02 Apr 2019
13 min 56 sec
Video Overview
Creators:
Tibetan and Himalayan Library
A folktale about ghosts and deception, and saving loved ones.
གདོན་འདྲེ་དང་མགོ་སྐོར། གཉེན་ཉེ་སྐྱོབ་པ་སོགས་ཀྱི་གནའ་གཏམ་ཞིག
གནའ་གཏམ་འདིར་མི་བུ་ཞིག་གིས་འདྲེ་ཁ་ཆེ་གདོང་ནག་ཅེས་པ་བཏུལ་ནས་ལྷ་མོ་ཞིག་ཆུང་མར་བླངས་པ་དང་། འདྲེ་ཁ་ཆེ་གདོང་ནག་གི་ལྤགས་གྱོན་ཏེ་རང་གི་སྤུན་གཉིས་སྐྱོབས་པ་བཤད་ཡོད།
这段视频介绍 《大脸鬼》的民间故事。
故事主要内容是一个人击败了大嘴黑脸鬼,迎来一个女神作为他的新娘。这后他伪装成大嘴黑脸鬼,并救了他的两个兄弟。
- སྟོབས་ལྡན།གནའ་ཞིག་ལ་བུ་སྤུན་གསུམ་ཡོད།
- སྤུན་གསུམ་ཡོད་པ་དེ་ལམ་ལ་ཆས། ལམ་ལ་ཆས་དེ་ཡར་སོང་བ་ན།
- བུ་ཆེ་བ་དེ་རྒྱལ་པོ་ཚང་ཞིག་ལ་མག་པར་བཞག
- དེ་ནས་ཡང་ཡོང་བ་ན་ཤ་ཉེ་འབྲིང་བ་དེ་བློན་པོ་ཚང་ལ་མག་མར་བཞག
- ཁོ་རང་ཡར་ཡོང་བ་ན། བྱིས་ཁ་གཉིས་ཀྱིས་ཞྭ་མོ་ཞིག་རྩོད་བཞིན་ཡོད།
- ཞྭ་དེ་ཅི་ཞིག་ཡིན། ཁྱོད་གཉིས་ཀྱིས་འཛང་རེས་མ་བྱེད་ཟེར་བ་ན།
- ཞྭ་འདི་མི་རིག་ཞྭ་མོ་ཟེར་རྒྱུ་དེ་ཡིན།
- འདི་མགོ་ལ་གོན་ན་གང་ལ་སོང་བ་མི་ཤེས་པ་ཞིག་ཡིན་པས་
- ངེད་གཉིས་ཀྱིས་བགོས་ན་མི་ཆོག་ཟེར།
- དེ་དུས་ཁོས་ཁྱེད་གཉིས་ཀའི་སུ་མགྱོགས་ལྟོས་དང་
- སུས་མགྱོགས་ན་དེར་བཞིན་ཟེར། བྱིས་པ་དེ་གཉིས་གཤིབ་པར་བཅུག་སྟེ་
- མར་ཐོན་པ་ན་ཁོས་ཞྭ་དེ་གོན་པས་བྱིས་པ་གཉིས་ཀས་
- ད་འདི་ན་ཡོད་མོད་ད་མེད་པར་གྱུར་ཞེས་ངུས་ཏེ་ཕྱིར་ཁྱིམ་དུ་སོང་།
- ཞྭ་མོ་ཁོས་བླངས། དེ་ནས་ཡང་ཡར་སོང་བ་ན།
- བྱིས་པ་གཉིས་ཀྱིས་གྲུ་གུ་ཁྲ་རིལ་ཞིག་ང་ལ་དགོས།
- ཁྱོད་ལ་དགོས་ཞེས་རྩོད་བཞིན་པར། ཁོས་ཁྱོད་གཉིས་ཀའི་རྩོད་མི་དགོས་
- གཉིས་ཀ་ལ་བགོས་ཆོག་ཟེར་བར། བྱིས་པ་གཉིས་ཀས་བགོ་མི་ཆོག
- དགྲ་བསྡོམ་གྲུ་གུ་ཁྲ་རིལ་ཞེས་པ་ཡིན་པས་བགོས་མི་ཆོག་ཟེར་བར།
- ཡང་ཁོས་ཁྱེད་གཉིས་ཀའི་སུའི་མགྱོགས་ལྟོས་དང་བཞིན་ཞེས་པར།
- བརྒྱགས་ནས་ཐོན་དུས་ཡང་ཞྭ་གོན་པས་བྱིས་པ་གཉིས་ངུས་
- ད་འདིར་ཡོད་མོད་ད་མེད་ཞེས་སོང་། དེ་ནས་ཡར་སོང་བ་ན་
- བྱིས་པ་གཉིས་ཀྱིས་དབྱུག་པ་སྐྱ་ཤིང་ངེ་ཞིག་རྩོད་བཞིན་པར།
- ཁོས་ཁྱེད་གཉིས་ལ་གས་གཉིས་བྱེད་ཞེས་པར། བྱིས་པ་གཉིས་ཀས་མི་རུང་།
- འདི་དགྲ་འདུལ་དབྱུག་པ་སྐྱ་ཤིང་མ་ཞེས་ན། དགྲ་ད་འདུལ་ཞེས་པར་
- འདུལ་འཇོག་པ་ཞིག་ཡིན་པས་གས་བྱེད་མི་རུང་ཟེར།
- ཁོས་ཡང་ཁྱེད་གཉིས་ཀའི་སུའི་མགྱོགས་ལྟོས་དང་
- སུས་མགྱོགས་པར་བཞིན་ཞེས་པར། ཡང་བྱིས་པ་གཉིས་ཀ་ཟུར་ལ་ཐོན་དུས་
- ཞྭ་གོན་པས་བྱིས་པ་གཉིས་ངུ་བཞིན་ད་འདིར་ཡོད་མོད་ད་མེད་ཞེས་སོང་།
- དེ་ནས་ཡར་སོང་བ་ན། གོང་དུ་སྡེ་གྲོང་ཆེན་པོ་ཞིག་ཡོད།
- དེར་ཐོན་པ་ན། ཟ་འཕྲོ་འཐུང་འཕྲོ་བྱས་ཡོད་པ་དང་།
- གཏུལ་མ་བྱས་ཏེ་འཐུང་རྒྱུ་གྲ་སྒྲིག་བྱས་ནས་བསྐྱུར་སོང་ཡོད།
- སྡེ་བ་དེར་མི་གཅིག་ཀྱང་མེད། དེ་ནས་ཡར་སོང་དུས་
- གོང་གི་རིག་མི་རིག་གི་མཚམས་ན་ཁང་བ་སྔོན་པོ་ཞིག་གི་ནང་ན་
- དུ་བ་ཡོང་གི་ཡོད། དེར་སོང་དུས་ལྷ་མོ་ཞིག་བསྡད་ཡོད།
- དེས་ཁྱོད་འདི་ལྟར་ཡོང་མི་ཉན། མན་གྱི་སྡེ་བ་དེ་
- འདྲེ་ཁ་ཆེ་གདོང་ནག་ཞེས་པས་ཟོས་ཚར་སོང་ནི་རེད།
- ཁྱོད་མ་འདུག་སོང་མིན་ན་ཁྱོད་ཟོས་འཇོག
- ང་དེར་མགོ་གནོན་དུ་བསྡད་ཡོད་མོད་ཅི་ཡང་མི་ཐུབ་ཟེར་བར།
- ཁོས་ང་མི་སྐྲག ང་ལ་དགྲ་བསྡོམ་གྲུ་གུ་ཁྲ་རིལ་མ་ཡོད།
- དགྲ་འདུལ་དབྱུག་པ་སྐྱ་ཤིང་མ་ཡོད། མི་རིག་ཞྭ་མོ་ཡོད་པས་མི་སྐྲག
- ངེད་གཉིས་ལྷན་དུ་འདུག་ཟེར་བར། ལྷ་མོས་ལྷན་དུ་མི་འདུག་ཟེར།
- ཁྱོད་དེ་འདྲའི་དཔའ་བོ་ཞིག་ཡིན་ན་ངའི་གཡས་ལུང་བ་རྟས་གང་ཡོད།
- དེའི་ནང་ན་བདུད་རྟ་ཁམ་པ་རྔོག་རིང་ཞེས་པ་ཞིག་ཡོད།
- ལུང་པ་གང་གི་མདོ་ན་རྡོ་འབུམ་ཞིག་ཡོད་པ་དེའི་རྩར་སྡོད་དང་ཐོན་ཡོང་།
- ཐོན་པ་ན་ཁྱོས་སོད་ལ་ངའི་སྔོན་དུ་གོ་བ་ཐོངས་དང་ཁྱོད་དགྲ་འདུལ་གྱི་
- དཔའ་བོ་ཞིག་ཡིན་པས་ངེད་གཉིས་ལྷན་དུ་བསྡད་ཆོག་ཟེར་བར།
- ཁོ་གཡས་ལུང་རྟས་གང་ཡོད་སར་སོང་ནས་ཀི་ཞིག་བཏབས་པར་
- དངོས་གནས་བདུད་རྟ་ཁམ་པ་རྔོག་རིང་གིས་མཆེ་བ་ཕུར་བུ་ལྟ་བུ་ཞིག་
- དྲུད་དེ་བརྒྱགས་ནས་ཐོན་པར་ཁོས་དགྲ་བསྡོམ་གྲུ་གུ་ཁྲ་རིལ་མར་
- དགྲ་ད་སྡོམ་ཟེར་བར། མི་རིག་ཞྭ་མོ་གོན་ཏེ་དགྲ་འདུལ་དབྱུག་པ་སྐྱ་ཤིང་མར་
- དགྲ་ད་འདུལ་ཞེས་པར་བཏུལ་མཐར་རྟའི་གོ་བ་མོའི་སྔོན་དུ་འཕང་།
- ལྷ་མོས་ཁྱོད་ངར་མོད་ཐོ་རེ་ངའི་གཡོན་ལུང་ལུག་གིས་གང་ཡོད།
- དེའི་ནང་ན་བདུད་ལུག་མ་མོ་ཀྭ་རིང་མ་ཞེས་པ་ཞིག་ཡོད།
- གོང་གི་དེ་དང་ཨ་ན་མ་ན་བྱས་ཏེ་ངའི་སྔོན་དུ་འཕོང་ཤོག་དང་
- ངེད་གཉིས་ལྷན་དུ་བསྡད་ཆོག་ཟེར་བར།
- ཡང་དེ་དང་ཨ་ན་མ་ན་བྱས་ཏེ་ལུང་བ་དེའི་མདོར་ཐོན་དུས་
- ཀི་ཞིག་བཏབས་པ་ན་བདུད་ལུག་མ་མོ་ཀྭ་རིང་མ་བརྒྱུགས་ནས་ཐོན་པར་
- དགྲ་བསྡོམ་གྲུ་གུ་ཁྲ་རིལ་མར་དགྲ་ད་སྡོམ།
- དགྲ་འདུལ་དབྱུག་པ་སྐྱ་ཤིང་མར་དགྲ་ད་འདུལ་ཞེས་པར།
- ཡང་དེ་ལྟར་ཁོ་རང་གི་ཞྭ་མོ་གོན་ནས་བསད།
- ཡང་དེ་ལྟར་གོ་བ་མོའི་སྔོན་དུ་འཕང་པར་མོས་ངར་བ་རེད་ཟེར།
- གཡས་ལུང་གཡོན་ལུང་ངའི་ཡང་གསལ་བོ་ཞིག་མ་ཤེས་མོད།
- དེའི་གཅིག་གི་ནང་དུ་ཟོག་གིས་གང་ཡོད་ལ།
- དེའི་ནང་ན་བདུད་གཡག་ཁམ་པ་རྭ་རིང་ཞེས་པ་དེ་སོད་ཤོག་དང་
- ཁྱོད་དགྲ་འདུལ་གྱི་དཔའ་བོ་ཞིག་ཡིན་པ་བདེན་ཟེར་བར།
- ཡང་དེ་དང་ཨ་ན་མ་ན་བྱས་ཏེ་བདུད་གཡག་ཁམ་པ་རྭ་རིང་ཞེས་པའི་
- གོ་བ་མོའི་སྔོན་དུ་བཏིང་བ་ན། མོས་ཁྱོད་དགྲ་འདུལ་གྱི་དཔའ་བོ་ཞིག་ཡིན་མོད།
- ཐོ་རེ་གནང་ཉིན་ཉིན་སུ་རུའི་ལ་མགོའི་རྡོ་འབུམ་ཞིག་ཡོད་པའི་ཁར་
- རླུང་ཚ་མ་ཚུབ་སྐོར་ཞིག་གཡུག་པའི་རྗེས་སུ་
- ཁྱི་མོ་དམར་ལུ་མས་ངུ་ཟིག་བྱས་ཡོང་རྒྱུ་རེད། ཁྱི་མོ་དམར་ལུ་མ་དེ་སོད།
- དེའི་རྗེས་སུ་འདྲེ་ཁ་ཆེ་གདོང་ནག་ཡོང་གི་ཡོད་པས་ཁྱོས་དེ་འདུལ་ཤོག་དང་
- ཁྱོད་དགྲ་འདུལ་གྱི་དཔའ་བོ་ཡིན་པས་ངེད་གཉིས་ལྷན་དུ་འདུག་ཆོག་ཟེར།
- ཁོ་ཉག་ཁའི་རྡོ་འབུམ་དེའི་ཁར་སོང་ནས་བསྒུག་པར་འདྲེ་ཁ་ཆེ་གདོང་ནག་ཐོན།
- འདྲེ་དེའི་རྔ་མ་རེ་གཡུག་པར་གནམ་ནང་གི་སྤྲིན་སོང་བ་ལྟ་བུའི་
- འཇིགས་སུ་རུང་བ་དང་སྐྲག་ས་ཞིག་ཡིན་ལ་སྡེ་མི་ཚང་མ་ཟ་མཁན་དེ་ཡིན།
- དེ་ཐོན་པར་ཁོ་རང་ཕག་ཏུ་བཞའ་ནས་དགྲ་བསྡོམ་གྲུ་གུ་ཁྲ་རིལ་མར་དགྲ་ད་སྡོམ་
- ཞེས་པར་འདྲེ་ཁ་ཆེ་གདོང་ནག་དེ་མགོ་ལག་བཀུག་པ་ཙམ་ལས་མ་ཐུབ།
- དེ་འཕྲོར་དགྲ་འདུལ་དབྱུག་པ་སྐྱ་ཤིང་མར་དགྲ་ད་འདུལ་ཞེས་པར་
- དབྱུག་པས་བརྡུང་སྟེ་འདྲེ་ཁ་ཆེ་གདོང་ནག་སོགས་ཚང་མ་བསད་ནས་
- མར་སོང་སྟེ་ལྷ་མོའི་སྔོ་དུ་དེ་ཚོའི་ཀོ་བ་འཕང་པ་ན།
- ཁྱོད་དགྲ་འདུལ་གྱི་དཔའ་བོ་ཞིག་ཡིན་པས་ངེད་གཉིས་ལྷན་དུ་འདུག་ཆོག་
- ཞེས་ལྷན་དུ་བསྡད་ནས་ལོ་མང་པོ་འགོར་རྗེས།
- ཉིན་ཞིག་སྒོ་ཁར་བུད་དེ་ཁོའི་མགོ་ན་ཤིག་ཡོད་པས་ཤིག་འཐུ་དགོས་ཟེར་བར་
- རལ་བའི་རྩར་ཤིག་གི་སྒོང་བ་ཞིག་ཡོད་པར་ཅི་ཡིན་དྲིས་པར།
- ཁོའི་ཤ་ཉེ་གཉིས་ཀར་ཐུག་དགོས་མོད། ས་ཁ་ཐག་རིང་བས་མི་ཐུབ་ཟེར་བར།
- ལྷ་མོས་དེ་ཐུབ་ནི་རེད། ང་ལ་ལྕག་ལོ་བསམ་པའི་དོན་འགྲུབ་ཞེས་པ་ཞིག་ཡོད།
- ས་གང་དུ་འགྲོ་དགོས་ཀྱང་ལྕག་ས་གཞས་པ་ན་དེར་ལྷུང་འགྲོ་བས་
- དེ་ལྟར་སོང་ཆོག་ཟེར། ཁོ་གཉིས་ལྷན་དུ་བསྡད་ཡོད་པས་དེ་བཟུང་ནས་སོང་།
- ལྕག་ལོ་བསམ་པའི་དོན་འགྲུབ་ཀྱིས་སར་གཞས་པ་ན་རྒྱལ་པོ་ཚང་གི་
- བུའི་ཟུར་ལ་ལྷུང་སོང་། དེར་ཨ་རོགས་ཚང་། ཁྱེད་ལ་སྒོ་ན་གྱོང་ཁ་ཨེ་ཡོད།
- ཁྱིམ་ན་ན་ཚ་ཨེ་ཡོད་ཞེས་དྲིས་པར། ཁོང་ལ་ཁྱིམ་ན་ན་ཚ་མེད།
- སྒོ་ན་གྱོང་ཁ་ཡང་མེད་ནང་དུ་ཤོག་ཞེས་པར་ནང་དུ་སོང་སྟེ།
- ཕུ་བོར་ཁྱོད་ཅི་འདྲ་ཡིན། འདི་ཚང་ཁྱེད་ལ་བཟང་ངམ་ཞེས་
- སྐྱིད་མི་སྐྱིད་དྲིས་པར། ཕུ་བོས་ང་དངོས་གནས་སྐྱིད་ལ་
- ཟས་ཆུ་ཟ་མ་ཡང་བཟང་མོད། དགུང་མོར་སུབ་སུབ་ནོན་ནོན་ཞེས་བཀབ་སྟེ་
- ལྷ་ལྷ་མོའི་བྲོ་རྡུང་སར་འགྲོ་ནི་ཟེར་ནས་ཕྱིར་ཉིན་བར་དུ་མི་ཡོང་ཟེར།
- ཁོས་སྐྱོན་མེད་དགུང་མོར་ངས་ལྟ་ཆོག་ཟེར་ཏེ་དགུང་མོར་
- བཙུན་མོ་སོང་བར་ཁོས་རྗེས་དེད་ནས་སོང་།
- བཙུན་མོ་དེ་ལྷ་ཕྲུག་ཞིག་དང་འགྲོགས་བཞིན་ཡོད།
- ཁོ་ཚོ་འགྲོ་སའི་ཁང་བ་ལྟ་བུ་ཞིག་ཏུ་སོང་དུས་དཀར་ཁུང་ནང་ནས་
- བྱ་རྒོད་ཞིག་མར་ལྷུང་ཡོང་དུས་མདུན་ཅོག་སྟེང་དུ་
- འགྲེས་ལྡོག་ཅིག་བྱས་པར་ལྷ་ཕྲུག་ཞིག་ཡིན་ལ།
- དེས་བཙུན་མོར་ངེད་གཉིས་ནམ་འགྲོ་ཟེར་བར། བཙུན་མོས་འགྲོ་རྒྱུ་བྱས་ཏེ་
- ཁོའི་ཕུ་བོ་སྐྱུར་རྒྱུར་གྲ་སྒྲི་བྱས་ཡོད།
- ཁོས་ཐེངས་འགའ་ལ་བལྟས་ཏེ་ཉམས་བླངས་ནས།
- ཕུ་བོར་ཁོས་འདྲེ་ཁ་ཆེ་གདུང་ནག་གི་ལྤགས་གོན་ནས་ཡོང་རྒྱུ་ཡིན།
- བཙུན་མོས་ལྷ་ཡུལ་ལ་འགྲོ་རྒྱུར་ཚེས་གྲངས་སོགས་གཏན་ཁེལ་བྱས་ཡོད།
- ཁོས་ཕུ་བོར་དེ་དུས་ཁྱོད་མ་སྐྲག་པར་སྒོར་བུད་ནས་སྡོད་དང་
- ཁོ་མོ་འགྲོ་མི་ཕོད་ཟེར་ནས་སོང་། འདྲེ་ཁ་ཆེ་གདུང་ནག་གི་ལྤགས་པ་ནི་
- ཧ་ཅང་སྐྲག་ས་ཞིག་ཡིན་རྒྱུ་རེད་ལ་ཁོས་དེ་དུས་སུག་སྣེ་ནས་འདུག་ཟེར།
- དེའི་ནུབ་མོར། ཚེས་པ་བཅོ་ལྔའི་ནུབ་མོར་ཟེར་བ་འདྲ་ལ་དེའི་ནུབ་མོར་
- ཁོར་མནའ་མར་འགྲོ་རྒྱུ་བྱས་ཡོད། ད་ཤོག་ཟེར་སྐབས་ཁོས་
- འདྲེ་ཁ་ཆེ་གདུང་ནག་གི་ལྤགས་པ་གོན་ནས་ཐོན་དུས་འགྲོ་མ་ཕོད།
- དེ་ནས་ཁོ་དེའི་ནང་ནས་ཕྱིར་བུད་དེ་མི་རིག་ཞྭ་མོ་གོན།
- དེར་ཁོའི་ཕུ་བོ་བཟའ་མི་གཉིས་ཀ་ཡང་འགྲིག་ལ་
- བདེ་ཞིང་ལྡན་པ་བྱས་ཏེ་ཁོ་རང་སོང་།
- ཡང་བུ་འབྲིང་བ་བློན་པོ་ཚང་ན་ཡོད་པ་དེའི་ཟུར་དུ་
- ལྕག་ལོ་བསམ་པའི་དོན་འགྲུག་སར་གཞུས་ཏེ་ཐོན་དུས།
- ཡང་ཁྱེད་ཚང་ལ་སྒོ་ན་གྱོང་ཁ་ཨེ་ཡོད། ཁྱིམ་ན་ན་ཚ་ཨེ་ཡོད་ཞེས་དྲིས་པར།
- ཁོང་ལ་ཁྱིམ་ན་ན་ཚ་ཡོད། སྒོ་ན་གྱོང་ཁ་ཡང་ཡོད་པས་ཡོང་མི་ཉན་ཟེར་མོད།
- བཙུན་མོ་ཁ་ཕྱིར་འཁོར་དུས་ཁོས་རྗེས་དེད་ནས་ནང་དུ་སོང་། ཁྱིམ་ལ་སོང་ནས་
- བཙུན་མོ་སྒོར་བུད་དུས་ཕུ་བོར་འདི་ཚང་ཁྱེད་ལ་བཟང་ངམ་ཞེས་དྲིས་པར།
- ཕུ་བོས་ང་ལ་ཏག་ཏག་གི་མི་བཟང་རྒྱུ་སོགས་ཅི་ཡང་མེད་མོད།
- ང་ལ་ན་རྒྱུ་ཞིག་ཡོད་ལ་ཉིན་རེ་ཞག་རེ་འགོར་རྗེས་ཇེ་སྡུག་ཇེ་སྡུག་རེད་ཟེར།
- ནུབ་མོར་ཇ་ཐུང་སྟེ་ང་ལ་ཉལ་ས་ལས་ནས་གོན་པ་བཀབ་རྗེས་
- སྨན་བཙལ་ན་འགྲོ་ནི་ཟེར་ནས་བུད་འགྲོ།
- སྨན་ཡང་འཐུང་གི་འཐུང་གི་ཇེ་སྡུག་ཇེ་སྡུག་རེད།
- ཇེ་བཟང་ཞིག་གཏན་ནས་མེད་ཟེར།
- ཁོས་སྐྱོན་མེད་ངས་སོང་ནས་ལྟ་ཡག་བྱེད་ཟེར།
- དགུང་མོར་ཡུམ་གྱིས་ཟ་མ་ཟོས་ཏེ་ཉལ་ས་ལས་ནས་གྲ་སྒྲིག་བྱས་རྗེས་
- སོང་བར་ཁོས་རྗེས་དེད་ནས་སོང་བར། བྲག་དམར་ཟེང་ངེ་ཞིག་གི་
- རྩར་ཐོན་དུས་རྐང་ཐོས་བརྒྱབ་པ་ན་བྲག་གི་སྒོ་ཕྱེ།
- དེའི་ནང་དུ་བྱ་གོ་བོ་ལྟ་བུ་ཞིག་གིས་འགྲེས་ལྡོག་བརྒྱབ་རྗེས་
- བདུད་རྒན་ཁ་སྤུ་དམར་ཤུག་སེ་ཅན་ཞིག་དང་ཁ་ཐུག་གི་ཡོད་འདུག
- ཡུམ་དེ་དང་འགྲོགས་བཞིན་ཡོད། དེས་མོ་ལ་ནམ་ཡོང་རྒྱུ་ཡིན།
- ཁྱོད་ཀྱི་ཁྱོ་ག་ཐུབ་ཡོད་དམ་སོགས་ཟེར།
- སྨན་ལ་དུག་རྐྱང་བ་སྡུད་བཞིན་ཡོད་འདུག
- དེ་ལྟར་ཁོས་ཞག་མ་གཉིས་གསུམ་ལ་བལྟས། དགུང་མོ་ཞིག་ལ་
- བདུད་རྒན་གྱིས་ཁ་སྤུ་གསུམ་བྲེག་སྟེ་འདི་སྨན་ཡིན་ཞེས་ལུད་དང་འདིས་ཐུབ།
- འདི་ལུད་དང་ཁོ་མགྱོགས་པོར་གསོད་ཐུབ་ཟེར།
- ཁོས་མི་རིག་ཞྭ་མོ་གོན་ནས་སྔོན་ལ་ཐོན་ཏེ་ཕུ་བོར་དེ་ནས་ཁྱོས་སྨན་གྱི་ནང་ན་
- སྤུ་གསུམ་ཡོད་པ་མཛུབ་མོའི་ཞབས་ལ་ནོན་ནས་མཆོད་མེར་སྲོག་ཞེས་ཟེར།
- ཕུ་བོས་ཁོས་བཤད་པ་ནང་ལྟར་བྱས་དུས་ཁོས་ནད་ཇེ་དྭངས་ཇེ་དྭངས་ལ་གྱུར།
- ངའི་ཡང་ཞིབ་མོ་ཞིབ་མོ་ཞིག་མི་ཤེས་མོད།
- ཇེ་དྭངས་ཇེ་དྭངས་བྱས་ཡོད་དུས་དེའི་དགུང་མོར་བདུན་རྒན་གྱིས་ཡུམ་ལ་
- ཅི་འདྲ་རེད་ཐུབ་བམ་དྲིས་པར། ཡུམ་གྱིས་མི་ཤེས། ཁ་མ་ཁེར་བུ་རེད།
- ཡ་མཚན། འགྲུལ་བ་ཞིག་ཕྱི་དྲོ་ཐོན་མོད་ཁྱིམ་དུ་མ་ཡོང་ཟེར།
- དེའི་ཕྱིར་ཉིན་ཡང་སྨན་ཞིག་ཁྱེར་ཡོང་ནས་འཐུང་།
- སེན་མོ་ཞིག་ཡིན་ནམ་ཅི་ཞིག་ཡིན་མ་ཤེས་མོད་ཡང་བདུད་རྒན་གྱི་
- ཅིག་ཁྱེར་ཡོང་སྟེ་ཉི་མ་གསུམ་ཕོར་བླུད་མོད་ཅི་ཡང་མ་ཐུབ།
- དེའི་དགུང་མོར་འགྲོ་རྒྱུ་ཐག་བཅད་དེ་ཡུམ་དེ་བདུད་རྒན་ལ་
- མནའ་མར་འགྲོ་རྒྱུ་གཏན་ཁེལ་བྱས་ཡོད་དུས།
- ཡང་ཁོས་འདྲེ་ཁ་ཆེ་གདུང་ནག་གི་ལྤགས་པ་གོན་ནས་བཀག་པས་འགྲོ་མ་ཐུབ།
- མདོར་ན་སྔོན་དང་ཨ་ན་མ་ན་བྱས་ཏེ་བུ་འབྲིང་བ་དེ་ཡང་བདེ་ཞིང་ལྡན་པར་
- བྱས་ནས་ལྕག་ལོ་བསམ་པའི་དོན་འགྲུབ་སར་གཞུས་ཏེ་ཡུལ་ལ་སོང་ངོ།།