Video Overview
Kuenzang Wangmo from Tang, Bumthang shared this about the singing of ballads. She said that singing the ballad can reveal the fate of each person. Each person has a cup, and for each cup they sing one word of a ballad. When two cups come together, it is said those two people are fated to be together. There is no requirement for how many people should join in. In the past, people would play a ballad as a game. When a person was left without a partner, then they used to joke that the girl or boy would have to go be a hermit.
བུམ་ཐང་སྟང་ལས་ཨིན་མི་ ཨམ་ཀུན་བཟང་དབང་མོ་གིས་ རྩང་མོ་གིས་ མོ་བཏབ་དོ་ཡོད་པའི་སྐོར་ལས་ བཤད་དོ་ཡོདཔ་ཨིན་མས། མི་རེ་རེ་གིས ་ཕོརཔ་རེ་རེ་བཏོན་འབད་ ་ཕོརཔ་རེ་རེ་ལུ་རྩང་མོའི་ཚིག་རྐྱབ་སྟེ་ མཇུག་བསྡུ་དོ་ ཡོདཔ་ཨིན་མས། ཕོརཔ་གཉིས་གཅིག་ཁར་ རྩེགས་འགྱོ་མི་གཉིས་འདི ་གནམ་བསྐོད་ཡོདཔ་འབད་ བརྩིས་དོ་ཡོདཔ་ཨིན་མས། རྩང་མོ་གཙང་ལས་ཡོང་དུས་ རྩང་མོ་ལྷ་དང་འདྲ་སོང། འ་ན་ག་ལྷོདཔ་གཅིག་དང་གཉིས་ གནམ་བསྐོད་ཡོདཔ་འབད་ བརྩིས་སྲོལ་ཡོདཔ་ཨིན། ཧེ་མ་ འབད་བ་ཅིན་ རྩེདམོ་འབད་ རྩེད་སྲོལ་ཡོདཔ་དང་ རྩང་མོའི་མོ་བཏབ་ནི་ འདི་གཉིས་གནམ་བསྐོད་འདུ་ཟེར་ དགོད་བྲ་འདི་ ཁོང་གཉིས་ གནམ་བསྐོད་ ལེགས་ཤོམ་ཡར་སོང་ནུག་ཟེར་ སླབ་དོ་ཡོདཔ་ ཨིན་མས། ང་བཅས་ན་ལུ་ བུཚ་འདྲན་འདྲ་ཚུ་ ཆ་རོགས་གཅིག་ཁར་ སྡོདཔ་ད་ལུ་ གནམ་བསྐོད་བལྟ་ནི་ དོན་ལུ་ཨིན་མས། མཇུག་ར་ གནམ་བསྐོས་བལྟཝ་ད་ མི་འདི་ག་དེམ་ཅིག་་ཡོད་རུ་བཏུབ་འབད་ ཨིནམ་མས། ཆ་མེད་མི་གཅིག་ ལུད་པ་ཅིན་ འ་ནི་འདི་ ཆོས་ལུ་འགྱོ་མི་འབད་བཞག་དོ་ཡོདཔ་ཨིན་མས།
- ཀུན་བཟང་དབང་མོ་ Kuenzang Wangmoའ་ནཱ་ལས་ ག་ཅི་ཨིན་རུང་ཅིག་བྱིན་དགོ་ དེ་ལས་ རྩང་མོའི་མོ་ཟེར་བཏབ་ནི་འོང་ བཏབ་བཏབ་འོང་ཏེ་ཁྱོད་ཚུ་གིས་ཡང་ བཏབ་ནི་ཡོད་སྨོ་ངབཅས་ནཱ་འདི།
- ཀུན་བཟང་དབང་མོ་ Kuenzang Wangmoཕོརཔ་ང་བཅས་མི་རེ་རེ་ལས་ ཕོརཔ་རེ་རེ་བཏོན་ཏེ་ ཏེ་དེ་ལས་ ཕོརཔ་རེ་རེ་ལུ་ རྩང་མོའི་ཚིག་འཐེན་ཏེ་ དེ་ལས་ འདི་མཇུག་བསྡུཝ་ད།
- ཀུན་བཟང་དབང་མོ་ Kuenzang Wangmoཕོརཔ་འདི་དང་ མར་གྱི་ཕོརཔ་དེ་གཉིས་ ག་གཅིག་ཁར་འགབ་འགྱོ་མི་དེ་གཉིསཔོ་གནམ་བསྐོས་འདུག་ཟེར་སླབ་འོང་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukའེང་་་།
- ཀུན་བཟང་དབང་མོ་ Kuenzang Wangmoརྩང་མོ་གཙང་ལས་ཡོང་དུས། །རྩང་མོ་ལྷ་དང་འདྲ་སོང། །སྒམ་པ་ལ་ལ་སླེབས་ཚེ། །རྩང་མོ་སྤྲེའུ་ལ་འགྱུར་སོང་། །ཟེར།
- ཀུན་བཟང་དབང་མོ་ Kuenzang Wangmoའ་ནཱ་ག་ལྷོདཔ་ཅིག་ དེ་གཉིས་གནམ་བསྐོས་ཡོདཔ་ཨིན་ཟེར་ འ་ནཱི་སྦེ་བརྩི་ བཏང་མས།
- ཀུན་བཟང་དབང་མོ་ Kuenzang Wangmoརྩང་མོའི་མོ་བཏབ་ཨིན་ཟེར་ ཧེ་མ་འདི་ དེ་སྦེ་རང་འབདཝ་མས་ རྩང་མོའི་མོ་བཏབ་ཨིན་ཟེར་ ཕོརཔ་ཚུ་བཀྲམ་ཏེ་ མི་རེ་རེ་ཕོརཔ་རེ་བཏོན་ཏེ་ འ་ནཱི་སྦེ་བཏང་མས།
- ཀུན་བཟང་དབང་མོ་ Kuenzang Wangmoཏེ་འདི་གཉིས་གནམ་བསྐོས་ཡར་སོང་ནུག་ཟེར་ དགོད་བྲ་སྟེ་ ཁོང་གཉིས་གནམ་བསྐོས་ལེགས་ཤོམ་སྦེ་སོང་ནུག་ཟེར་ ཧ་ཧ་་་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukདེ་ལས་ད་ ཕོ་དང་མོ་འབད་བ་ཅིན་ད?
- ཀུན་བཟང་དབང་མོ་ Kuenzang Wangmoའོང་ གནམ་བསྐོས་འཁྲིལ་ཏེ་ ཕྱད་ནི་འདུག་ ཏེ་ ཤུལ་ལས་ལ་ལུ་ཅིག་ དེ་སྦེ་ཕྱད་མི་ཡང་འོང་མས་རོགས།
- ཀུན་བཟང་དབང་མོ་ Kuenzang Wangmoཨ་ནཱི་ཕོརཔ་གུ་འབད་ཕྱད་མི་འོང་མས་མེན་ན་ ཕོ་མོ་ཕྱད་མི།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukདང་ཕུ་འབད་བ་ཅིན་ དེ་སྦེ་སྡོད་སྡོདཔ་མས་སྨོ?
- ཀུན་བཟང་དབང་མོ་ Kuenzang Wangmoའོང་་་ཏེ་ འདི་རང་བལྟ་སྟེ་ དེ་ལས་ འདི་རང་བལྟ་འོང་ བུཚུ་འདྲན་འདྲ་ཚུ་ཆ་རོགས་འབད་ཕྱདཝ་ད་ གནམ་བསྐོས་ལྟ་བའི་ཟེར་ གནམ་བསྐོས་འདི་བལྟ་འོང་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukམཇུག་ལུ་ མཇུག་ད་གནམ་བསྐོས་ལྟཝ་ད་ ག་དེམ་ཅིག་དགོ་ག་ལགས་མི?
- ཀུན་བཟང་དབང་མོ་ Kuenzang Wangmoམི་འདི་ག་དེམ་ཅིག་ཡོད་རུང་བཏུབ་ད་ ག་དེམ་ཅིག་ཡོད་རུང་།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukཆ་མེད་དེ་འབད་བ་ཅིན?
- ཀུན་བཟང་དབང་མོ་ Kuenzang Wangmoའོང་ད་ ཆ་མེད་པར་གཅིག་ལུས་སོང་པ་ཅིན་ ཏེ་ད་འདི་ ཆོས་ལུ་འགྱོ་མི་ཨིན་ཟེར་ ཆོས་འབད་བར་འགྱོ་མི་ཟེར་ ཆ་མེད་མི།
- ཀུན་བཟང་དབང་མོ་ Kuenzang Wangmoརོགས་ཆ་ཆ་འབད་འགྲིགས་འགྱོ་ཞིནམ་ལས་ གཅིག་ལུས་མི་འདི་ཆོས་ལུ་ མི་ག་དེམ་ཅིག་ཡོད་རུང་བཏུབ་ ཆ་ཡོད་རུང་བཏུབ་ དེ་ལས་ མཇུག་ལུ་ཆ་གཅིག་ལུས་པ་ཅིན་ ཁོང་གཉིས་གནམ་བསྐོས་ཡོདཔ་ཨིན་ཏེ་ གནམ་བསྐོས་མེད་པར་གཅིག་ཆ་འགྲིགས་མི་མེད་པར་ལུས་པ་ཅིན་ འདི་ཆོས་འབད་བར་འགྱོ་མི་ཟེར་ཏེ་ དེ་སྦེ་ལུས་འོང་།