Skip to main content Skip to search
30 Aug 2018
8 min 6 sec
Video Overview
Creators: 
Penchela

Kuenzang Wangmo from Tang, Bumthang shared this about the singing of ballads. She said that singing the ballad can reveal the fate of each person. Each person has a cup, and for each cup they sing one word of a ballad. When two cups come together, it is said those two people are fated to be together. There is no requirement for how many people should join in. In the past, people would play a ballad as a game. When a person was left without a partner, then they used to joke that the girl or boy would have to go be a hermit.

བུམ་ཐང་སྟང་ལས་ཨིན་མི་ ཨམ་ཀུན་བཟང་དབང་མོ་གིས་ རྩང་མོ་གིས་ མོ་བཏབ་དོ་ཡོད་པའི་སྐོར་ལས་ བཤད་དོ་ཡོདཔ་ཨིན་མས།  མི་རེ་རེ་གིས ་ཕོརཔ་རེ་རེ་བཏོན་འབད་ ་ཕོརཔ་རེ་རེ་ལུ་རྩང་མོའི་ཚིག་རྐྱབ་སྟེ་ མཇུག་བསྡུ་དོ་ ཡོདཔ་ཨིན་མས། ཕོརཔ་གཉིས་གཅིག་ཁར་ རྩེགས་འགྱོ་མི་གཉིས་འདི ་གནམ་བསྐོད་ཡོདཔ་འབད་ བརྩིས་དོ་ཡོདཔ་ཨིན་མས། རྩང་མོ་གཙང་ལས་ཡོང་དུས་ རྩང་མོ་ལྷ་དང་འདྲ་སོང། འ་ན་ག་ལྷོདཔ་གཅིག་དང་གཉིས་ གནམ་བསྐོད་ཡོདཔ་འབད་ བརྩིས་སྲོལ་ཡོདཔ་ཨིན། ཧེ་མ་ འབད་བ་ཅིན་ རྩེདམོ་འབད་  རྩེད་སྲོལ་ཡོདཔ་དང་ རྩང་མོའི་མོ་བཏབ་ནི་ འདི་གཉིས་གནམ་བསྐོད་འདུ་ཟེར་ དགོད་བྲ་འདི་ ཁོང་གཉིས་ གནམ་བསྐོད་ ལེགས་ཤོམ་ཡར་སོང་ནུག་ཟེར་ སླབ་དོ་ཡོདཔ་ ཨིན་མས། ང་བཅས་ན་ལུ་ བུཚ་འདྲན་འདྲ་ཚུ་ ཆ་རོགས་གཅིག་ཁར་ སྡོདཔ་ད་ལུ་ གནམ་བསྐོད་བལྟ་ནི་ དོན་ལུ་ཨིན་མས། མཇུག་ར་ གནམ་བསྐོས་བལྟཝ་ད་  མི་འདི་ག་དེམ་ཅིག་་ཡོད་རུ་བཏུབ་འབད་ ཨིནམ་མས། ཆ་མེད་མི་གཅིག་ ལུད་པ་ཅིན་ འ་ནི་འདི་ ཆོས་ལུ་འགྱོ་མི་འབད་བཞག་དོ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • བྲེ་གང་
    ད་ འ་ནཱི་འབདཝ་ད་ང་བཅས་ར་ད་ལྟོ་ནཱ་ ང་བཅས་མི་བདུན་ཀྲིག་ཀྲི་མས་ཏེ་ འ་ནཱི་གནམ་བསྐོས་འདི་བཙུགས་གེ་ཟེར།
  • རྡོ་རྗེ་རྒྱལ་མཚན་
    ང་བཅས་ཀྱིས་འདི་ ག་དེ་སྦེ་འབད་དགོཔ་སྨོ་ང་བཅས་ཀྱིས་ ག་ཅི་འབད་དགོཔ་ཡོད་ག་ལགས?
  • བྲེ་གང་
    ད་ ཁྱོད་ར་ཆ་ཁྱབ་རེ་རེ་གིས་ ཅ་ལ་རེ་རེ་འ་ནཱ་བཏོན་བཀལ་ཤིག་ལགས།
  • བྲེ་གང་
    གསུམ་དྲུག་བདུན་འདུག་པ་ཏེ་ ཨིན་མས་གོ་ཤིག་
  • བྲེ་གང་
    འོང་་་འ་ནཱི་སྦེ་བཀལ་ འོང་་་དང་ཕུ་འབདན་ ཏེ་ ཨ་ནཱི་མཛུབ་དཀྱི་གདོབ་ཅུ་ལྕགས་ཀ་ཀྲི་མི་འ་ནཱི་འདི་ཚུ་བཙུགས་འོང་བ་སྨོ་ཨ་མ?
  • གནག་ལེམོ
    ཨིན་ལགས།
  • བྲེ་གང་
    ཡ།
  • རྡོ་རྗེ་རྒྱལ་མཚན་
    བཙུགས་དགོཔ་ཨིན་ན་འ་ནཱི་འདི་ལགས?
  • བྲེ་གང་
    ཨ་་་འོང་ ཚར་གཅིག་བཙུགས་ད།
  • རྡོ་རྗེ་རྒྱལ་མཚན་
    འེང་ ནཱ་ཨ་ནཱི་ གནམ་བསྐོས་བལྟ་མི་འདི་གིས་ མ་ཤེསཔ་སྦེ་བཞག་དགོཔ་ཨིན་ན་?
  • བྲེ་གང་
    ཨ་ཤེར་རུང་མ་པ།
  • གནག་ལེམོ
    ང་བཅས་ར་གིས་ ང་བཅས་ར་གིས་ མ་ཤེསཔ་སྦེ་རང་འོང་དགོ་བ་ཏེ་སྨོ་ལགས?
  • བྲེ་གང་
    ཨིན་ཨིན། ད་མ་ཤེསཔ་སྦེ་འབད་དགོ་པ་ཅིན་ང་གིས་ མ་ཤེསཔ་སྦེ་འབད་དགོ་ཆ་རོགས་འ་ནཱི།
  • གནག་ལེམོ
    ང་བཅས་འདི་བཏུབ་ལགས།
  • བྲེ་གང་
    བཏུབ།
  • གནག་ལེམོ
    ཨ་ནཱི་ཨ་ནཱི་ཨ་ནཱི་གིས་ ཨ་ནཱི་གི་ཟེར་ཏེ་ཧ་གོ།
  • བྲེ་གང་
    འ་ནཱི་ འོང་ད་ཁྱོད་ར་ཨ་ནཱི་གྱལ་སྦེ་བཞག་ད་ཏེ་ད་བཏུབ།
  • གནག་ལེམོ
    ནཱ་གི་ད་ནཱ་གི་ ཐུགས་བསམ་ལུ་བཞེས་ཤིག་ཨ་ནཱི་ག་ར་ཨ་ནཱི་ཨ་ནཱི་གི་ཨིན་ཨ་ནཱི་གི་ཨིན་ཟེར་ ནཱ་གི་ཐུགས་བསམ་བཞེས་ཤིག
  • རྡོ་རྗེ་རྒྱལ་མཚན་
    འེང་་་འོང་།
  • གནག་ལེམོ
    ཏེ་ ཚིག་འདི་ང་བཅས་ཀྱིས་ སླབ་འོང་།
  • བྲེ་གང་
    དེ་འབདཝ་ད་ ཨ་ནེ་སྦེ་འབད་ད་ ང་ཡར་ཚར་གཅིག་ལོང་གེ་ ད་ ང་བཅས་ར་སྔོན་མ་ག་ཨིནམ་སྦེ་ར་འབད་བ་ཅིན་ང་ཟུར་ཁ་འགྱོ་འོང་བ།
  • རྡོ་རྗེ་རྒྱལ་མཚན་
    འོང་།
  • བྲེ་གང་
    ཏེ་ ཁྱེད་དྲུགཔ་འདི་གིས་ ཨ་ནཱི་ཅ་ལ།
  • རྡོ་རྗེ་རྒྱལ་མཚན་
    ལོག་སོ་སོ་བཏོན་དགོ་པས་སྨོ་འེང་་།
  • བྲེ་གང་
    འོང་།
  • རྡོ་རྗེ་རྒྱལ་མཚན་
    དེ་འབད་བ་ཅིན་ ཚར་གཅིག་འཐུ་ད་རང་རང་སོའི་ཅ་ལ་སྨོ་ཤིག?
  • གནག་ལེམོ་
    མེན་མེན་ཅ་ལ་འདི་མར་བཞག་ ཅ་ལ་མར་བཞག་ད།
  • བྲེ་གང་
    ཨིན་ ཨིན་ཨིན།
  • བསོད་ནམས་ཆོས་འཕེལ་
    ཨ་པ་འདི?
  • བྲེ་གང་
    ཨོང་ང་མ་མཐོངམ་སྦེ།
  • གནག་ལེམོ
    ཨ་པ་གིས་ཕར་རོགས་བཤད་པ་འདི་ ཁོ་རྐྱབ་པ་ཅིན་ཏེ།
  • བྲེ་གང་
    སྔོན་མ་ག་འབད་དོ་བཟུམ་སྦེ་ལོག་
  • རྡོ་རྗེ་རྒྱལ་མཚན་
    འེང་་་ཡ་ཡ།
  • གནག་ལེམོ་
    ད་ཨ་ནཱ་སྨོ་ཤིག་ལགས་ཨ་ནཱི་ནཱ་གི་སྦེ་བཞག་སྨོ་ལགས་ནཱི་ནཱ་གི་སྦེ་བཞག་སྨོ་ལགས་ནཱི་བུམོ་འདི་གི་སྦེ་བཞག་ཨ་ནཱི་ནཱ་སློབ་དཔོན་གྱི་སྦེ་བཞག
  • བསོད་ནམས་ཆོས་འཕེལ་
    ཡ་ཨ་པ་འབྱོན་ད་ཧ་ཧ་་་།
  • བྲེ་གང་
    ལགས་ཨིན་ན?
  • རྡོ་རྗེ་རྒྱལ་མཚན་
    འོང་ བཏུབ་ཅི་ལགས་བཏུབ་ཅི།
  • བྲེ་གང་
    ལགས་སོ། ལགས་སོ།
  • ཨམ་ནག་ལེམ
    ད་རང་རང་ས་གི་ཤེས་གོ་ཤིག་ལགས།
  • རྡོ་རྗེ་རྒྱལ་མཚན་
    འོང་།
  • གནག་ལེམོ་
    གནམ་བསྐོས་གནམ་བསྐོས་གནམ་བསྐོས་སྨོ་ལགས།
  • གནག་ལེམོ
    ཤར་ཕྱོགས་རྒྱལ་པའི་གནམ་བསྐོས།།ཟེར་སྡོད་འོང་བ་སྨོ་ཤིག ལས་དང་སྨོན་ལམ་ཡོད་ན།
  • གནག་ལེམོ
    ཤར་ཕྱོགས་སྦུག་ལ་འཛོམས་ཤོགཟེར་ཏེ་ཨ་ནཱི་གཉིས་གཅིག་སྡོད་འོང་བ་ཏེ་སྨོ་གོ་ཤིག་ལགས།
  • བྲེ་གང་
    འེང་་།་
  • གནག་ལེམོ
    ད་ཨ་ནཱི་འཐོན་མྱོང་སྨོ་གོ་ཤིག་ལགས།
  • གནག་ལེམོ་
    གནམ་བསྐོས་གནམ་བསྐོས་གནམ་བསྐོས་བྱང་ཕྱོགས་རྒྱལ་པོའི་གནམ་བསྐོས།།ཟེར་སྨོ་ལགས།
  • བྲེ་གང་
    འོང་།
  • གནག་ལེམོ་
    ལས་དང་སྨོན་ལམ་ཡོད་ན།བྱང་ཕྱོགས་སྦུག་ལ་འཛོམས་ཤོག།ཟེར་ ཨ་ནེ་སྦེ་སྨོ་ཤིག་ལགས།
  • འོང་།
  • གནག་ལེམོ་
    གཉིས་སྦེ་སྡོད་འོང་སྨོ་ཤིག
  • གནག་ལེམོ་
    ཁྱོད་ལུ་ཡ་གཅིག་མིན་འདུག།ཟེར་སྨོ་ང་ལུ་ཆ་གཅིག་མིན་འདུག།ཆ་མེད་ཡ་མེད་གཉིས་ཀུ།།དམ་པའི་ཆོས་ལ་འགྱོ།།ཟེར་ཏེ་འ་ནཱི།
  • བྲེ་གང་
    འ་ནེ་སྦེ་མས་ལགས།
  • ཧེ་ཧེ་་་།
  • བྲེ་གང་
    ཆོས་འབད་མི་སྦེ་ འཐོན་དགོཔ་མམ།
  • གནག་ལེམོ
    འ་ནཱི་འདི།
  • བྲེ་གང་
    ད་འ་ནཱི་ད་བཏུབ།
  • རྡོ་རྗེ་རྒྱལ་མཚན་
    ཡ།
  • བྲེ་གང་
    འོང་ང་བཅས།
  • གནག་ལེམོ
    འ་ནཱི་ག་དེ་སྦེ་སྨོ་འ་ནཱི་འབདཝ་ད་སྨོ་ཤིག་ད་འ་ནཱི་ང་དང་ག་ཕོགཔ་སྨོ་ལགས?
  • བྲེ་གང་
    མེན་སྡོད་མས་ད་ལྟོ་གི་འདི་བཤད་པ་སྦེ།
  • རྡོ་རྗེ་རྒྱལ་མཚན་
    གདངས་སྦེ་འཐེན་དགོཔ་ཨིན་ན?
  • བྲེ་གང་
    མེན་བཤད་པ་སྦེ།
  • གནག་ལེམོ་
    མེན་སླབ་ཚར་དགོ་པས་ད་ལྟོ་ཨ་ནཱི་མི་ཤེས་བ་ཏེ་སྨོ་ཤིག་ལགས།
  • རྡོ་རྗེ་རྒྱལ་མཚན་
    གདངས་འཐེན་མི་དགོ་བུ་ལགས་གདངས་མ་འཐེན་པར་དེ་སྦེ་རང་ཨིན་ན་ལགས?
  • གནག་ལེམོ་
    གནམ་བསྐོས་འ་ནེ་སྦེ་བསྐྱུར་བའི་ལགས།
  • རྡོ་རྗེ་རྒྱལ་མཚན་
    འེང་།
  • བྲེ་གང་
    གདངས་སྦེ་ཡང་འཐེན་འོང་ཡ?
  • གནག་ལེམོ་
    འཐེནམ་ཨིན་གདངས་སྦེ་ཡང་འཐེནམ་ཨིན་དེ་འབདཝ་ད་ ད་འབད་མི་ཚུགས་པས་ལགས་ང་བཅས་སྐད་མེད་པ།
  • རྡོ་རྗེ་རྒྱལ་མཚན་
    དེནི་འདི་ཏེ་བསྐྱུར་ཚརཝ་མས་ཏེ་སྨོ་ལགས་གནམ་བསྐོས་བསྐྱུར་ཚརཝ་མས་འོང་།
  • གནག་ལེམོ་
    ད་ ཨ་རྒས་ཀྱིས་ སླབས་ཤིག་ད་གསུངས་ཤིག
  • ཨ་རྒས་ཀྱིས་ བཤད་པ་རྐྱབ་ད།
  • བྲེ་གང་
    ད་ འ་ནཱི་གི་ བཤད་པ་རྐྱབ་པ་ཅིན་དང་པ་ཨ་ནཱི་འཐུ་ཡི་བ་ཏེ་སྨོ?
  • གནག་ལེམོ
    ཨིན་ལགས།
  • བྲེ་གང་
    ད་འ་ནི་ཏེ་ཁྱོད་ནི་རྒྱ་མཚོ་ཕར་ཁ།།ང་ནི་རྒྱ་མཚོ་ཚུར་ཁ།།ལས་དང་སྨོན་ལམ་ཡོད་ན།།རྒྱ་མཚོ་སྦུག་ལུ་འཛོམས་ཤོག།ཟེར་ད་ཨ་ནཱི་ཡོངས་གྲགས་འབད་ནི་དེ་གིས་ག་ར་གི་ཤེས་ཨིན་རུང་ཡང་ ཨ་ནཱི་གི་ཁྱད་པར་འདི་ ག་ཅི་སྨོ་ཟེར་བ་ཅིན།
  • བྲེ་གང་
    ཕ་དང་བུ་ཨིན་རུང་གཉེན་དང་གྲོགས་ཨིན་རུང་སྤུནམ་སྤུན་ཆ་ཨིན་རུང་ད་ཨ་ནཱི་གཅིག་གི་གཅིག་ལུ་ཏེ་ དག་སྣང་ག་དེམ་ཅིག་ར་ཡོད་དེ་རང་འབད་རུང་ཕྱད་མ་ཚུགས་པ་སྡོད་སྡོད་པའི་ལོ་རྒྱུས་ཅིག་ཨིན་མས་བ་ལགས།
  • བྲེ་གང་
    ཨ་ནཱི་ག་ཅི་བར་ན་ ཡངན་ཆུ་དང་བྱག་ཡངན་ལམ་ཐག་རིང་ལ་དང་ལུང་གི་བཅད་དེ་གིས་ ཕྱད་མ་ཚུགས་པར་སྡོད་སྡོད་པའི་ལོ་རྒྱུས་ཅིག་ད་ ག་དེམ་ཅིག་སྦེ་ད་ ང་བཅས་ར་ཕ་དང་བུ་ཨིན་རུང་གཉེན་དང་གྲོགས་ཨིན་རུང་།
  • བྲེ་གང་
    སྤུནམ་སྤུན་ཆ་ཨིན་རུང་ཏེ་ འ་ནཱི་བླམ་དཀོན་མཆོག་གསུམ་གྱིས་འབད་ཏེ་ ལས་དངཚེ་སྔོན་མའི་ལས་སྨོན་ལམ་ཡོད་པ་ཅིན་ད་ ཆུའི་སྦུག་ཨིན་རུང་ཡང་ཏེ་ འཛོམས་བཅུག་ཟེར་མི་འདི་ང་བཅས་འབད་བ་ཅིན་ གནམ་མེད་ས་མེད་ཁག་ཆེ་དྲག་ཅིག་མས་ཏེ་ གཞན་མི་ཆུའི་སྦུག་འཛོམས་ཡང་མི་ཚུགས་འ་ནཱི་བཟུམ་སྦེ་ ཕྱད་གེ་ཟེར་མི་ཅིག་མས་འ་ནཱི།
  • གནག་ལེམོ་
    གཅིག་འདི་ང་གཅིག?
  • བསོད་ནམས་ཆོས་འཕེལ་
    ང་ཨིན་ང་།
  • བྲེ་གང་
    འོང་ཏེ་ད་འ་ནཱི་ཕ་དང་བུ་ཨིན་རུང་དཔེར་ན་ལུ་ད་ལྟོ་ཨ་ནཱི་ ང་བཅས་གནམ་བསྐོས་བསྐྱུརཝ་ད་ལུ་ཕོ་དང་མོ་ཟེརཝ་རྐྱངམ་གཅིག་ལུ་ མི་སྡོད་ཟེར་མི་འདི་ག་ཅི་སྨོ་ཟེར་བ་ཅིན་ ད་ཕ་དང་བུ་གི་འབད་དེ་འབད་རུང་ང་བཅས་ར་ད་ལྟོ་ཕལ་སྐད་ནང་སླབ་པ་ཅིན་གཅིག་གིས་གཅིག་ད་ ཧ་ལས་ད་ལྟོ་ཚུན་ཚོད་ངོ་མ་ཤེས་འདྲེས་མ་ཤེས།
  • བྲེ་གང་
    ཏེ་ ཕྱད་མ་ཚུགསཔ་འབད་ད་འ་ནཱི་ལས་སྨོན་ལམ་གྱིས་སྦེ་ ཕྱད་གེ་ཟེར་བའི་ལོ་རྒྱུས་ཅིག་ཨ་ནཱི་ང་བཅས་མཇུག་ལས་དམ་ཚིག་དཔང་ལུ་བཙུགས་བཙུགས་པའི་ ལོ་རྒྱུས་ཅིག་ལུ་ཧ་གོ་ནི་ཟེར་གནམ་བསྐོས་ཟེཪཝ་ད་ འ་ནེ་སྦེ་བསྒྱུར་ནི་མས།
  • བྲེ་གང་
    ད་ ཨ་ནཱི་གནམ་བསྐོས་གནམ་བསྐོས་ཟེར་ ཏེ་ཤར་ཕྱོགས་རྒྱལ་པོའི་གནམ་བསྐོས་ཟེརཝ་ད་ལུ་ཡང་ང་བཅས་ར་ཨ་ནཱི་ ཤར་ཕྱོགས་རྒྱལཔོ་ཟེར་མི་འདི་གནམ་མེད་ས་མེད་ད་ང་བཅས་རའི་རྒྱལ་ཆེན་བཞིའི་ནང་ལས་ཡོངས་གྲགས་ཅན་ཅིག་བ་ཏེ་སྨོ་ཤིག
  • བྲེ་གང་
    ཁོ་ཞལ་ལས་གསུང་བྱོན་ནི་མེད་གསུང་འདི་པུ་ར་(ག་ར)སྒྲ་སྙན་ནང་ལས་འབྱོནམ་ཨིན་ཟེར་ཨིན་ཏེ་ར་འབད་རུང་ཏེ་ད་ད་ལྟོ་ཚུན་ཚོད་ཁྱོད་ཀྱིས་ ཞལ་ལས་གསུངས་མ་འབྱོན་པར་སྡོད་དེ་འབད་རུང་ཡང་།
  • བྲེ་གང་
    ད་ང་དང་གཅིག་ཁར་དུས་ནམ་ཅིག་ལུ་ སྐལ་བ་ཡོད་པའི་ཚེ་ཏེ་ ང་གིས་ཁྱོད་མཇལ་ཏེ་གིས་ཁྱོད་ཁ་ཞལ་ལས་ཀྱི་གསུངས་འདི་ ང་གིས་ཉན་ཚུགས་པའི་རེ་བ་ཡོད་ཟེར་འ་ནཱི་ཕ་དང་བུ་འབད་རུང་ཏེ་ གཅིག་གིས་གཅིག་གི་ སེམས་ཁར་མནོ་མི་འདི་ད་ལྟོ་ཚུན་ཚོད་ནང་མནོ་སྡོད་སྡོདཔ་མས་ཁ་མ་འཐོན་མས་ཟེར།
  • བྲེ་གང་
    འ་ནཱི་དུས་ནམ་ཅིག་ལུ་ཏེ་ ང་གིས་ཁྱོད་ལུ་འ་ནཱི་རེ་བ་ཅིག་བསྐྱེད་ད་ ང་བཅས་ར་ཕ་དང་བུ་འབད་བ་ཅིན་གཅིག་གིས་གཅིག་ལུ་ དགོཔ་བཅའ་བོ་གི་ཨིན་རུང་འདྲ་བས་གཉེན་དང་གྲོགས་ཨིན་རུང་སྤུནམ་སྤུན་ཆ་ཨིན་ཏེ་འབད་རུང་ཡང་།
  • བྲེ་གང་
    གཅིག་གིས་གཅིག་ལས་ ཏེ་རེ་ཆི་ཁོང་ཆུད་ཟེར་ཨ་ནེམ་དགོཔ་བཅའ་བོ་དང་སླབ་དགོཔ་མཛད་དགོཔ་གི་ རེ་བ་འོང་བ་ཏེ་སྨོ་འ་ནཱི་རེ་བ་ཡོད་མི་འདི་ཤར་ཕྱོགས་རྒྱལ་པོ་གི་ཞལ་ལས་གསུངས་ཡར་འཐོན་མི་ཚུགས་བ་ཏེ་འ་ནཱི་བཟུམ་ཅིག་ཨིན་རུང་བཏོན་ཏེ་སྦེ་ཏེ་དེ་བསྒང་ནམ་ཅིག་གི་ཚེ་ ཁྱོད་དང་ཕྱད་ཚུགསཔ་ཟེར་མི་འདི་རེ་ཆི་རེ་བ་རེ་ཆི་བསྐྱེད་མི་ཅིག་མས།
  • གནག་ལེམོ
    གཅིག་འདི་བུམོ་ཨིན་སྨོ་ལགས།གཅིག?
  • མཁའ་འགྲོ་/Khandu:ང་བཅས་གཉིས་མས།
  • རྡོ་རྗེ་རྒྱལ་མཚན་
    ཁྱོད་ཨིན་ན།
  • བྲེ་གང་
    འོང་བུམོ།
  • བྲེ་གང་
    འ་ནཱི་སྦེ།
  • བྲེ་གང་
    ད་ཨ་ནཱི་བྱང་ཕྱོགས་རྒྱལཔོ་མས་སྨོ་ ད་ཨ་ནཱི་བྱང་ཕྱོགས་རྒྱལཔོ་ཟེར་བ་ཅིན་ཨ་ནཱི་ཡང་ཏེ་མ་པ་གནམ་བསྐོས་གནམ་བསྐོས་ཟེར་མི་འདི་ ང་བཅས་ར་ལས་ཀྱི་རྣམ་པ་སྨིན་པ་གཅིག་ཁར་བཀོད་མི་འདི་ལུ་གནམ་བསྐོས་ཟེར་སླབ་མས་བ།
  • བྲེ་གང་
    ཨིན་ཏེ་འབད་རུང་ཡང་ འ་ནཱི་གནམ་བསྐོས་ཟེར་མི་དེ་གིས་ཁོ་རྒྱ་ཆེ་ཆུང་འདི་ ག་དེ་སྦེ་ཡོདཔ་སྨོ་ཟེར་བ་ཅིན་བྱང་ཕྱོགས་རྒྱལཔོ་ཟེར་མི་འདི་སྤྱིར་འཛམ་བུ་གླིང་ནང་རྒྱལ་ཆེན་བཞི་ལས་ཁོ་ལུ་འདྲན་འདྲ་མེད་པ་ཁོ་རྒྱུ་ནོར་ལོངས་སྤྱོད་ཀྱི་ཐད་ལས་འབད་རུང་གནམ་ཐོས་སྲས་ཀྱི་བང་མཛོད་ཨིན་རུང་།
  • བྲེ་གང་
    ཁོ་གནམ་མེད་ས་མེད་ཀྱི་ཏེ་སྟོབས་འབྱོར་མངའ་ཐང་རྒྱས་དོ་བཟུམ་མི་གི་ རྒྱལཔོ་ཅིག་ཨིན་པས་ཟེར་ཨིན་རུང་ཡང་ ང་གིས་ཁྱོད་ལུ་རྒྱུ་ནོར་གྱི་དོ་འགྲན་མ་ཚུགས་ཁ་ཆེན་དབང་ཆེན་གྱིས་ དོ་འགྲན་མ་ཚུགས་ཏེ་འབད་རུང་ལས་སྨོན་ལམ་འདི་ཤུགས་ཆེ་བ་ཅིན་ལས་འདི་འདྲུད་རྒྱ་མཚོ་ནང་ལུ་ཡང་འདྲུད་བཏུབ་ཟེར་བའི་ དཔེ་གཅིག་ཨིན་པས།
  • བྲེ་གང་
    འ་ནཱི་བཟུམ་སྦེ་ཏེ་ང་གིས་ ཁྱོད་ཀྱི་རྟིང་བདའ་སྟེ་ལས་ལས་འབྲས་ཅིག་འཚོལ་ཏེ་སྦེ་ཁྱོད་དང་གཅིག་ཁར་འབྲེལ་བ་ཐབས་ཚུགས་པའི་གི་རེ་བ་ཡོད་ཟེར་སླབ་ནི་ཅིག་གི་དོན་དག་མས་བ།
  • གནག་ལེམོ
    གཅིག་ཨ་ནཱི་འདི?
  • རྡོ་རྗེ་རྒྱལ་མཚན་
    ཨ་ནཱི་ང་གི་མས།
  • བྲེ་གང་
    འ་ནཱི།
  • གནག་ལེམོ
    ཨ་ནཱི་ཆོས་ནང་འགྱོ་མི་མས།
  • བྲེ་གང་
    ཏེ་འ་ནཱི་ད་ ཆོས་འབད་ནི་ཟེརཝ་ད་ལུ་ཡང་ད་ཨ་ནཱི་ ང་བཅས་ར་མི་མང་ས་ལས་མི་འདི་ཆ་མཉམ་ར་དམྱལ་བ་ཟེར་འགྱོཝ་ད་ལུ་ཆ་མཉམ་དམྱལ་བ་འགྱོ་ཏེ་ཏེ་ཞིང་ཁམས་མེདན་དམྱལ་བ་མེད་བ་ཏེ་སྨོ?
  • བྲེ་གང་
    ཞིང་ཁམས་ཟེར་མི་ནང་ཆ་མཉམ་སངས་རྒྱས་སྡོད་པ་ཅིན་དམྱལ་བ་ཟེརཝ་མེད་པ་ཅིན་ཞིང་ཁམས་ཟེར་མེད་བ་ཏེ་ཆ་མཉམ་སྤྱིར་བཏང་སྦེ་སྡོད་འོང་ཐིམ་ཕུག་ལུང་པ་ལུ་མི་ག་ར་ཕྱུགཔོ་འདྲན་འདྲ་ཐལ་སོངཔ་འདྲཝ་ཅིག་འབད་བ་ཅིན་ དབུལ་ཕོང་ཟེར་མི་མཐོང་མས་བ།
  • བྲེ་གང་
    འ་ནཱི་བཟུམ་སྦེ་ ཏེ་ཁོ་རོགས་ མིའི་སྦུག་ལས་ཏེ་ བསམ་པ་བསམ་བསྐྱེད་བཟང་ཤོས་ཅིག་ཏེ་ འ་ནཱི་ལཱ་དང་བྱ་བ་ག་ཅི་འབད་རུང་བློ་སེམས་ཆོས་ལུ་བསྐྱེད་དེ་ཚུལ་དང་འཁྲིལ་ཏེ་འབད་སྡོད་མི་ཅིག་ཨིན།
  • བྲེ་གང་
    འ་ནཱི་འབདཝ་ལས་བརྟེན་ཏེ་གིས་ང་ལུ་ཆ་ཡང་མིན་འདུག་དགོ་ཡང་མི་དགོ་ང་ང་ར་སྐྱབས་དང་རེ་ས་འདི་ ཆོས་ལུ་བརྟེན་ཏེ་འབད་ཆོས་འབད་བ་འགྱོ་ནི་ཨིན་ཟེར་སླབ་མི་འདི་མས།
  • གནག་ལེམོ་
    ཆོས་ལུ་འབྱོན་མི་ནཱ་ཨིན་པས།
  • རྡོ་རྗེ་རྒྱལ་མཚན་
    ཧ་ཧ་ཧ་་་་།
  • བྲེ་གང་
    འཚོ་མ་ག་ཚུད་མི་འདི་འ་ནཱི་་་་(?)་གནམ་བསྐོས་ཟེར་སླབ་དགོ་མི་འདི་འ་ནཱི་ཏེ་ གནམ་བསྐོས་ཟེར་སླབ་དགོ་མི་འདི་ང་བཅས་ར་ཨིན་རུང་མེན་རུང་ད་ སྤྱིར་བཏང་ང་བཅས་ར་སྤྲོ་ཉམས་ལུ་སྦེ་ རྒན་གཞོན་འདྲན་འདྲ་སྦེ་ གཞོནམ་དང་གཞོནམ་ཡོད་པ་ཅིན་ཏེ་ གཉེན་དང་གྲོགས་ཀྱི་གྲངས་སུ་བརྩིཝ་ཨིན་ལགས།