02 Apr 2019
3 min 59 sec
Video Overview
Creators:
Tibetan and Himalayan Library
An improvised song of auspiciousness, which is widely known to Zangkar area in Amdo region.
The song lyrics in this video include the following:
Sky is full of Buddhas
Space is full of religions
Earth is full of monks
Yet Lama is the united representation of all the above.
མདོ་སྨད་ཁྱུང་མཆུའི་ཟངས་དཀར་ཡུལ་གྱི་འབྲོག་པའི་ས་ཆར་དར་ཁྱབ་ཡོད་པའི་སྲོལ་རྒྱུན་དམངས་གླུའི་སྐོར་ལས་ཁ་གཡང་བརྗོད་པའི་གླུ་ཞེས་པའི་བསྒྲིགས་གླུ།
བརྙན་འདིའི་གླུ་ཚིག་གི་ཆ་ཤས་ནི་འདི་ལྟར་ཏེ།
སངས་རྒྱས་ནམ་མཁའ་གང་བོར་གསོལ་བ་འདེབས། ཆོས་བར་སྣང་གང་བོར་གསོལ་བ་འདེབས། དགེ་འདུན་པའི་ས་གཞི་གང་བོར་གསོལ་བ་འདེབས། སངས་རྒྱས་ཐམས་ཅད་འདུས་པའི་རྡོ་རྗེ་འཛིན་པའི་ངོ་བོ་ཉིད།
在安多邛溪壤噶地区广为流传的传统藏族牧民自编歌:祝福歌
视频中的歌词一部分以如下:
天空充满了佛陀
空间充满了宗教
地球充满了僧侣
然而,喇嘛是上它们的统一体。
- སངས་རྒྱས་ནམ་མཁའ་གང་བོར་གསོལ་བ་འདེབས།
- ཆོས་བར་སྣང་གང་བོར་གསོལ་བ་འདེབས།
- དགེ་འདུན་པའི་ས་གཞི་གང་བོར་གསོལ་བ་འདེབས།
- སངས་རྒྱས་ཐམས་ཅད་འདུས་པའི་རྡོ་རྗེ་འཛིན་པའི་ངོ་བོ་ཉིད།
- དཀོན་མཆོག་གསུམ་གྱི་རྩ་བ་དེར་
- བླ་མ་རྣམས་ལ་གསོལ་བ་བཏབས་པ་ཡིན།
- རྒྱལ་བ་རིན་པོ་ཆེ་སྐུ་རབས་བཅུ་བཞི་བར་དུ་
- གསོལ་བ་འཏབས་པ་ཡིན།
- པཎ་ཆེན་རིན་པོ་ཆེ་སྐུ་རབས་
- བཅུ་གཅིག་བར་དུ་གསོལ་བ་འདེབས།
- རྗེ་ཀརྨ་པ་སྐུ་རབས་བཅུ་བདུན་བར་དུ་
- གསོལ་བ་བཏབས་པ་ཡིན།
- རྒྱལ་པ་པཎ་ཆེན།རྗེ་ཀརྨ་པ་
- སྐྱེ་ཆེན་དག་གིས་མི་རབས་མི་རྒྱུད་ཀྱི་
- བརྟེན་བརྟེན་སྒྲུབ་སྒྲུབ།
- ལྷ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་
- སྲུང་མར་གསོལ་བ་བཏབས་པ་ཡིན།
- སྟོད་དབུས་གཙང་རུ་བཞི།
- སྨད་མདོ་ཁམས་སྒང་དྲུག
- ས་གཤིས་ཐོག་གི་མཆོད་པ།
- མཆོད་ཀོང་ནང་གི་སྡོང་སེ་མ་ཐུབ་རུང་།
- ཁ་བ་ཅན་ལ་ཁ་གཡང་ཞིག་བརྗོད་དགོས་པར།
- ཉིས་སྟོང་བཅོ་ལྔ། བཅུ་དྲུག བཅུ་བདུན།
- བཅོ་བརྒྱད་ཀྱི་ལོར་འཛམ་བུ་གླིང་ལ་འཐབ་རྩོད་
- འཁྲུག་ལོང་མེད་པར་འཛམ་གླིང་ཞི་བདེ་ཡོང་བའི་ཆེད་དུ་
- ཉི་ཟླ་སྐར་གསུམ་འཛོམས་ཏེ་ས་ཆུ་མེ་རླུང་འབྱུང་བཞིའི་
- གནོད་པ་སེལ་ནས་སྐལ་བ་འབྲུག་གི་ལོར་ཆོས་སྒྲ་
- འབྲུག་སྒྲ་གྲགས་གྲགས་བྱེད་པའི་སྨོན་འདུན་ཞུ།
- ལྟ་སྡེ་ཆོས་སྡེ་གཡང་སྡེ། འཛམ་གླིང་ཞི་བདེ་ཡོང་བའི་
- ཆེད་དུ་རང་སེམས་རང་གིས་མནན་ཏེ་རྩ་བ་ཆོས་རེད།
- ཆོས་ཀྱི་རྩ་བ་ལས་རྒྱུ་འབྲས་རེད།
- ལས་རྒྱུ་འབྲས་སྲུང་རྒྱུ་ལག་ཆེན་དོན་ཆེན་རེད།
- རང་རོགས་ཀུན་པོའི་མགོན་རེད།
- ཚེ་འདི་ཕྱི་གཉིས་ཀའི་སྐྱབས་རེད།
- རྒྱ་ཆེའི་མང་ཚོགས་རྣམས་ལ་རང་གི་
- ཁ་སེམས་མཚུངས་པའི་གླུ་ཞིག་བསྒྲིགས་ནི་ཡིན།
- ཁྱེད་རྣམས་པའི་སྙན་ལམ་དུ་གླུ་ཞིག་ལེན་རྒྱུ་ཡིན།
- གླུ་འདིའི་གླུ་མིང་ལ་ཚེ་འདི་ཕྱིའི་ལམ་གསལ་སྒྲོན་མེ་ཟེར།
- དགོན་ཆེ་ཆུང་དར་རྒྱས་ཆོས་བསོད་ཅན།
- ལྷ་ཤཱཀྱ་ཐུབ་པའི་ཕྱིན་རླབས་རེད།
- བོད་གངས་ཅན་བསོད་ནམས་ཆེ་རྒྱུ་འདི།
- ལྷ་དཀོན་མཚོག་གསུམ་གྱི་བཀའ་དྲིན་རེད།
- མི་ཐོག་ལ་ན་ཚ་མེད་རྒྱུ་འདི།
- ལྷ་ཨོ་རྒྱན་པདྨའི་ཐུགས་རྗེ་རེད།
- དགེ་བཤེས་མཁས་པ་འགྲིག་སྲུང་ཡོད་པ་འདི།
- བློ་བཟང་གྲགས་པའི་གསུང་འབུམ་
- བརྩོན་འགྲུས་ཤེས་རབ་རེད།
- སངས་རྒྱས་ཀྱི་བསྟན་དོན།
- སེམས་ཅན་གྱི་འགྲོ་དོན།
- བསྟན་པའི་སྲོག་ཤིང་།
- རྒྱལ་དབང་བསྟན་འཛིན་རྒྱ་མཚོ།
- འཛམ་བུ་གླིང་ལ་ཞི་བདེ་ཡོང་བའི་ཆེད་དུ་
- དཀའ་སྤྱད་འབད་བརྩོན་བྱས་ཏེ།
- ཉིན་མཚན་དུས་དྲུག་མེད་པར།
- ཟླ་ཁར་ཟླ་བཞག ལོ་ཁར་ལོ་བཞག་སྟེ་
- དཀའ་ངལ་འཁྱག་ལྟོག་བཟོད་ནས་སྐུ་རབས་
- བཅུ་བཞི་པ་རྒྱལ་དབང་བསྟན་འཛིན་རྒྱ་མཚོ།
- བཀའ་དྲིན་སྐུ་དྲིན་ཚེ་རབས་ནས་ཚེ་རབས་ལ་བརྗེད་ཐབས་མེད།
- ཕྱུགས་ཐོག་གྱོང་ཁ་མེད་རྒྱུར་ཛམ་པ་ལ་ཡིས་དངོས་གྲུབ།
- རྒྱུ་ནོར་ཕུན་སུམ་ལྡན་རྒྱུར་དེང་སང་སྲིད་ཇུས་ཡག་གི་འབྲས་བུ།
- དྲིན་ཕ་མ་མཚོ་མོ་ཡར་འཁྱིལ།
- བན་སེར་མོ་མཚོ་ནང་ནོར་བུ།
- སྟག་ཤར་ལོ་མཚོ་ཁའི་ངང་བ།
- མ་བུ་མོ་སྤང་ལྗོང་མེ་ཏོག
- དེ་ཀུན་འཛོམས་བསོད་ནམས་དང་པོ།
- དུས་རྒྱུན་དུ་རྒྱུ་འབྲས་སེམས་ལ་ཟུངས།
- ཤི་བའི་དུས་ལ་ཐོན་དུས་ལྷ་འོད་དཔག་མེད་ལ་
- གསོལ་བ་འདེབས།
- ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེ་བར་ཤོག
- ནག་ལེབ་སེ་བར་དོ་འཁྱམས་ཉིན།
- སྐྱ་ཤར་སེ་སྐྱབས་པ་ལམ་སྟོན་མཛད་པར་སྙིང་ནས་
- གསོལ་བ་རྩེ་གཅིག་ཏུ་ཐོབས་དང་།
- སངས་རྒྱས་ཀྱི་བསྟན་དོན།
- སེམས་ཅན་གྱི་འགྲོ་དོན། བསྟན་པའི་སྲོག་ཤིང་།
- སྐྱེ་ཆེན་རྒྱ་དབང་བསྟན་འཛིན་རྒྱ་མཚོར་
- བླུ་མེད་དཀོན་མཆོག་གསུམ་རེད།
- བར་སྣང་སྨན་བླ་བདུད་རྩིས་གང་བར་ཤོག
- བར་བཞིའི་བྱ་བྱེའུ་འབའ་འབུ་ཡོད་དོ་གསོ་བར་ཤོག
- ས་གཞིའི་རྩི་ཤིང་ནགས་ཚལ་རྒྱས་པར་ཤོག
- ཡང་ནས་ཡང་དུ་བར་ཆད་མེད་པར་ཤོག
- སྒང་བ་བོད་ཀྱི་ས་ཆར་བྱས་རྗེས་འཇོག་མཁན།
- འཛམ་གླིང་གེ་སར་རྒྱལ་པོ་རེད།
- བཙན་པོའི་མགོ་གནོན་མཁན་
- གཉོམ་ཆུང་གི་འདབས་ནས་སྐྱོར་མཁན།
- དྲིན་ཆེན་གྱི་ཕ་མ་ལྟ་བུ།
- འཛམ་གླིང་གི་ཉི་མ་ལྟ་བུ།
- འཛམ་གླིང་གེ་སར་རྒྱལ་པོར་སྙིང་ནས་གསོལ་བ་འདེབས།
- ལྷ་གསོན་པོ། ཐུགས་དྲོན་པོ།
- ལྷ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རེད།
- དུས་རྒྱུན་དུ་ཡང་ནས་ཡང་དུ། སྔ་དང་མགྱོགས་ཀྱི།
- ཐུང་དང་མྱུར་གྱི་ཉི་ཟླ་སྐར་གསུམ་འཛོམས་རྒྱུའི་སྨོན་འདུན་ཞུ།