Skip to main content Skip to search
31 Jan 2012
4 min 6 sec
Video Overview
Creators: 
unknown

This clip shows some of the traditional methods used in carving an altar from wood.

Transcript search
No results found for this search
0 of 0
  • ཤིང་བཟོ་བ་ ༡ Carpender 1
    ལྟ་མཆོད་གཤོམ་འདི་འདི་འདྲས་རེད། འབྲས་སྤུངས་བློ་གསལ་གླིང་གི་ཨཱ་ནི་ཡིག་ཆ་གི་བདག་པོ་པཎ་ཆེན་བློ་བཟང་།
    The altar we are making here is for the great scholar of Drépung Losel Ling, Penchen Lozang,
  • ཨཱ་ནི་་་
    um...
  • བསོད་ནམས། པཎ་ཆེན་བསོད་ནམས་གྲགས་པ། འང་དེ་ལ་སྔ་རྗེས་མཆོད་གཤོམ་ཡོད་མ་རེད།
    it is for (the statue) of Penchen Sönam Drakpa, for whom we don't have an altar so far.
  • བྱས་ཙང་ད་ལྟ་མཆོད་གཤོམ་དེ་བརྐོས་རྒྱག་ནས་ཕར་མཆོད་གཤོམ་ཡག་པོ་ཞིག་བཟོ་གི་ཡོད་རེད།
    The work is in progress, and we plan to make an excellent one.
  • དེ་གང་རེད་ཟེར་ན། དགོན་པ་སྤྱི་ཡི་མ་རེད། སྒེར་གྱིས་ལྟ་འདི་པ་སྦྱིན་བདག་འདོན་བྱས་འདི་འདྲས་བཟོ་གི་ཡོད་རེད།
    This project was made possible with funding from individual donors without any funding from the monastery.
  • བྱས་ཙང་འདི་ག་རེད་ཟེར་ན་བློ་གསལ་གླིང་གི་ཡོད་ན་མེད་ནའི་ཡིག་ཆ་ཡི་བདག་པོ་པཎ་ཆེན་ཨཱ་ནི་བསོད་གྲགས་པ་འདི་འདྲ་སོང་ཙང་།
    The main reason why we are making this altar is that Penchen Sönam Drakpa was a great master.
  • འདི་ལ་བལྟས་ནས་ལྟ་མཆོད་གཤོད་འདི་ལྟ་དམིགས་བསལ་གྱིས་སྤུས་དག་པོ་ཞིག་དང་། ཡག་པོ་ཞིག
    Therefore we are making a special high-quality altar for him.
  • བརྐོས་རྒྱག་ཡག་འདི་འདྲས་རང་ཐུན་མོང་མ་ཡིན་པའི་སུ་གཅིག་ལ་མེད་པ་རྒྱག་ཡག་དང་། ཡག་པོ་བཟོ་ཡག་འདི་འདྲས་རེད།
    We plan to carve a different altar that no one had before.
  • ཤིང་བཟོ་བ་ ༢ Carpender 2
    ལྟ་བརྐོས་ཟེར་མཁན་དེ་དང་པོ་རྒྱག་དུས་དེ་ཚོ་རི་མོ་འདི་སྦྱངས། རི་མོ་འདི་བྲིས།
    Before you do wood carving, you need to master the decorative art and then draw it.
  • དེ་ནས་འདའི་ཁབ་འཚག་དེ་བརྒྱབ། ཨཱ་ནི་ཤིང་སྒང་ལ་གདབ་རྐྱལ་བརྡབས་བྱས་འདུག་སེ་བཟོ་རྒྱུ་རེད།
    We then trace the design (on paper) and transfer it on the wood with the help of dapkyel (pouch with white powder).
  • ཨཱ་ནི་གཙོ་ཆེ་ཤོས་དེ་ད་རེས་པཎ་ཆེན་བསོད་ནམས་གྲགས་པའི་མཆོད་གཤོམ་བཟོ་ཡག་དེ་སྔས་མ་ལས་ཡག་ཏུ་གཏོང་ཡག་ཅིག་དང་།
    The altar for Penchen Sönam Drakpa is going to be better than any existing one.
  • སྤུས་དག་པོ་ཡོང་ཡག རྦད་རྩེ་གྲ་གཅིག་བཟོ་ཡག་ཚང་མས་རེ་བ་བྱས་འདི་འདྲས་རེད་ཤག་ཟེར།
    We all are hoping to create a great altar.
  • བྱས་ཙང་ང་ཚོས་འདིའི་ཐོག་ལ་ཡིན་ནའི་གང་ཡག་ཡག་དང་ག་ཚོད་ཀྱིས་གྲ་རྒྱས་རྒྱས་བཟོ་ཡག་གི་འཆར་གཞི་འདི་འདྲས་ཡོད་ཟེར།
    The plan is to create one grand altar with elaborate carvings.
  • སོ་སོའི་ལག་རྩལ་ཡོད་པ་ལ་དཔག་པའི། བསམ་པ་རྣམ་དག་བཏོན་བྱས། འདི་འདྲས་བྱེད་ཡག་གི་འཆར་གཞི་ཡོད་ཟེར།
    We will complete the project by bringing our best craftsmanship and with sincerity in our endeavors.
  • ཤིང་བཟོ་བ་ ༡ Carpender1
    ལྟ་ལས་ཀ་འདི་བརྐོས་ཀྱི་ལས་ཀ་རེད།
    This project is largely carving task.
  • ལྟ་མཆོད་གཤོམ་གྱི་བརྐོས་རྒྱག་ཡག་གི་རེད། ལྟ་དེ་ཡང་སྤུས་དག་པོ་དང་འདི་འདྲས་རྒྱག་དགོས་ཀྱི་ཡོད་རེད།
    And the craftsman must produce the best carving that is possible.
  • ལྟ་བརྐོས་དེ་གང་རེད་ཟེར་ན་བཀྲ་ཤིས་རྟགས་བརྒྱད་ཟེར་མཁན་ཞིག་ཡོད་རེད་རི་མོ། འོ་འདི་འདྲས་རེད།
    The motif he is carving now is called Trashi Takgyé, the eight auspicious symbols.
  • ཨཱ་ལྟ་རི་མོ་རྒྱས་པོ་ཞེ་པོ་ཡོད་རེད། བཀྲ་ཤིས་རྟགས་བརྒྱད་ཟེར། དེ་མིན་གྱི་འདི་ལ་ཡ་གྲབས་ཆས་ཟེར་ཡག་ར་པོ།
    Trashi Takgyé is an elaborate motif and they are many other motifs.
  • ད་ག་ནང་བཞིན་གང་ཟེར་དགོས་ཀྱི་རེད། མཆོད་གཤོམ་སྒང་ལ་རྒྱ་ཕིབས་བཀབ་ཡག གཡས་གཡོན་གྱི་ཆུ་སྲིན་བཟོ་ཡག འོ་འདི་འདྲས་རེད་ལྟ།
    Likewise, we also need to create roof cover for the altar, decorative water dragons on both sides of the altar, and many others.
  • རྒྱས་ཤིང་རྒྱས་པ་འདི་འདྲས་ཡོད་རེད།
    They are many elaborate decorations.
  • དྲི་བ་ལེན་མཁན་ Questioner
    ཨཱ་ནི་ལག་ཆ་དེ་ཚོའི་སྒང་གའི་མིང་གང་རེད། ལག་ཆ།
    What are the names of those tools?
  • ཤིང་བཟོ་བ་ ༣ Carpender 3
    ལྟ་ཁ་ཤས་གསེག་གཅོད་རེད། ཁ་ཤས་གསེར་གསུམ་ཟེར་གྱི་རེད། སྣ་མིན་སྣ་ཚོགས་ཡོད་རེད། ལག་ཆ་འདི་པཱ།
    Some of them are called sekchös (flat teeth tool), others are sersums. There are different varieties of tools.
  • ཨཱ་ནི་འབུར་ལེན། འདིའི་མིང་ལ་འབུར་ལེན་ཟེར་གྱི་རེད།
    This one is called burlen (plane).
  • འདའི་འབུར་ལེན་སྣ་རིང་ཟེར་འདའི་ཡཱ།
    This one is called burlen naring (long plane).
  • འདི་ཐེང་ཐོ་ཟེར། རིང་ཐུང་གཉིས་ཡོད་རེད།
    This one is called tengto, and there is one shorter and longer version of it.