02 Apr 2019
5 min 2 sec
Video Overview
Creators:
Tibetan and Himalayan Library
A tale warning about the perils of ignoring good advice.
སྔོན་བརྡའམ་ཁ་ཏ་བསླབ་བྱར་ཉན་དགོས་པའི་སྐོར་གྱི་གནའ་གཏམ།
བརྙན་འདིར་གནའ་གཏམ་གཟུགས་མཛེས་གྲལ་འབྲས་སྒྲོན་ཞེས་པ་བཤད་ཡོད། གནའ་གཏམ་འདིར་གཟུགས་མཛེས་གྲལ་འབྲས་སྒྲོན་གྱིས་བླ་མའི་ཁར་མ་ཉན་པར་ཆུ་ཁར་སོང་ནས་སྐྲ་བཀྲུས་པར་རྒྱལ་པོས་བཙུན་མོར་བྱེད་པར་ཁྲིད་མོད། དེར་གཡོག་མོ་བདུད་མོ་ཞིག་ཡོད་པས་མོ་ལ་གནོད་པ་མང་དུ་བྱས་པ་བརྗོད་ཡོད།
关于忽视好建议的危险的故事。
这段视频介绍 《美女扎珠卓》的民间故事。 故事主要内容是 - 美女扎珠卓没有听从喇嘛的建议,她在河里洗了头发之后, 被带去了嫁给国王。在国官她收到魔女仆人的伤害。
- གཟུགས་མཛེས་གྲལ་འབྲས་སྒྲོན་བཤད་ཀྱང་ཆོག
- གཟུགས་མཛེས་གྲལ་འབྲས་སྒྲོན་གྱིས་བླ་མ་
- ཚེ་འཚམས་པ་ཞིག་ལ་ཚེ་གཡོག་བྱས་ནས་བསྡད།
- བུ་མོ་ཆེ་ཡོང་རྗེས་ཉིན་ཞིག་ལ་མོས་སྐྲ་བཀྲུས།
- བླ་མས་མོ་ལ་ཆུ་ནང་དུ་སྐྲ་མ་བཀྲུ་ཞེས་བཤད་མོད་
- མོ་ཆུ་ཁར་སོང་ནས་སྐྲ་བཀྲུས་པར།
- མོ་རང་རིགས་རུས་བཟང་བོ་ཞིག་ཡིན་པས་སྐྲ་ཉག་ཞིག་
- ཆུས་ཁྱེར་བ་གསེར་སྐྱ་མ་ཞིག་ཏུ་གྱུར།
- ལུང་མདོ་ན་སྡེ་བ་ཞིག་ཡོད་པར་
- བྱིས་པ་ཚོ་ཆུ་ཁར་རྩེད་མོར་རོལ་སྐབས་རྙེད།
- བྱིས་པ་ཚོས་རྒྱལ་པོར་བསྟན་པར་
- རྒྱལ་པོས་ལུང་མགོར་ལྟོས་དང་དེ་ན་ཧ་ཅང་
- ལེགས་པོ་ཞིག་ཡོད་པ་འདྲ་ཟེར།
- ལུང་མགོར་ཐོན་ཏེ་ལྟས་པ་ན་བླ་མར་ཚེ་གཡོག་
- བྱེད་མཁན་ཞིག་ཡོད་པ་དེས་སྐྲ་ཆུ་ནང་དུ་བཀྲུས་པས་
- རྒྱལ་པོའི་བཙུན་མོར་འགྲོ་དགོས་ཞེས་བླ་མར་འཛང་།
- མོར་རང་ཡང་འགྲོ་རྒྱུར་མི་འཐད་ལ་བླ་མས་ཀྱང་
- མི་བྱིན་ཞེས་པར་རྒྱལ་པོ་ཚང་གིས་
- དེར་མ་ཉན་པར་བསུས་ནས་སོང་།
- མོས་འགྲོ་ཞོར་ལ་ཕྱིར་ལྟ་ཞིག་བྱས་དུས་
- བླ་མ་དེ་སྡོང་བོ་ཞིག་གི་རྩར་བཞུགས།
- ཡང་གཅིག་བལྟས་པར་སྡོང་བོ་དེའི་རྩེ་ལ་བཞུགས།
- ལྷ་ཕྲུག་ཀླུ་ཕྲུག་ཚང་མ་རྩེ་བཞིན་སོང་བས་
- དེ་ལས་ཕྱིར་ལྟས་བྱེད་ཀྱང་མ་ཐུབ།
- རྒྱལ་པོ་ཚང་ལ་ཐོན་ཏེ་དེར་བསྡད་དུས་
- དེ་ན་གཡོག་མོ་འདྲེ་གནས་ས་ཞིག་ཡོད།
- རྒྱལ་མོ་ཚང་མས་ཕན་ཚུན་ཕྲག་དོག་བྱས་ཏེ་མ་དགའ།
- བུ་མོར་བླ་མས་ཤེར་ཕྲེང་བྱིན་ཡོད་པ་སྐེ་ལ་བཏགས་
- ཏེ་གཏན་ནས་མ་ཕུད་ཞེས་བཤད།
- མོས་ཤེར་ཕྲེང་དེ་སྐེ་ལ་བཏགས་ཏེ་གཏན་ནས་མ་ཕུད།
- ཉིན་ཞིག་འདྲེ་མོས་གཟུགས་མཛེས་གྲལ་འབྲས་སྒྲོན་ལ་
- ང་རྒྱལ་ཆེ་ཟེར་བར་གཞན་དག་གིས་ཅི་ཡིན་དྲིས་པར།
- མོས་མི་གཞན་གྱི་ལྕི་བ་འཕེན་སྐབས་
- ཤེར་ཕྲེང་ཕུད་ནས་འཕེན་སྲིད་མོད།
- གཟུགས་མཛེས་གྲལ་འབྲས་སྒྲོན་གྱིས་ཤེར་ཕྲེང་གྱོན་ཏེ་
- ལྕི་བ་འཕེན་པས་ང་རྒྱལ་ཆེ་བ་ལ་ཟེར།
- མ་གཞི་ཤེར་ཕྲེང་ཕུད་ན་འདྲེ་མོས་གདུག་རྩུབ་
- ཐུབ་པ་ལས་མ་ཕུད་ན་གནོད་མི་ཐུབ་པས་ཡིན།
- བཙུན་མོ་ཆེ་བར་མངལ་སྦྲུམ་མ་ཐུབ་མོད་
- གཟུགས་མཛེས་གྲལ་འབྲས་སྒྲོན་ལ་བུ་ཞིག་སྐྱེས།
- བུ་ཡོད་རུང་མོས་ལྕི་བ་འཕེན་སྐབས་ཤེར་ཕྲེང་གྱོན།
- གཡོག་མོས་དེར་ང་རྒྱལ་ཆེ་བ་ལ་ཤེར་ཕྲེང་གྱོན་ནས་
- ལྕི་བ་འཕེན་བཞིན་འདུག་ཟེར་བར།
- ཤེར་ཕྲེང་ཕུད་དེ་དབྱུག་པའི་མགོར་བཞག་པ་ན་
- འདྲེ་མོས་གནོད་བྱེད་ཐུབ།
- འདྲེ་མོས་གཟུགས་མཛེས་གྲལ་འབྲས་སྒྲོན་གྱི་བུ་བསད་དེ་
- ཤ་ཁྲག་སྤར་གང་བཟུང་ནས་སྒོ་རུ་བསྡད་པར།
- གཟུགས་མཛེས་གྲལ་འབྲས་སྒྲོན་ཐོན་པ་ན་
- དེའི་ཁ་ལ་བརྒྱབ་སྟེ།
- རྒྱལ་པོ་ལགས། གཟུགས་མཛེས་གྲལ་འབྲས་སྒྲོན་གྱིས་
- རང་གི་བུ་བསད་དེ་ཤ་ཟ་བཞིན་འདུག་ཟེར་བར།
- རྒྱལ་པོའི་བདེན་པར་བཟུང་ནས་བུ་ཕངས་བས་
- གཟུགས་མཛེས་གྲལ་འབྲལ་སྒྲོན་ཕུད།
- ནེ་ཙོ་ཞིག་ཡོད་པས་རྒྱལ་པོ་ཚང་གདན་ལ་བཞུགས།
- གདན་ལ་བཞུགས་ཟེར་མོད་མ་ཁོག་པར་ཕུད།
- ཉིན་ཞིག་ནེ་ཙོས་བླ་མ་གདན་འདྲེན་བྱས་ཏེ་
- ཁྲི་བཞག་ནས་དེའི་རྒྱབ་ཏུ་རྒྱལ་པོ་སྡོད་དུ་བཅུག
- བླ་མས་འདྲེ་འདུལ་དུས་
- གཟུགས་མཛེས་གྲལ་འབྲས་སྒྲོན་སྤྲང་པོའི་གྲས་སུ་ཡོད།
- གསད་མཁན་གྱི་གཡོག་མོ་དེས་བླ་མར་
- མཐོལ་ལོ་བཤགས། ང་ལན་པ་ཡིན། ངས་བསད་པ་ཡིན་
- གཟུགས་མཛེས་གྲལ་འབྲས་སྒྲོན་མིན། མཐོལ་ལོ་བཤགས།
- ཞེས་པར་རྒྱལ་པོ་ཁྲོས་ཏེ་འདྲེ་མོ་བརྡུང་པ་ན།
- གཟུགས་མཛེས་གྲལ་འབྲས་སྒྲོན་ལ་
- དགོད་རྒྱུ་བྱུང་བར་ཁ་ནང་དུ་གསེར་སོ་ཞིག་ཡོད་པས་
- རྒྱལ་པོས་མོ་མཐོང་བས་ཡར་ཁྲིད་ཤོག་ཟེར།
- མོ་ཡར་ཁྲིད་ནས་རྒྱལ་པོ་དང་མཉམ་དུ་བསྡད།
- གཡོག་མོ་དེ་འདྲེ་གནས་པས་
- གཟུགས་མཛེས་གྲལ་འབྲས་སྒྲོན་ལ་གནོད་བྱས་པ་རེད།