཟེར་ནི་རེད།
- ཤ་ཐོ་ཐོ་གཉིས་ཀ་གྲོག་མའི་ཁོག་སྨད་དང་
- ཁོག་སྟོད་གཉིས་ཀ་ཡིན་ཟེར་ནི་རེད།
- རྨུག་པ་དེ་གློ་བར་སློང་བ་ཡིན་ཟེར་ནི་རེད།
- དེ་ལྟར་དུ་རྔ་མོང་གི་ལུས་ན་ཐན་དགུ་ཚང་ཡོད།
- དེ་བས་རྔ་མོང་གི་སྤུ་ལག་ཏུ་ཐོན་ན་
- སེམས་ཅན་ནང་དུ་འགོང་རོ་མ་འདྲ།
- བཞོ་རུ་མི་འཇུག་པའི་སེམས་ཅན་དེ་ཚོར་བདུག་ན་
- རས་དུམ་ཁུག་ཏུ་དྲིལ་རྗེས་རྣ་ངོར་རྣ་ཙར་བྱས་
- བཏགས་ན་བཟང་ཟེར་ནི་རེད།
- འགོང་ཁ་གཅོད་བྱེད་དུ་ཁྱིམ་ལ་བཞག་ན་ཁ་འགོང་མེད་ཞེས་
- ཁ་འགོང་འགོག་བྱེད་དུ་གནའ་དུས་སུ་ངེས་པར་དུ་
- རྔ་མོང་གི་སྤུ་ལག་ཏུ་ཨེ་ཡོང་ལྟ། དེ་བཟང་ནི་རེད།