Video Overview
In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.
- Ngari
- Lhasa
- Samyé Gön
- Tsang
- Nyetang
- Drak Yerpa
- Lenpa
- Ü
- Nyangdren
- Toding
- India
- Yarlung
- ནོར་བྲང་ཨོ་རྒྱན།ད་དེ་ནས་འོང་། ད་ལྟ་གོང་དུ་ཞུས་པ་རེད། འོང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྙན་གྲགས་དེ་གས་དེ་ནི་ཨ་ནི། བྱང་ཆུབ་འོད་ཀྱིས་ཐུགས་ལ་གསན་ནས་དེ་ནི་བོད་ལ་གདན་འདྲེན་ཞུ་ཡས་ཀྱི་ཐོག་ནས་དེ་ནི་དེ་འདྲས་བྱུང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནས་སྲིད་པའི་ཕུན་ཚོགས་གང་གིས་ཀྱང་ཐུགས་མཆོག་ནམ་ཡང་མི་གཡོ་བའི་སྙིང་སྟོབས་ཕུལ་དུ་བྱུང་བ། ད་འཇིག་རྟེན་གྱི་རྦད་དེ་འཇིག་རྟེན་གྱིས་ཕུན་སུམ་ཚོགས་པ་གང་གིས་ཀྱང་དེ་ནི་ཐུགས་གཡོ་བ་མེད་པ་རེད་པ།
- ནོར་བྲང་ཨོ་རྒྱན།འཇིག་རྟེན་གྱི་བྱ་བ་ལ་རྦད་དེ་གང་ཟེར་དགོས་རེད་པས། ཐུགས་སེམས་རྩེ་གཅིག་ཏུ་གཏད་པ་གང་ཟེར་དགོས་རེད་པས། ཐུགས་སེམས་དཔེར་ན། ཞེན་པ་མེད་པ་་དེ་འདྲས་ཀྱི་སྙིང་སྟོབས་ཕུལ་དུ་བྱུང་བ་རྒྱལ་བའི་སྲས་ཀྱི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་སྤྱོད་པ།
- ནོར་བྲང་ཨོ་རྒྱན།རྒྱལ་བའི་སྲས་ཀྱི་སྤྱོད་པ་ད་ཨེ་ནི་གཞན་དོན་ཕུན་སུམ་ཚོགས་པའི་རྒྱལ་བའི་རྒྱལ་བའི་སྲས་ཀྱི་སྤྱོད་པ། རླབས་པོ་ཆེའི་འོང་། བསྐྲུན་པ་ལ་བག་ཚ་བ་མི་མངའ་ཞིང་། རྒྱལ་བའི་རླབས་པོ་ཆེ་བསྐྲུན་པ་ལ་དེ་ནི་སོ་སོས་རྦད་དེ་བག་ཚ་བ། བག་ཚ་བ་མི་མངའ་ཞིང་། རྣམ་པར་དག་པའི་རྒྱལ་ཁྲིམས་ཡན་ལག་བརྒྱད་དང་ལྡན་པའི་དལ་འགྲོའི་ཀླུང་རྒྱུན་འཛད་པ་མེད་པར་འཇོ་བ་དང་འདྲ་བ་གང་གིས་ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་འདྲས་དེ་ནི་རྣམ་པར་དག་པའི་རྒྱལ་ཁྲིམས་ཡན་ལག་བརྒྱད་དང་ལྡན་པའི་ཆུ་བོ་ཡན་ལག་བརྒྱད་དང་ལྡན་པའི་དེ་ནི་དལ་འགྲོའི་རླུང་། དལ་འགྲོའི་རླུང་ཟེར་ཡས་དེ་ཆུ་རེད་པ།
- ནོར་བྲང་ཨོ་རྒྱན།རྒྱུན་ཆད་པ་མེད་པར་འཇོ་བ་དང་འདྲ་བ་དག་གིས། རྒྱལབའི་བསྟན་པ་མཁའ་ལྡིང་རྒྱལ་མཚན་ཅན་གྱི་བགྲོད་བྱེད་ལས་སྲི་ཞུའི་དཀའ་ཐུབ་ཀྱི་བརྟུལ་ཞུགས་ཡང་དག་པར་བསྐྱངས་པ། བསྐྱངས་པར་བཟུང་བ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དེ་ནི་རིག་པའི་གནས་ཀྱི་ཡ་ལད་བཙན་པོ་གྱོན་ཞིང་། རིག་པའི་གནས་ཀྱི་དེ་ནི་ཡ་ལད་བཙན་པོ་གྱོན། ཡ་ལད་བཙན་པོ་ཟེར་ན།
- ནོར་བྲང་ཨོ་རྒྱན།བྱས་ནས་ད་སོ་སོའི་མི། ལུས་ལ་གོ་ཆ་གྱོན་ཡས་དེ་འདྲས་རེད་པ། ཡ་ལད་བཙན་པོ་གྱོན་ཅིང་། མཛངས་པའི་ཡོན་ཏན་གྱི་དུ་ཀུ་ལའི་བ་དན་ཨོའོ་དེ་ནི་མཛངས་པའི་དེ་ནི་ཕུན་སུམ་ཚོགས་པའི་མཛངས་པའི་ཡོན་ཏན་གྱི་དེ་ནི་དུ་ཀུ་ལའི་གོས་བཟང་གྱོན་པ། དུ་ཀཱ་ལའི་ཟེར་ན། རས་རེད་པཱ། དུ་ཀུ་ལའི་བ་དན་དཀར་པོ་སྲིད་པའི་རྩེ་མོར་གཡོ་བའི་པཎ་གྲུབ་དམ་པ་ད་དེ་ནི་སྲིད་པའི་རྩེ་མོར་གཡོ་བའི་རྒྱལ་མཚན་ལྟ་བུར་གཡོ་བའི་དེ་ནི་པཎ་གྲུབ་དམ་པ་རྒྱ་གར་གྱི་དེ་ནི་པཎ་ཆེན།
- ནོར་བྲང་ཨོ་རྒྱན།པཎ་ཆེན་དམ་པ་དཱི་པ་ཀ་ར་ཤྲཱི་ཛྙཱ་ནའམ་ཟེར། ད་རྒྱ་གར་སྐད་ལ་བྱས་ན་ཤྲཱི་ཛྙཱ་ན་ཟེར་གྱི་ཡོའོ་རེད། ད་བོད་ཀྱི་སྐད་ལ་བྱས་ན། དཔལ་མར་མེ་མཛད་ཞེས་བྱ་བ་ཁོང་ཡིན་ན་དེ་ནི་སྐུ་ལྟམས་ཡས་དེ་ཡིན་ན་ཆུ་རྟ་སྤྱི་ལོ་༩༨༢ལོར་སྐུ་བལྟམས་པ་དང་། ཨེ་རབ་བྱུང་དང་པོའི་ཆུ་རྟ་སྤྱི་ལོ་༡༠༤༢ལོར་བོད་དུ་ཕེབས།
- ནོར་བྲང་ཨོ་རྒྱན།དེ་ནས་ཆུ་རྟ་སྤྱི་ལོ་༡༠༥༤ལོར་དེ་ནི་བོད་ལ་སྐུ་བཤགས་༼གཤེགས་༽པ་དེ་འདྲས་རེད། ཟེར།
- ནོར་བྲང་ཨོ་རྒྱན།ཁོང་གི་མཛད་པའི་མདོར་བསྡུས་འདྲ་པོ་ཞུས་ན་དེ་འདྲས་རེད་ཟེར། བྱས་ནས་གཅིག་རེ་གཉིག་རེ་ཁོང་གིས་ཟེར། ཡེ་ཤེས་མཛད་ཀྱི་སྙན་གྲགས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དེ་ནི་སྙན་དུ་སོན་པ་ལ་བརྟེན་ནས་ཐོག་མར་དེ་ནི་གང་ཟེར་དགོས་རེད།
- ནོར་བྲང་ཨོ་རྒྱན།ཐོག་མ་དེ་ནི་རྦད་དེ་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེ་ཟེར་ན་རྒྱ་བཙོན་སེང་ཟེར་ན་རྒྱ་བཙོན་འགྲུས་བཟང་པོ་སེང་གེ་རྒྱ་བཙོན་འགྲུས་སེང་གེ་ཟེར་ཡས་དེ་འཁོར་དང་བཅས་པ་དེ་ནི་གསེར་ལིང་བ་གཅིག་ལ་ཤིང་སྲང་བཅུ་དྲུག་ཡོད་པ་གཅིག་བྱས་ནས་ཁོང་འོང་། རྒྱ་བཙོན་འགྲུས་སེང་གེ་འཁོར་དང་བཅས་པ་ཁོང་ལ་ཡིན་ནའི་རྦད་ཞབས་ཕྱི་བཅས་པ་དེ་གས་དེ་ལ་གསེར་ལིང་བ་བྱས་ན་རྡོག་རྡོག་གཅིག་ལ་གསེར་སྲང་བཅུ་དྲུག་ཡོད་པ་གཅིག སྤྱན་དྲངས་པས། ཕྱག་རྟེན་མང་དུ་བསྐུར་ཏེ་ཇོ་བོ་རྗེ་རྒྱ་གར་ལ་གདན་འདྲེན་ཞུ་ཡས་ལ་རྒྱ་གར་ལ་ཕར་བཏང་གནང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།འོང་། འདིའི་ཁ་གཏུག་ལ་དེ་ནི་ཇོ་བོ་རྗེ་ཞལ་ནས་དེ་ནི་གང་གསུངས་བ་རེད་བྱས་ན། དེ་ནི་ང་བོད་ལ་འགྲོ་བ་ལ་རྒྱུ་མཚན་གཉིས་ཡོད། ཟེར།
- ནོར་བྲང་ཨོ་རྒྱན།གང་རེད་ཟེར་ན། གཅིག་གང་རེད་ཟེར་ན། ཡང་གསེར་འདོད་ནས་འགྲོ་བ་ཡིན་ཟེར། ད་དཔེར་ན་བོད་ལ་འགྲོ་ཡས་ཐོག་ལ་ཆ་བཞག་ན་སྤྱིར་བཏང་བྱས་ན་རྒྱུ་མཚན་གཉིས་ཀྱི་ཐོག་ནས། འགྲོ་གི་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཡང་ན་གསེར་འདོད་ནས་འགྲོ་བ་དེ་འདྲས་ཡིན་ཟེར། ང་ལ་ནི་གསེར་གྱི་དེ་འདྲས་དགོས་པ་གཅིག་ཡས་མེད་ཟེར།
- ནོར་བྲང་ཨོ་རྒྱན།ཡང་ན་བདག་པས་གཞན་གཅེས་ཀྱི་བསམ་པས་འགྲོ་བ་ཡིན་ཟེར། བདག་པས་རང་ཉིད་ལ་བདག་ལས་གཞན་གཅེས་པ་རེད་པ།
- ནོར་བྲང་ཨོ་རྒྱན།གཞན་དོན་ཁ་ར་རང་གཅེས་པའི་ཐོག་ནས་འགྲོ་བ་དེ་འདྲས་ཡིན་ཟེར། དེ་འདྲས་འགྲོ་བ་ཡིན་དུས་དེ་ཡང་ང་ལ་མེད་ཟེར། སྤྱིར་བཏང་བྱས་ན། ད་རྒྱ་གར་ནས་བོད་ལ་པཎྜི་ཏ་ཕེབས་ཡས་ཐོག་ལ་ཆ་བཞག་ན་དེ་ནི་རྒྱུ་མཚན་གཉིས་ཀྱི་ཐོག་ནས་འགྲོ་བ་ཡིན་ཟེར། གཅིག་ཡིན་ན། ཡང་མིན་ན་རང་ཉིད་ལ་གསེར་དགོས་ཡས་ཀྱི་ཆེད་དུ་ཕེབས་ཀྱི་ཡོའོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།གཅིག་བྱས་ན། དེ་ནི་རྦད་དེ་དེ་རེད་ཟེར། གང་ཟེར་བདག་པས་གཞན་གཅེས་ཀྱི་ཐོག་ནས་འགྲོ་གི་ཡོའོ་རེད་ཟེར། དེ་ཚོ་གཉིས་ཆ་ནི་ང་ལ་མེད་ཟེར།
- ནོར་བྲང་ཨོ་རྒྱན།བྱས་ཙང་ད་ང་མི་འགྲོ་གསུངས། འོང་་་། ང་ད་བོད་ལ་འགྲོ་གི་མིན་གསུངས་ཚར་ནས་གསེར་དེ་གས་དེ་དཔེར་ན་ཚུར་བླངས་བྱས། འབུལ་རྟེན་གསེར་དེ་གས་དེ་ཚུར་བླངས་གནང་བྱས་དེ་ནི། སྐབས་དེར་ལོ་ཙཱ་བ་འཁོར་ཕལ་ཆེར་ཟེར་ན་དེ་ནི་སྐབས་དེར་ལོ་ཙཱ་བ་དེ་ནི། རྒྱ་བཙོན་འགྲུས་སེང་གེ་དེ་ནི་དེ་ནས་འཁོར་ཕལ་ཆེར་ཡང་དེ་ནི་རྒྱ་གར་ལ་ཚད་པས་ཤི་ར་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།གསེར་སིལ་མ་རྣམས་ཀྱང་བརླགས་པས་ལོ་ཙཱ་བ་ཚུར་ལོག་དགོས་བྱུང་། ད་དེ་འདྲས་ཀྱི་རྦད་དེ་གསེར་ལྷག་མ་དེ་གས་དེ་ཡིན་ནའི་དཔེར་ན་བརླག་ནས་རེད་པ། ད་འགྲོ་སོང་ཐོག་ལ་བཏང་བྱས་རེད་པ། ལོ་ཙཱ་བ་བོད་ལ་ཕེབས་དགོས་ཡས་དེ་འདྲས་བྱུང་སོང་། ཟེར།
- ནོར་བྲང་ཨོ་རྒྱན།དེ་རྗེས་དེ་ཡང་ནག་ཚོ་ལོ་ཙཱ་བ། ནག་ཚོ་ལོ་ཙཱ་བ་ཞེས་བྱ་བ་གུང་ཐང་དུ་ནག་ཚོའི་རྒྱུད་ལས་འཁྲུངས་པ་དེ་ཉིད་ཆུང་ངུ་ནས། དེ་རྗེས་ནག་ཚོ་ལོ་ཙཱ་བ་རྒྱ་གར་ལ་མངགས་པ་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་ནག་ཚོ་ལོ་ཙཱ་བ་ཟེར་ཡས་དེ་གང་འདྲས་རེད་ཟེར་ན། དེ་ནི་ཁོང་ཡིན་ན་གཅིག་གི་གུང་ཐང་དུ་ནག་ཚོའི་རྒྱུད་ལས་ནག་ཚོ་ཟེར་ཡས་དེ་ལས་རྒྱུད་པ་དེ་ལ་་ནག་ཚོ་ཟེར་ཡས་དེ་ལས་འཁྲུངས་པའི་རྒྱུད་ཆུང་ངུ་ནས་རབ་ཏུ་བྱུང་བ། དགུང་ལོ་དགུང་ལོ་ཆུང་ངུ་ནས་དེ་ནི་རབ་ཏུ་བྱུང་དང་། རབ་ཏུ་བྱུང་བ་ཙམ་མ་ཟད་ཤིན་ཏུ་བཙུན་པ་འདུལ་བ་འཛིན་པ་འོང་འདུལ་བ་འཛིན་པ། དེ་ནི་ཆོས་ལ་ཤིན་ཏུ་བཙུན་པ་དེ་ནི་འདུལ་བ་འཛིན་པ་རྒྱ་གར་དུ་ཆོས་སློབ་པར་ཕྱིན་པ་སླར། རྒྱ་གར་དུ་ཆོས་སློབ་པ་རྒྱ་གར་དུ་ཆོས་སློབ་པར་ཕྱིན་པ། སླར་རང་ཉིད་དུ་འཁོར་བ་དེ་ཉིད་ཟེར་ན།
- ནོར་བྲང་ཨོ་རྒྱན།སྔར་ཡིན་ན་རྒྱ་བཙོན་འགྲུས་སེང་གེ་ནི་གང་ཟེར། ནག་ཚོ་ལོ་ཙཱ་བ་དེ་དེ་འདྲས་རྦད་དེ་ཆུང་ཆུང་དེ་ནས་དེ་ནི་རིག་པའི་གནས་ལ་ཤིན་ཏུ་སྦྱངས་པ་དང་། རབ་ཏུ་བྱུང་བ་ལ་བྱས་ནས་དེ་ནི་རྦད་དེ་འདུལ་བའི་གནས་ལ་ཤིན་ཏུ་འཛིན་པ་དེ་འདྲས་རྒྱ་གར་ལ་སྔོན་མ་ཆོས་སློབ་པ་ལ་ཕེབས་བྱས། སླར་་ཡང་ཆོས་སློབ་བྱས་སླར་ཡང་ཚུར་བོད་དུ་ཕེབས་པ་དེ།
- ནོར་བྲང་ཨོ་རྒྱན།དེ་ནི་ཇོ་བོ་རྗེའི་ཞབས་སེན་གྱིས་དེ་ཉིད་ཡིན་ན་ཇོ་བོ་རྗེའི་ཞབས་སེན་གྱི་པད་མོ་རྣམ་པར་པད་མོ་བོད་དུ་རྣམ་པར་བསྐྱོད་པའི་ཕོ་ཉར་མངགས་ཏེ་རིན་པོ་ཆེ་གསེར་གྱི་ཕྱག་རྟེན་སོགས་རྒྱ་ནོམ་པ་དངོས་པོ་དང་བཅས་པ་བརྫངས་པ་ལམ་དུ་ཉེས་པའི་སྐྱོན་དང་བྲལ་བ་རྒྱ་གར་དུ་ཕེབས་ནས་ཟེར་གི་ཡོའོ་རེད།
- ནོར་བྲང་ཨོ་རྒྱན།རྒྱ་གར་ལ་ཕེབས་ནས་དེ་ནི་རྒྱ་གར་དུ་བི་ཀ་མ་ལ་ཤི་ལར་ཕེབས་ནས་ཟེར། ད་དེ་ནས་ནག་ཚོ་ལོ་ཙཱ་བ་དེ་ཉིད་བྱས་ནས་སླར་ཡང་དེ་ནི་བྱང་ཆུབ་འོད་ཀྱི་རྦད་དེ་ནག་ཚོ་ལོ་ཙཱ་བ་ལ་བཀའ་གནང་བྱས་རྦད་དེ་སླར་ཡང་ཁྱེད་རང་གིས་རྒྱ་གར་ལ་ཕར་ཕེབས་རོགས་གནང་ཟེར། ཇོ་བོ་རྗེ་གདན་འདྲེན་ཞུ་ག་ཕེབས་རོགས་གནང་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་དེ་འདྲས་རྦད་དེ་གསེར་གྱི་ཕྱག་རྟེན་ལ་སོགས་པ་དེ་འདྲས་མང་པོ་བསྐུར་བྱས་དེ་ནི་རྒྱ་གར་ལ་ཕར་བཏང་གནང་བྱས་དེ་འདྲས་རེད། ཟེར།
- ནོར་བྲང་ཨོ་རྒྱན།བཏང་གནང་ནས་དེ་ནི་རྒྱ་གར་ལ་ཀ་མ་ལ། རྒྱ་གར་གི་བི་ཀ་མ་ལ་ཤི་ལ་ཟེར་ཡས་ཀྱི་དེ་ནི་གཙུག་ལག་ཁང་དུ་ཕེབས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཕེབས་དུས་ཙམ་པ་དེ་ནི་་དེ་རུ། གདོང་ལ་ཕེབས་པའི་རྒྱ་བརྩོན་འགྲུས་སེང་གེ་ཡིན་ནའི་དེ་རུ་བཞུགས་ཡོད་བྱས་དེ་འདྲས་རེད། བྱས་ཙང་དེ་ནི་རྒྱ་བརྩོན་འགྲུས་སེང་གེ་ལ་དེ་ནི་ད་ཇོ་བོ་རྗེ་མཇལ་ཡས་ཀྱི་དེ་ནི་གྲོགས་བྱེད་བྱེད་བྱས་ནས་དེ་འདྲས་ཞུས་པ་རེད། ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་ཞུས་ནས་དེ་ནི་རྒྱ་བཙོན་འགྲུས་སེང་གེ་དང་ནག་འཚོ་ལོ་ཙཱ་བ་གཉིས་ཀྱི་དེ་ནི་ཇོ་བོའི་སྤྱན་མངའ་ལ་དེ་ནི་དེ་ནས་ཕར་འཁྱེར་པའི། བྱང་ཆུབ་འོད་ཀྱིས་བསྐུར་པའི་གསེར་ལ་སོགས་པ་ཕྱག་རྟེན་དེ་གས་དེ་ཕུལ་ནས་དེ་ནི་སྔར་བོད་དུ་དེ་ནི་བསྟན་པ་ལ་འཕེལ་གྲིབ་དེ་ཚོ་སྔར་ཡིན་ན་བོད་ལ་བསྟན་པ། བསྟན་པ་སྔ་དར་གྱི་ཐོག་ལ་ཆ་བཞག་ན་དེ་འདྲས་ཀྱི་དཔེར་ན། རྒྱལ་བ་བསྟན་པ་དག་པ་དེ་འདྲས་ཡོའོ་རེད་དའི།
- ནོར་བྲང་ཨོ་རྒྱན།དེ་ཚོ་ནི་གཅིག་གིས་གླང་དར་མའི་བྱེད་པ་ལ་་བརྟེན་ནས་དེ་ནི་བསྟན་པ་ནུབ་བྱས་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེའི་མཇུག་གུ་ལ་ཆ་བཞག་ན་དེ་ནི། དེའི་མཇུག་གུ་ལ་ཆ་བཞག་ན་དེ་ནི་བྱེད་པོ་གང་ཟེར་འོང་་་་། བླ་ཆེན་པོ་ལ་སོགས་པོ་དེ་འདྲས་ནས་དེ་ནི་་འདུལ་བའི་བསྟན་པ་གཏན་ལ་ཕབ་པ་དེ་འདྲས་རེད་དའི། ཡིན་ནའི་ད་དེ་ཡང་བར་སྐབས་དེ་ལ་དེ་ནི་འཕེལ་གྲིབ་ཡིན་ན་བྱུང་ཚུལ་དང་། དེང་སང་བསྟན་པ་ཡང་། ཨེ་་་། འཕེལ་གྲིབ་ཡིན་ན་བྱུང་ཚུལ་དང་། དེང་སང་བསྟན་པ་ཡང་བསྟན་པ་དར་ཡང་།
- ནོར་བྲང་ཨོ་རྒྱན།སྡེ་སྣོད་ལག་ལེན་དུ་འདེབས་པར་དཀའ་ཞིང་། དེང་སང་ཡིན་ན་བསྟན་པ་ཡིན་ན་དར་ཡོའོ་རེད་དའི་ཡིན་ན་ཡང་། སྡེ་སྣོད་ནས་གཞུང་ནས་ཇི་ལྟར་བཤད་པ་དེ་ནང་ལྟར་དཔེར་ན་ལག་ལེན་འདེབས་མཁན་དེ་འདྲས་ཡིན་ན་དཀའ་པོ་འདུག་ཟེར།
- ནོར་བྲང་ཨོ་རྒྱན།དེ་དག་གི་ཚུལ་ལ་བླང་དོར་གྱི་གནས་སྟོན་པར་ཇོ་བོ་ཁྱོད་ལས་ལྷག་པ་ལྟ་བུའི་པཎྜི་ཏས་གཞན་ཐོགས་པར་དཀའ་བའི་ཚུལ་རྣམས་མི་ནུས། དེ་དག་གི་དེ་ནི་ཚུལ་ལ་ད་རྦད་དེ་སངས་རྒྱས་བསྟན་པ་ཨེ་ཡང་དག་པ་དག་ནི་དག་ཐེར་བྱེད་ཡས་དང་ད་ག་ནང་ལྟར་སངས་རྒྱས་བསྟན་པ་ཡང་དག་པ་ནི་ལག་ལེན་འདེབས་ཡས་ཐོག་ལ་ཡིན་ན་དེ་ནི་བླང་དོར་གྱི་བླང་དོར་གྱི་དེ་ནི་བླང་དོར་སྟོན་པའི་སྟོན་པ་ལ་ཆ་བཞག་ན་དེ་ནི་ཇོ་བོ་རྗེ་ཁྱེད་ལྟ་བུ་ལས་ལྷག་པའི་དེ་ནི་རྒྱ་གར་ནས་པཎྜི་ཏ་ཁྱོན་ལས་རང་ནི་མི་འདུག་ན།
- ནོར་བྲང་ཨོ་རྒྱན།དེ་ནི་ད་གང་ཡིན་གཅིག་མིན་གཅིག་དེ་ནི་བོད་ལ་ཞབས་སོར་འཁོད་པ་གཅིག་གནང་རོགས་གནང་ཟེར། རྒྱུ་མཚན་ཞིབ་ཏུ་ཤོད་དུས་ཙམ་པ་དེ་ནི་ནག་ཚོ་ལོ་ཙཱ་བ་ལ་ཇོ་བོས་ཁོས་བོས་བརྟགས་ཏེ་བོད་ལ་ཕན་ན་ཅིས་ཀྱང་འགྲོ། འོན་ཀྱང་བི་ཀ་མ་ཤི་ལའི་གནས་བརྟན་གྱིས་འོ་སྐོལ་བོད་ལ་གཏོང་དཀའ་བས། ཟེར།
- ནོར་བྲང་ཨོ་རྒྱན།རེ་ཞིག་ཁྱོད་ཀྱིས་ང་སྤྱན་འདྲེན་པ་སྐད་མི་ཟེར་བར་སློབ་གཉེར་བྱེད་པའི་ཚུལ་ལྟར་སྡོད་ཅེས་གསུང་པ་དང་ཟེར།
- ནོར་བྲང་ཨོ་རྒྱན།ད་ཡིན་ནའི་དེ་འདྲས་ཀྱིས་ཇོ་བོ་རྗེ་ལ་སྙན་གསེང་མང་པོ་གསུངས་དུས་ཙམ་པ། ད་ད་ག་རང་རེད། ད་དེ་འདྲས་ཡིན་ན་དེ་ནི་གནས་སྐབས་དེ་ལ་དེ་བྱེད་ཟེར། ད་ཡིན་ནའི་གནས་ཚུལ་དེའི་ཐོག་ལ་ང་ཚོས་བརྟག་དཔྱད་བྱས་ཡོང་ཟེར། བརྟག་དཔྱད་བྱས་ཡོང་། བརྟག་དཔྱད་བྱས་ཡོང་། བརྟག་དཔྱད་བྱས་ནས་དེ་ནི་རྗེས་མ་ཡིན་ན། བརྟག་དཔྱད་བྱས་ནས་གལ་ཏེ་དེ་ནི་བོད་ལ་ཕན་ཐོགས་པ་ལ་སོགས་པ་དེ་འདྲས་ཡིན་ན། ཨ་ནི་ངས་ངེས་པར་དུ་བོད་ལ་སླེབས་ཡོང་ཟེར།
- ནོར་བྲང་ཨོ་རྒྱན།ཡིན་ནའི་ད་རེ་ཞིག་དེ་ནི་ཁྱེད་རང་གིས་དེ་ནི་ང་རྦད་དེ་བོད་ལ་སྤྱན་འདྲེན་གྱི་བོད་ལ་གདན་འདྲེན་ཞུ་མཁན་ཡིན་མདོག་མདོག་གི་སྐད་ཆ་དེ་འདྲས་ཁྱོན་ནས་མ་བཤད་པ་བྱས་ནས། ཁྱེད་རང་ཕ་ནས་ཚུར་རྒྱ་གར་གྱི་རྒྱ་གར་ལ་གཙོ་བོ་སློབ་གཉེར་བྱེད་ག་ཡོང་མཁན་ཡིན་མདོག་མདོག་གིས། འདུག་བཟོ་སྡོད་ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་མ་སྡད་ན་དེ་ནི་སྐབས་དེ་དུས་དེ་ནི་གང་ཟེར་དགོས་རེད་པས། བི་ཀ་མ་ཤི་ལའི་གཙུག་ལག ཀ་མ་ལའི་གནས་བརྟན་ཡིན་ན། ཁྱོན་ནས་གཏོང་གི་ཡོའོ་མ་རེད་པ་བྱས་ཙང་། དེ་འདྲས་ཡིན་དུས་ཙམ་པ་ཨ་ལས་གནས་སྐབས་ཁྱེད་རང་གི་སློབ་གཉེར་གནང་མཁན་གཙོ་བོ་བྱས་ནས་སྡོད་ཟེར།
- ནོར་བྲང་ཨོ་རྒྱན།འོང་། སྡོད་ཅེས་གསུངས་པ་ལྟར་ན། བི་ཀ་མ་ལའི་གནས་བརྟན་རཏྣ་ཨཱ་ཀ་ར་ལ་གནས་ཀྱི་སློབ་དཔོན་ཞུས་ཏེ། སློབ་གཉེར་བྱེད་དུ་སྡོད་ཟེར་དེ་ནི་དེ་དུས། ཨེ་དེ་ནི་ནག་ཚོ་ལོ་ཙཱ་བས་ག་རེ་གནང་བ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་ནི་རྦད་དེ་དེ་གནང་བ་རེད་ཟེར། ཨེ་རྒྱ་གར་གྱི་དེ་ནི་བི་ཀ་མ་ལ་ཤི་ལའི་དེ་ནི་གནས་བརྟན་ཨེ། གནས་བརྟན་རཏྣ་ཨཱ་ཀ་ར་ལ་་དེ་ནི་གནས་ཀྱི་སློབ་དཔོན་ཞུས་ཏེ་དེ་ནི་སློབ་གཉེར་བྱས་པའི་ཚུལ་བྱས་བཞུགས་པ་ཡིན་ཟེར།
- ནོར་བྲང་ཨོ་རྒྱན།ཕྱོགས་གཅིག་ནས་སློབ་གཉེར་གནང་། ཕྱོགས་གཅིག་ནས་ད་ཇོ་བོ་རྗེ་ཨེ་གདན་འདྲེན་ཞུ་ཡས་ཀྱི་ཆེད་དུ་འོང་ནང་དོན་དེ། ཡིན་ནའི་དེ། ཇོ་བོ་རྗེས་བཀའ་མ་ཕེབས་པར་དུ་དེ་ནི་རྦད་དེ་བསྡད་ཡས་དང་དེའི་ཐོག་ལ་དེ་ནི་སོ་སོས་སློབ་གཉེར་གནང་ནས་བཞུགས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེའི་བར་ལ་དེ་ནི་ཇོ་བོ་རྗེ་རང་གིས་རང་གི་ཡིད་དམ་གྱི་ལྷ་དང་རྡོ་རྗེ་གདན་ན་གྲུབ་་པའི་རྣལ་འབྱོར་མ་ཞིག་བཞུགས་ཡོད་པ་དེ་ལ་དྲི་བ་མཛད་པས། སྤྱི་སྒོས་མཐའ་དག་ཏུ་འཕྲིན་ལས་ཀྱི་འཇུག་སྒོ་ཆེ་ཞིང་ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་འདྲས་ཀྱི་དཔེར་ན་དེ་ཁ་གཏུག་ལ་ཆ་བཞག་ན་དེ་ནི་ནག་ཚོ་ལོ་ཙཱ་བ་དེ་ནི་རྦད་དེ་སློབ་གཉེར་བྱས་གནང་ནས་བཞུགས་པའི་ཁ་གཏུག་ལ་ཇོ་བོ་རྗེས་དེ་ནི་ག་རེ་གནང་བ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ཨ་ནི་རྦད་དེ་ཨེ། རང་གི་ཡིད་དམ་དེ་ནི་ཡིད་དམ་གྱི་ལྷ་དང་ད་ག་ནང་ལྟར་གྱི་ཐོག་ནས་རྡོ་རྗེ་གདན་ལ་གྲུབ་པའི་རྣལ་འབྱོར་མ་བཞུགས་ཡོད་པ་དེ་ཚོ་ལ་དེ་ནི། དེ་ནི་ད་རྦད་དེ་བོད་ལ་ཕྱིན་ན་འཕྲིན་ལས་འགྲོ་དོན་འདྲས་གང་འདྲས་ཡོང་མིའི་དེ་ཚོ་ཨ་ནི་བཀའ་དྲིན་ཞིབ་ཕྲ་གནང་བྱས་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་གནང་དུས་ཙམ་པ་དཱ། ད་བོད་ལ་ཁྱོད་རང་། ཇོ་བོ་རྗེ་བོད་ལ་ཕེབས་ན་དེ་ནི་སྤྱི་དང་སྒོས། སྤྱི་བོད་ཐམས་ཅད་ལ་བོད། བོད་ཀྱི་རྒྱལ་རབས་ཐམས་ཅད་དང་། བོད་ཀྱི་རྒྱལ་བའི་བསྟན་པ་ལ་སླར་གསོ་ཐུབ་པ་དེ་འདྲས་ལ་སོགས་པའི་ཐོག་པའི་ནས་ཕན་ཐོགས་ཆེན་པོ་ཡོད་པ་དང་། ལྷག་པར་དུ་ཁྱེད་རང་གི་འཕྲིན་ལས་ཡིན་ན་རྒྱ་ཆེན་པོ་གྲུབ་པ་ལ་སོགས་པ་དེ་འདྲས་ཀྱི་དཔེར་ན། ཨེ་ཡག་པོ་ཞེ་དྲག་འདུག་ཟེར།
- ནོར་བྲང་ཨོ་རྒྱན།ཁྱད་པར་དུ་ཨུ་པ་སི་ཀ་ཞིག་ལ་བརྟེན་ན། བསྟན་པ་ལ་ཕན་ཐོགས་འབྱུང་བར་ལུང་བསྟན་ཟེར་ན། ཁྱད་པར་དུ་དེ་ནི་ཨུ་པ་སི་ཀ་ཟེར་མཁན། མཚན་ལ་་ཨུ་པ་སི་ཀ་ཟེར་མཁན་དེ་འདྲས་ཞིག་ལ་དགེ་བསྙེན་ཞིག་ལ་བརྟེན་ན་དེ་ནི་འོང་། རྒྱལ་བའི་བསྟན་པ་ལ་ཕན་ཐོགས་འབྱུང་བ་ལུང་བསྟན་ཟེར་ན།
- ནོར་བྲང་ཨོ་རྒྱན།ཨུ་པ་སི་ཀ་དེ་གང་རེད་ཟེར་ན། དགེ་བསྙེན་གྱི་གནས་ལ་བཞུགས་པའི་དེ་ནི་རྦད་དེ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ལ་དཔེར་ན། བརྟེན་པ་ལ་ཡིན་ན། གཅིག་གི་བརྟེན་པ་ཡིན་ན་རྒྱལ་བའི་བསྟན་པ་ལ་ཤིན་ཏུ་ཕན་ཐོགས་ཡོང་བ་ལུང་བསྟན་པ་ཡིན་ཟེར། བསྟན་པ་ལ་ཕན་ཐོག་ཡོང་གི་རེད་ཟེར་བྱས་ནས། ལུང་བསྟན་ཕེབས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་འདྲས་གསུངས་དུས་ཙམ་པ་དེ་ནི། གཞི་ནས་དེ་ནི་རྦད་དེ་ཨེ། གང་ཟེར་དགོས་རེད་པས། ཨེ་རྒྱ་གར་གྱི་གནས་རྒྱ་གར་གྱི་གནས་ཆེན་པོ་བརྒྱད་ལ་སོགས་པ་དེ་ཚོ་ལ་ཆོས་པ་མཛད་བཞིན་དུ། དེ་ནི་བོད་ལ་ཕེབས་པའི་ལམ་བར་དུ་འཁོར་རྣམས་རིམ་གྱི་སློག ཟེར།
- ནོར་བྲང་ཨོ་རྒྱན།ཨེ་ཕར་ནས་བཟུང་། རྒྱ་གར་གྱི་གནས་དེ་གས་དེ་ཕེབས་དུས་ཙམ་པ་ཁོང་རང་གི་དཔེར་ན། ད་གང་ཟེར་དགོས་རེད་པས་ཁོང་རང་གི་ཞབས་ཕྱི་པ་ཟེར་དགོས་རེད་པས། དེ་གས་ཡིན་ན་རིམ་གྱི་ཕར་སློག་བྱས་ནས། མཐར་དེ་ནི་བལ་ཡུལ་རང་བྱུང་གི་མཆོད་རྟེན་ལ་མཆོད་པར་འགྲོ་བས་ཁྱེད་རྣམས་ལོག་ཅིག་གསུངས་པ་དང་། དེ་ཡང་དེ་ནི་ཞབས་ཕྱི་ལ་དེ་ཚོ་ལ། དཔེར་ན་ཁོང་གི་ཉེ་གནས་ལ་སོགས་པ། ཨོའོ་དེ་ཚོ་ལ་ཡིན་ནའི་གསུངས་ཡས་ལ།
- ནོར་བྲང་ཨོ་རྒྱན།གང་འདྲས་རེད་ཟེར་ན་ད་གཙོ་བོ་ཇོ་བོ་རྗེ་བོད་ལ་ཕེབས་ཡས་ཀྱི་དགོངས་པ་སྤྲད་པ་དེ་འདྲས་གཅིག་རེད་དའི། ཡིན་ནའི་ཁོང་ཚོར་གསུངས་ཡས་ཐོག་ལ་གནས་སྐབས་མར་བོད་ལ་་ཕྱིན་ནས་གནས་སྐབས་དེ་ནི་བལ་ཡུལ་རང་བྱུང་གི་མཆོད་རྟེན་ལ་མཆོད་པ་བྱེད་ག་འགྲོ་གི་ཡིན་ཟེར།
- ནོར་བྲང་ཨོ་རྒྱན།འགྲོ་གི་ཡིན་ཁྱེད་རང་ཚོ་དེ་ནས་ཕར་ལོག་ཅིག་བྱས་ནས་དེ་འདྲས་ཀྱི་བཀའ་གནང་བྱས། དེ་འདྲས་ཀྱི་བཀའ་གནང་བ་ཟེར། གནང་དུས་ཙམ་པ་དེ་ནི་ཁོང་གིས་ཞབས་ཕྱིའི་ནང་ལ་གང་འདྲས་ཡོའོ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ཁྲོད་དུ་གནས་བརྟན་རཏྣ་ཨཱ་ཀ་ར་ཡོད་པས། འོང་་་། དེས་ང་གོ་ཟེར། ད། ཇོ་བོ་རྗེས་བཀའ་གནང་ཡས་དེ་ངས་ཧ་གོ་སོང་ཟེར། ཇོ་བོ་རྗེས་དཔེར་ན། བལ་ཡུལ་གྱི་མཆོད་རྟེན་ལ་མཆོད་པ་གནང་ཡས་ལ་སོགས་པ། དེ་འདྲས་མ་རེད་ད་ཁོང་གིས་བོད་ལ་ཕེབས་ཡས་ཀྱི་དགོངས་པ་གཏད་པ་དེ་འདྲས་རེད། ད་དེ་ང་ཧ་གོ་སོང་ཟེར།
- ནོར་བྲང་ཨོ་རྒྱན།ཚེ་དང་ལྡན་པས་སློབ་གཉེར་བྱེད་པར་ཡོང་བ་ཞིག་མི་འདུག དེ་དེ་བཞིན་ནག་ཚོ་ལོ་ཙཱ་བ་ཁྱེད་རང་ཡིན་ནའི་རྦད་དེ་བོད་ལ་འདི་ནས་ཚུར་རྒྱ་གར་ལ་སློབ་གཉེར་བྱེད་དུ་ཡོང་བ་གཅིག་མི་འདུག གང་ལྟར་་ཁྱེད་རང་ཡིན་ནའི་ཇོ་བོ་རྗེ་གདན་འདྲེན་ཞུ་མཁན་ཡིན་པ་འདྲ་ཟེར། ཡོང་བ་དེ་འདྲས་གཅིག་རེད་ཤག་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་ད་གནད་དོན་ངོ་མ་ཁོ་འདུག་བཟོ་གསུངས་བྱས་དེ་འདྲས་གཅིག་འདུག ཨེ་་། དེ་ནི་ཇོ་བོ་རྗེ་གདན་འདྲེན་ཞུ་ལ་དེ་འདྲས་གཅིག་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་ཡིན་དུས་ཙམ་པ་བོད་ཀྱི་རྒྱལ་པོས་དེ་ནི་གང་ཟར༼ཟེར༽ང་ཚོའི་མི་རྐུར་བཏང་བ་དེ་འདྲས་གཅིག་རེད་ཟེར། བོད་ཀྱིས་རྒྱལ་པོས་ཁྱེད་རང་ཡིན་ན་རྦད་དེ། ངས་ཇོ་བོ་རྗེ་རྐུ་ལ་བཏང་བ་དེ་འདྲས་གཅིག་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཡིན་ན་ཡང་ད་ཇོ་བོ་ཡང་། ད་གཤེགས་པ་ལ་དགྱེས་པར་འདུག ཟེར། འོང་མ་གཞི་དེ་འདྲས་རེད་དའི་ཡིན་ནའང་ཇོ་བོ་རྗེས། ཇོ་བོ་ཆེན་པོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡིན་ནའི་དེ་ནི་བོད་ལ་ཕེབས་ཡས་ཐོག་ལ་ཡིན་ན། འོང་། དགོངས་པ་བཞེས་པ་གཅིག་འདུག་ཟེར།
- ནོར་བྲང་ཨོ་རྒྱན།བྱས་ཙང་མ་བཏང་ན་གཞན་དོན་གྱི་བར་ཆད་དུ་འགྲོ། ད་གལ་ཏེ་ང་ཚོས་མ་བཏང་པ་བཀག་གོག་བྱས་སོང་ན། དཔེར་ན་ཇོ་བོ་རྗེ་དཔེར་ན་གཞན་དོན་གནང་ཡས་ཀྱི་དེ་ནི་བར་ཆད་ཡིན་ནའི་འགྲོ་གི་རེད་ཟེར།
- ནོར་བྲང་ཨོ་རྒྱན།འོང་། ཚེ་དང་ལྡན་པ་ཡང་ང་རང་གི་སློབ་མ་ཡིན་པས་མི་དགའ་བ་བྱར་མི་རུང་བས་ཇོ་བོ་ལོ་གསུམ་ཁྱེད་ལ་གཡར་དུ་བཏང་ཆོག་ཟེར།
- ནོར་བྲང་ཨོ་རྒྱན།ཚེ་དང་ལྡན་པ་དེ་ནི་ནག་ཚོ་ལོ་ཙཱ་བ་ཁྱེད་རང་ཡིན་ནའི་དེ་ནི་ངའི་སློབ་མ་རེད་ཟེར། གནས་བརྟན་གྱི་སློབ་མ་རེད་པ། གནས་བརྟན་གྱི་སློབ་མ་ཡིན་དུས་ཙམ་པ། མི་གལ་ཏེ་ཇོ་བོ་རྗེ་བོད་ལ་ཕེབས་ཡས་དེ་རྦད་དེ་ངས་བཀག་གོག་བྱས་པ་ཡིན་ན། ཁྱེད་རང་ཡིན་ནའི་དཔེར་ན། སློབ་མ་ཡིན་ནའི་མི་དགའ་བ་ཡོང་གི་རེད། བྱས་ཙང་། དེ་འདྲས་ཀྱི་དེ་ནི་མི་དགའ་བ་བྱ་རུང་གི་མ་རེད་ཟེར། བྱ་རུང་གི་མེད་ན་ངས་ངེས་པར་དུ་ཁྱེད་རང་ལ་བོད་ལ་ཇོ་བོ་རྗེ་ལོ་གསུམ་དེ་ནི་གཡར་པོ་བཏང་ཆོག་ཟེར།
- ནོར་བྲང་ཨོ་རྒྱན།འོང་བོད་ལ་ཕེབས་ཡས་དེ་ལོ་གསུམ་དེ་ནི་ཕེབས་ཆོག་གི་རེད་ཟེར། དེ་ནས་ཡིན་གཅིག་མིན་གཅིག་རྒྱ་གར་ལ་ཚུར་སྤྱན་དྲངས་དགོས་ཀྱི་འདུག་ཟེར། སྤྱན་དྲངས་བ་དེ་ཡང་ཁྱོད་ཀྱིས་ཀྱང་བལ་ཡུལ་ཚུན་ཇོ་བོ་ཕེབས་སྐྱེལ་མ་ཞུས་ན། དམ་ཚོག་ཉམས་སོ། དེ་བཞིན། དེ་ནི་སྐབས་དེ་དུས་ཙམ་པ་ཇོ་བོ་རྗེ་བོད་ལ། རྒྱ་གར་ལ་སླར་ཕར་ཕེབས་དུས་ཙམ་ཡིན་ནའི་ཁྱེད་ཀྱིས་ཡིན་ནའི་བལ་ཡུལ་བར་ལ་ཇོ་བོ་རྗེ་ཕེལས་སྐྱེལ་མ་ཞུས་ན་དེ་ནི། དེ་དམ་ཚིག་ཡིན་ནའི་ཉམས་འགྲོ་གི་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཨེ། ཨེ། དེ་འདྲས་རེད་ཟེར། ད་རྒྱ་གར་ལ་དེ་ནི་ཇོ་བོ་མ་བཞུགས་ན་དེ་ནི་རྒྱ་གར་ལ་སངས་རྒྱས་ཀྱི་བསྟན་པ་ནུབ་པ་དང་ཁྱད་པར་འདྲ་བ། ཡོའོ་མ་རེད་ཟེར། ད་སངས་རྒྱས་བསྟན་པ་ནུབ་པ་དང་འདྲ་བ་གཅིག་ཡོང་གི་རེད་ཟེར། བྱས་ཙང་དེ་འདྲས་ཡིན་དུས་ཙམ་པ་ཡིན་གཅིག་མིན་གཅིག་ལོ་གསུམ་བོད་ལ་བཞུགས་པའི་ཐོག་ནས་དེ་ནི་ཕར་གདན་འདྲེན་ཞུས་དགོས་རེད་ཟེར།
- ནོར་བྲང་ཨོ་རྒྱན།གདན་འདྲེན་ཞུ་དུས་ཙམ་པ་ལའི་བལ་ཡུལ་བར་དུ་ཁྱེད་རང་ཕེབས་སྐྱེལ་ལ་ཡོང་དགོས་ཀྱི་རེད་ཟེར་ནས། དེ་དུས་གསུངས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ལྟར་ཐབས་མཁས་ཀྱི་མཛད་པའི་སྒོ་ནས་བོད་དུ་ཞལ་ཕྱོགས་ནས་མངའ་རིས་སུ་བྱོན་ཏེ། ད་དེ་ནི་དེ་ལྟ་བུའི་ཐབས་མཁས་ཀྱི་མཛད་པ་གང་ཟེར་ན།
- ནོར་བྲང་ཨོ་རྒྱན།ཁོང་གིས་ཐོག་མར་བརྟག་དཔྱད་བྱས་པ་གསུང་ཡས་དང་ད་ག་ནང་ལྟར་རྒྱ་གར་གྱི་གནས་ཆེན་ཀ་ལ་པ་ལ་མཆོད་པ་གནང་བ་ལ་ཕེབས་ཀྱི་ཡིན་གསུངས་ཡས་ལ་སོགས་པ་དེ་འདྲས་ཀྱི་དཔེར་ན་ཐབས་མཁས་ཀྱི་ཐོག་ནས། དེ་ནི་བོད་ལ་ཕེབས་ཡས་དེ་ཡིན་ན། སྐབས་དེ་དུས་དེ་ནི་རྦད་དེ་སྟབས་བདེ་པོ་མེད་པ།
- ནོར་བྲང་ཨོ་རྒྱན།ག་རེ་ཡིན་ནའི་གཅིག་གི་དངོས་སུ་དྲང་གནས་རྒྱ་གར་ནས་བོད་ལ་ཕེབས་ཀྱི་ཡིན་གསུངས་ན། དེ་ནི་གནས་བརྟན་བི་ཀ་ལ་མ་ལའི་གནས་བརྟན་གྱི་ཡིན་ནའི། རྩ་བ་ནས་གཏོང་གི་མེད་པ་ལ་སོགས་པ། དེ་འདྲས་ལ་དེ་ནི་ཐབས་མཁས་ཀྱི་མཛད་པའི་འོང་མཛད་པའི་དེ་ནི་བོད་ཡུལ་ཕྱོགས་ནས་དེ་ནི་མངའ་རིས་སུ་བྱོན་ཏེ་ཟེར།
- ནོར་བྲང་ཨོ་རྒྱན།འོང་། ད་དེ་ཐབས་མཁས་ཀྱི་མཛད་པ་ཟེར་ན། ཐབས་ལ་མཁས་པའི་སྤྱོད་པ་ལ ་གཡོ་སྒྱུར་ཐུབ་པས་གསུངས་མ་ཡིན་ད་དེ་འདྲས་ཀྱི་དཔེར་ན།
- ནོར་བྲང་ཨོ་རྒྱན།ཐབས་མཁས་ཀྱི་མཛད་པ་དེ་ཡིན་ན་དཔེར་ན། དེ་ནི་གཡོ་སྒྱུ་དེ་འདྲས་རྒྱུ་ནས་མ་རེད། བཅོས་ལྡན་འདས་ཀྱི་ཡིན་ནའི་གསུངས་ཡོའོ་རེད་པ། ཐབས་ལ་མཁས་པའི་སྤྱོད་པ་ལ་གཡོ་སྒྱུར་ཐུབ་པས་གསུངས་པ་མེད་ཟེ་ད་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་བྱེད་དུས་ཙམ་པ་དེ་ནི་མངའ་རིས་སུ་ཕེབས་པ་རེད་ཟེར། མངའ་རིས་ལ་ཕེབས་ཨེ་མངའ་རིས་ལ་ཕེབས་ནས་དེ་ནི་ད་མཐོ་ལྡིང་། མཐོ་ལྡིང་གི་གཙུག་ལག་ཁང་དུ་དེ་ནི་ཨེ་ཁང་དུ་བཞུགས་པའི་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་བཞེངས་པའི་དེ་ནི་མཐོ་ལྡིང་གི་གཙུག་ལག་ཁང་དུ་བཞུགས་ནས།
- ནོར་བྲང་ཨོ་རྒྱན།ལྷ་བླ་མ་བྱང་ཆུབ་འོད་སོགས་ལས་སྐལ་རྣམས་ལ་ཟབ་རྒྱས་ཀྱི་ཆོས་དུ་མ་གསུངས་ཤིང་། ལྷ་བླ་མ་བྱང་ཆུབ་འོད་ལ་་སོགས་པ་ལྷ་བླ་མ་བྱང་ཆུབ་འོད་གདན་འདྲེན་ཞུ་མཁན། ལྷ་བླ་མ་བྱང་ཆུབ་འོད་ལ་སོགས་པ་ད་དེ་དུས་ལྷ་བླ་མ་བྱང་ཆུབ་འོད་དེ་བོད་ཀྱི་བཙན་པོའི་དེ་རེད་པ།
- ནོར་བྲང་ཨོ་རྒྱན།རྒྱལ་རྒྱུད་རེད་པ། ལྷ་བླ་མ་བྱང་ཆུབ་འོད་ལ་སོགས་པ་རྣམས་ལ་ཟབ་རྒྱས་ཀྱི་ཆོས་དུ་མ་གསུངས་ཤིང་། ཟབ་རྒྱས་ཀྱི་ཆོས་དུ་མ་ཡིན་ནའི་གསུངས། སྐབས་དེར་དེ་ནི་བོད་ཡུལ། བོད་དེར་ཆོས་བབ་ཅོལ་དུ་སྤྱོད་པ་རྣམས་ཀྱིས་གཉེན་པོར་བྱང་ཆུབ་ལམ་གྱི་སྒྲོན་མེ་བསྟན་བཅོས་ཁྱད་པར་ཅན་མཛད།ཟེར།
- ནོར་བྲང་ཨོ་རྒྱན།ད་སྐབས་དེར་དེ་དུས་བོད་ལ་ཡིན་ན་ཆོས་དཔེར་ན་འདུལ་བའི་བསྟན་པ་འདུལ་བ་ཡིན་ན་ཇི་བཞིན་མ་བྱས་པའི་ཐོག་ནས་གང་བྱུང་མ་བྱུང་བྱེད་མཁན་གྱི་གནས་ཚུལ་དེ་ཚོ་ལ་གཟིགས་ནས། ག་རེ་རེད་ཟེར་ན། དེ་ནི་དེ་གས་དེ་དཔེར་ན། གཉེན་པོ་ལ་ཡིན་ན་དཔེར་ན། བྱང་ཆུབ་ལམ་གྱི་སྒྲོན་མེ་དེ་ནི་བསྟན་བཅོས་ཁྱད་པར་ཅན་མཛད་ཟེར།
- ནོར་བྲང་ཨོ་རྒྱན།བྱང་ཆུབ་ལམ་གྱི་སྒྲོན་མེ་ཟེར་ཡས་དེ་ནི་རྗེ་ཙོང་ཁ་བ་ཆེན་པོས་ཡིན་ནའི་བྱང་ཆུབ་ལམ་རིམ་ཆེན་པོ་གསུངས་ཡས་ཀྱི་དེ་ནི་རྩ་བའི་གཅིག་གི་ད་དགོངས་པ་བཞེས་ཡས་ལ་སོགས་པ་དེ་ཚོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་དེ་ནི་བྱང་ཆུབ་ལམ་གྱི་སྒྲོན་མེ་དེ་གཞི་རྩར་བཟུང་ནས་དགོངས་པ་བཞེས་པ་དེ་འདྲས་གཅིག་རེད་པ།
- ནོར་བྲང་ཨོ་རྒྱན།བྱས་ཙང་དེ་འདྲས་ཡིན་དུས་ཙམ་པ་བྱང་ཆུབ་ལམ་སྒྲོན་ཟེར་ཡས་དེ་བསྟན་བཅོས་ཁྱད་པར་ཅན་ཟེར། དེ་ནི་སྔར་རྒྱ་གར་ནས་ཕེབས་ཁར་ལོ་གསུམ་ལ་སླེབས་མཚམས་རྒྱ་གར་ལ་ཕྱིར་ཕེབས་པའི་ཁས་ལེན་གནས་བརྟན་ཤཱི་ལཱ་ཀ་རའི་དྲུང་དུ། ནག་ཚོས་ཁས་བླངས་པ་བཞིན་འཕགས་པའི་ཡུལ་དུ་འབྱོན་པར་ཆས་པའི་ཚེ། ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་འདྲས་ཡ་རུ་མངའ་རིས་སུ་བསྡད་ནས་ལོ་གསུམ་བཞུགས་ནས་དཔེར་ན་ལོ་གསུམ་བཞུགས། བཞུགས་པའི་ཐོག་ནས་དཔེར་ན། ཨེ་བྱང་ཆུབ་ལམ་སྒྲོན་ཡིན་ན་བཀའ་རྩོམས་གནང་། བཀའ་རྩོམས་གནང་ནས་ད་ལོ་གསུམ་འཐེམས་པ་འགྲོ་དུས་ཙམ་པ་སླར་ཡང་། ཕར་རྒྱ་གར་ལ་ཕྱིན་པ་གནང་ཡས་ཀྱི། ཕེབས་ཡས་ཀྱི་དཔེར་ན། དུས་ཚོད་ཡིན་ནའི་སླེབས་འགྲོ་དུས་ཙམ་པ། ད་རྒྱ་གར་ལ་ཕེབས་ཡས་ཀྱི་ཞལ་མཆེམས་གནང་བ་དེ་རྦད་དེ། ཨེ་དུས་ཐོག་ལ་ཕེབས་ཡས་ཐོག་ལ་རྦད་དེ་ཨེ་རྒྱ་གར་ལ་འབྱོན་པར་ཕེབས་ཡས་ལ་ཕེབས་རྩིས་གནང་བའི་ཁ་གཏུག་ལ། དེ་ནི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཟེར་ཡས་དེ། ད་ཇོ་བོ་རྗེའི་སློབ་མ་གཙོ་བོ་དེ་རེད་པ།
- ནོར་བྲང་ཨོ་རྒྱན།བཀའ་གདམས་བསྟན་པའི་མེས་པོ་དེ་ནི་ཇོ་འབྲོམ་ཡབ་སྲས་གསུམ་ཟེར་ཡས་ཀྱི་དེ་འདྲས་གཅིག་རེད་པ། ཇོབོ་རྗེ་དང་འབྲོན་སྟོན་པ་དང་། རྔོག་ལེགས་པའི་བློ་གྲོས་ལ་སོགས་པ་དེ་འདྲས་རེད་པ། འོང་དེ་འདྲས་རེད་བྱས་ཙང་དེ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཞུ་ཡས་དེ། ཁོང་རང་དེ་ནི་དབུ་རུ་བྱང་ཕྱོགས་གནམ་བྱེ་མ་ལུང་གི་རྩེ་སྒྱེ་གོར་ཤིང་འབྲུག་སྤྱི་ལོ་༡༠༠༤ལོར་འཁྲུངས་བ་དང་། དེ་ནི་སྤྱི་ལོ་༡༠༦༣ལོར་གཤེགས། སྤྱི་ལོ་༡༠༦༣ལོར་སྐུ་གཤེགས་པ་དེ་འདྲས་གཅིག་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་འདྲས་རེད། དེ་འདྲས་ཡིན་དུས་ཙམ་པ། ད་འོང་། དེ་ནི་ཇོ་བོ་རིན་པོ་ཆེ་སྐབས་དེ་དུས་དེ་ནི་མངའ་རིས་ལ་ཡོད་པའི་བསེ་བཙུན་གྱི་དྲུང་ན་བཞུགས་ཡོད་དུས་སྐབས་དེ་དུས་ལ་མངའ་རིས་སུ་པཎྜི་ཏ། ཇོ་བོ་བསེ་བཙུན་གྱི་དྲུང་དུ་ཡོད་དུས་མངའ་རིས་སུ་ཡོད་པ་པཎྜི་ཏ་ཕེབས་པའི་གཏམ་གསན་པས་མགྱོགས་པར་བཤུལ་དུ་ཞུགས་ཏེ། ཇོ་བོ་རྗེ་དང་མཇལ། ད་མངའ་རིས་སུ་དེ་ནི་རྦད་དེ་པཎྜི་ཏ་ཇོ་བོ་རྗེ་ཕེབས་ཡོའོ་རེད་ཟེར་ཡས་དེ་འདྲས་ཀྱི་གཏམ་བཟང་པོ་དེ་འདྲས་གསན་དུས་ཙམ་པ། དེ་ནི་མགྱོགས་པར་ཕེབས་ནས། ལམ་ཁ་ལ་ཞུགས་ནས་དེ་ནི་ཇོ་བོ་རྗེ་དང་མཇལ་ལ་རེད་ཟེར།
- ནོར་བྲང་ཨོ་རྒྱན།འོང་ཇོ་བོ་རྗེ་དང་མཇལ་ནས་ག་རེ་བྱས་པ་རེད་ཟེར་ན། དེ་ནི་རྦད་དེ་ཁོང་རྣམས་གཉིས་དམ་ཚིགས་བསམ་གྱིས་མི་ཁྱབ་པ་ཡག་པོ་བྱུང་། ཡག་པོ་བྱུང་ནས། དེ་དུས་ཙམ་པ་དབུས་ཕྱོགས་སུ་དེ་ནི། ལྷ་ས་དང་བསམ་ཡས་སུ་ཐོག་དྲངས་པས་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནས་ལྷ་ས་ལ་ཡིན་ན། ལྷ་ས་དང་བསམ་ཡས་ལ་སོགས་པ་དེ་འདྲས་ལ་བཞུགས་པའི་དགེ་འདུན་གྱི་སྡེ་རྣམས་ལ་དེ་ནི། དགེ་འདུན་གྱི་སྡེ་རྣམས་ཀྱིས་བསྔགས་བརྗོད་མཛད་པས། དེ་ནི་ཇོ་བོ་རྗེ་ལ་ད་ལྷ་ས་དང་བསམ་ཡས་ལ་སོགས་པ་ཨོའོ་དེ་འདྲས་ཀྱི་དགེ་འདུན་རྒྱ་ཆེན་པོ་ཡོད་པ་ལ་སོགས་པ་དེ་འདྲས་ཀྱི་དཔེར་ན་བསྔགས་བརྗོད་མཛད་པས། ཇོ་བོ་ཆེན་པོ་དེ་ནི་དགྱེས་པ་རྣམ་འགྱུར་གྱིས་ཕྱག་ལན་གྲངས་མང་པོ་གནང་བས་སྤོབས་པ་ལྷག་པར་བསྐྱེས་ཏེ། འོང་བྱས་ནས་ཇོ་བོས་འོང་ཇོ་བོ་དཔལ་ལྡན་ཨ་ཏི་ཤ་ལ་དེ་འདྲས་སྙན་གསེང་ཞུ་དུས་ཙམ་པ་ད་དེ་ཚོ་མི། དེ་འདྲས་བྱས་ན་བསམ་གྱིས་མི་ཁྱབ་པ་ཡག་པོ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཇོ་བོ་རྗེས་དེ་ནི་དགྱེས་པའི་རྣམ་འགྱུར་ཞུ་དུས་ཙམ་པ་དེ་ནི་ཕྱག་ལེན་མང་པོ་གནང་བྱས། ད་དེ་ཡག་པོ་རེད་ཟེར་བྱས་ནས་གསུངས་དུས་ཙམ་པ་དེ་ནི་འབྲོམ་སྟོན་པ་ལ་གཞི་ནས་ད་བོད་ལ་གདན་འདྲེན་ཞུ་ཡས། ལྷ་ས་ངོགས་ལ་ཕར་གདན་འདྲེན་ཞུ་ཡས་ད་སྤོབས་པ་ལྷག་པར་དུ་སྐྱེས་ནས། ཇོ་བོ་དབུས་སུ་འབྱོན་པ་ལ་དེ་ནི་གསོལ་བ་བཏབ་པས་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་ཇོ་བོ་དེ་ནི་དབུས་སུ་འབྱོན་པ་གསོལ་བ་བཏབ་པ་བཞིན་ཞལ་གྱིས་བཞེས་པ་རེད་ཟེར། ཞལ་གྱིས་བཞེས་ནས་དུས་དེ་ལ་་ཆ་བཞག་ན་དེ་ནི་འབྲོམ་སྟོན་གྱིས་བོད་སྟོན་རྣམས་ལ་ཟེར། སྐབས་དེ་དུས་དེ་ནི་བོད་ལ་ཡོད་པའི་དེ་ནི་ཨེ་ད་ཇོ་བོ། འབྲོམ་སྟོན་པ་ཕུད་པའི་ད་ལྟ་མངའ་རིས་ལ་ཡར་ཕེབས་མ་ཐུབ་པ་དེ་ནི། བོད་ཀྱི་བསྟན་པ་ད་དེ་འདྲས་མཁས་པ་རྣམས་ལ་ཡིན་ནའི་ཕྱག་བྲིས་དེ་འདྲས་གནང་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཤིང་རྟའི་ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི ད་ཤིང་རྟའི་དབྱིབས་ཟེར་ཡས་དེ་འཛམ་བུ་གླིང་ལ་ཆ་བཞག་ནའི་ཤིང་རྟ་ཟེར་ཡས་ད་ག་ནང་ལྟར། སྲོལ་བ་ཟེར་ཡས། སྡོམ་པོ་ཟེར་ཡས་ད་ག་ནང་ལྟར། དཔེར་ན་འཛམ་བུ་གླིང་གི་ཕྱོགས་བཞི་ལ་ཡིན་ན།
- ནོར་བྲང་ཨོ་རྒྱན།འཛམ་བུ་གླིང་གི་དེ་ཡིན་ན། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཤར་ལུས་འཕགས་པོ་ཟེར་ཡས་དེ་ཚོ་ལ་ཆ་བཞག་ན་དེ་ནི། སོ་སོའི་དབྱིབས་ཡིན་ནའི་འདྲ་མི་འདྲ་དེ་འདྲས་ཡོད་པ་རེད་པཱ། ཡིན་ན་ཡང་རྦད་དེ་ལྷོ་འཛམ་བུ་གླིང་གི་དེ་ནི་ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི་དེ་ནི། ཤིང་རྟའི་དབྱིབས་དང་འདྲ་བ་དེ་ནི། འཛམ་གླིང་གི་དེ་ནི་བྱེ་བྲག་བྱས་ནས། གངས་རིའི་ལྗོངས་སུ། བྱེ་བྲག་དེ། དེའི་ནང་ལ་དེ་ནི་བྱེ་བྲག་གཅིག་དང་ལྡན་པའི་དེ་ནི། གངས་རིའི་བྱང་རུ་དེ་ནི་ལོ་ཧིན་ཏ་ར་རིན་ཆེན་འཁྲུངས།
- ནོར་བྲང་ཨོ་རྒྱན།ཁ་བ་ཅན་ཞེས་མིང་གི་གྲགས་ན། ཁ་བ་ཅན་ཞེས་པ་དེ་མིང་དུ་གྲགས་པ་རེད་ཟེར། བློ་ཆེན་སྟོབས་ལྡན་མི་སྲུན་པ། བོད་ཅེས་བྱ་བ་གནས་པའི་ཕྱིར། བློ་ལྡན་པ་སྟོབས་དང་ལྡན་པ་མི་སྲུན་པ་བོད་ཅེས་བྱ་བ་གནས་པའི་ཕྱིར། མི་རྒྱལ་བྱང་ཆུབ་སེམས་དཔའ་ཆེ། དཔའ་ཆེན་སྨྲ་བའི་འཁོར་བཅས་ཀྱིས། ཕན་གདགས་སླད་དུ་དམ་ཆོས་བསྒྱུར་ཟེར།
- ནོར་བྲང་ཨོ་རྒྱན།རྒྱུ་བཟང་བཀོད་ལེགས་གཙུག་ལག་ཁང་༎ བསམ་ཡས་ལ་སོགས་གནས་མཆོག་ན༎ སྔོན་རྒྱལ་འཕྲུལ་རྗེའི་དགོངས་བསྐང་ཕྱིར༎ བསྟན་པའི་བདུད་བརྩི་རྒྱས་མཛད་ཅིང་༎ རྒྱལ་སྲས་འདྲེན་པའི་དཀྱིལ་ཆེ་བའི༎ མི་ཡི་བདག་པོ་ཤཱཀྱའི་སྲས༎ ལྷ་བཙུན་བོ་དྷི་རཱ་ཛཱ་དང་། དང་པོ་དགེ་འདུན་ལུགས་འབྱིན་དཔོན༎ བཙོན་ཆེན་ཡེ་ཤེས་བློ་གྲོས་དང་༎ ཐེག་ཆེན་གདུང་རྒྱུད་སྟོན་མཛད་པའི༎ བསྟན་པའི་ཀ་བ་རྣམ་གསུམ་པོ༎
- ནོར་བྲང་ཨོ་རྒྱན།འོང་། དམིགས་འབྱེད་བཤེས་གཉེན་རྣམ་གཉིས་དང་༎ རྗེས་སློབ་དཔལ་ལྡན་བཅུ་གཉིས་དང་༎ ཆོས་འཁོར་ཁྲིམས་བཞིན་སྐྱོང་མཛད་པའི༎ རིང་ལུགས་ཆེན་པོ་རྣམ་གཉིས་དང་༎ ཆོས་གྲའི་སློབ་དཔོན་ཐུགས་རྒྱལ་ཅན༎ ཀ་བ་གར་མི་མཆེད་གཉིས་དང་༎ དགེ་བཤེས་ཆེ་རྣམས་དགོངས་སྐོང་བའི༎ ཀུན་ཕན་དབང་ཕྱུག་རྒྱལ་མཚན་དང་༎ གནས་བརྟན་བན་སྐྱའི་རེ་གནས་ས༎ ཤཱཀ་གཞོན་རྒྱལ་བའི་སྲས་གཉིས་དང་༎ མཁས་བཙུན་ཆེན་པོར་སྙན་གྲགས་པ༎ ལེགས་པའི་ཤེས་རབ་ལ་སོགས་པ༎ འཕགས་པའི་དགེ་སློང་དགེ་འདུན་ཆེ༎ སློབ་དཔོན་ཡོན་བདག་འཁོར་བཅས་ལ༎ དགེ་བསྙེན་རྒྱལ་བའི་འབྱུང་གནས་ཀྱིས༎ གུས་པས་སྔོན་འགྲོས་མཆིད་གསོལ་བ༎ཟེར།
- ནོར་བྲང་ཨོ་རྒྱན།ད་དེ་འདྲས་སྐབས་དེ་དུས་དེ་ནི་བོད་ལ་ཡོད་པའི་མཁས་པ་དེ་གས་དེའི་མཚན་ནས་སྨྲོས་བྱས། དེ་ནི་སྐབས་དེ་དུས་དེ་ནི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་རང་ད་གང་རབ་ཏུ་བྱུང་བ་དེ་འདྲས་མ་རེད་པ། ཨེ་དེ་ནི་དགེ་བསྙེན་གྱི་གནས་ལ་བཞུགས་པ་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།དགེ་བསྙེན་རྒྱལ་བའི་འབྱུང་གནས་ཀྱིས་དེ་ནི་གུས་པས་སྔོན་འགྲོས་མཆིད་གསོལ་བ་ཟེར་ད། དེ་ཚོ་མཚན་དེ་གས་དེ་སྨོས་ནས། དེ་ནི་རྦད་ཨེ་འབྲོམ་སྟོན་པས་དེ་ནི་རྦད་དེ་ཨེ་ཁྱེད་རང་ཚོར་སྙན་གསེང་ཞུས་གང་འདྲས་འདུག་ཟེར།
- ནོར་བྲང་ཨོ་རྒྱན།ཞེས་སོགས་དེ་ནི་འཕྲིན་ཡིག་བརྫངས་པ་བཞིན་བོད་སྟོན་ནི། དེ་འདྲས་ཀྱི་དཔེར་ན་ད་གཅིག་གི་ད་མཁས་པ་སོ་སོའི་མཁས་པ་དང་སྐབས་དེ་དུས་མི། ཨེ་བོད་ལ་བཞུགས་པ་བོད་སྟོན་རྣམས་ཀྱིས་དེ་ནི་ཚང་མ་ལ་ཕྱག་བྲིས་དེ་འདྲས་གནང་། ཕྱག་བྲིས་གནང་བ་གཞིར་བཞག་གི་ཐོག་ནས་ཡིན་ནའི་ཁོང་ཚོས་ཟེར་ན།
- ནོར་བྲང་ཨོ་རྒྱན།དེ་འདྲས་ཡིན་དུས་ཙམ་པ་དེ་ནི་ཇོ་བོ་རྗེ་སྙན་པ་གསན་དུས་ཙམ་པ་ཚང་མས་ཡིན་ནའི་དཔེར་ན་དེ་ནི་དེ་ལ་ཡར་མངའ་རིས་ལ་བསུ་བ་ཕེབས་པ་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།བསུ་བ་ཕེབས་ནས་དེ་ནས་དེ་ནི། རིམ་གྱི་གཡས་རུ་གཙང་གི་སའི་ཆར་ཕེབས་དུས་ཡོལ་ཆོས་དབང་ལ་སོགས་པ་སློབ་མ་ཁྱད་པར་ཅན་འགའ་ཞིག་སྨིན་པར་མཛད། དེ་ནི་གཡས་རུ་དེ་ནི། དེ་ནས་རིམ་གྱི་གཡས་རུ་གཙང་གི་ཕྱོགས་ལ་ཕེབས་དུས་ཙམ་པ། དེ་ནི་ཡོལ་ཆོས་དབང་ལ་སོགས་པ་སློབ་མ་ཁྱད་པར་ཅན་མང་པོ་ཡིན་ན་འགའ་ཞིག སློབ་མ་ཁྱད་པར་ཅན་འགའ་ཞིག་ཡིན་ན་སྨིན་པར་མཛད་པ་རེད། ཟེར།
- ནོར་བྲང་ཨོ་རྒྱན།དེ་ནི་སྐབས་དེ་དུས་ཁུ་སྟོན་གྱི་དེ་ནི་ཡུལ་ཡར་ཀླུངས་ལ་བཟང་བའི་བསྔགས་པ་བརྗོད་པ་ལ་བརྟེན་ནས་དེ་ནི་ཐང་པོ་ཆེར་ཕེབས་ཀྱང་ཟེར། ད་ལྟ་ཁུ་སྟོན་བཙོན་འགྲུས་གཡུང་དྲུང་གི་ཡིན་ན། སྐབས་དེ་དུས་དེ་ནི་ཡུལ་ཡར་ཀླུང་ཞེ་དྲག་ཡག་པོ་ཡོའོ་རེད་བྱས་ནས། བསྔགས་བརྗོད་དེ་འདྲས་ཞུས་བྱས་དེ་འདྲས་རེད། དེ་འདྲས་བྱེད་དུས་ཙམ་ད། ཨེ་ཡར་ཀླུང་གི་ཐང་པོ་ཆེ་ལ་ཕེབས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཐང་པོ་ཆེ་ལ་ཕེབས་ནས་བསྙེན་བཀུར་ཚུལ་བཞིན་མ་བྱུང་བས་བྲོས་ཐབས་སུ་བསམ་ཡས་ལ་ཕེབས་ཟེར། སྐབས་དེ་དུས། ཐོག་མ་ཡིན་ན་དེ་ནི་ཁུ་སྟོན་བཙོན་འགྲུས་གཡུང་དྲུང་གི་དེ་ནི་ཡུལ་ཡར་ཀླུང་ཡིན་ན། ཡག་པོ་ཡོད་ལུགས་ལ་སོགས་པ་དེ་འདྲས་ཡིན་ན། སྙན་གསེང་ཞུས་དེ་འདྲས་བྱས་པ་རེད་དའི། ཐང་པོ་ཆེ་ལ་ཕེབས་པའི་མཇུག་གུ་ལ་ཡིན་ན་བསྙེན་བཀུར་ཡིན་ནའི་ཚུལ་བཞིན་མ་བྱུང་པ་ལ་སོགས་པ། ཨོའོ་དེ་འདྲས་ཀྱི་རྐྱེན་པས་དེ་ནི་སྐབས་དེ་དུས་ཇོ་བོ་རྗེ་ཡིན་ནའི་ད་བྲོས་ཐབས་སུ་རྦད་དེ་སྐུ་དོན་མ་མཁྱེན་པ་གནང་བྱས་དེ་ནི་བསམ་ཡས་ལ་ཕེབས་གནང་དགོས་བྱུང་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།འོང་བསམ་ཡས་ལ་ཕྱིན་པ་གནང་། བསམ་ཡས་ལ་ཕྱིན་པ་གནང་དུས་ཙམ་པ་ད་བསམ་ཡས་ལ་ཕེབས་དུས་ཙམ་པ་ད་བསམ་ཡས་དེ་ནི་རྒྱ་དཔེ་དེ་འདྲས་བསམ་གྱིས་མི་ཁྱབ་པ་ཡོའོ་རེད་པ། སྔོན་མ་རྒྱ་གར་ནས་འབྱུང་བ་དེ་ནི་དཔེ་ཆ་དེ་འདྲས་མང་པོ་ཡོད་དུས་ཙམ་པ་དེ་གས་དེ་གཟིགས་དུས་ཙམ། ཨོའོ་དེ་ནི་ཇོ་བོ་རྗེས་གཟིགས་དུས་ཙམ་པ་ད་སྔར་ཟེར། སྔར་དེ་ནི་རྒྱ་གར་ལ་གཟིགས་མ་མྱོང་བའི་དེ་ནི་དཔེ་ཆ་མང་པོ་ཡོད་པ་ཡིན་དུས་ཙམ་པ་དེ་ནི།
- ནོར་བྲང་ཨོ་རྒྱན།དེ་ནས་ཇོ་བོ་རྗེ་ད་དེ་གས་དེ་སློབ་དཔོན་པདྨས་མཁའ་འགྲོའི་གསང་མཛོད་ནས་བླངས་པ་པ་ཡིན་ནམ་གསུངས། དེ་གས་དེ་རྒྱ་དཔེ་མང་པོ་དེ་གས་དེ་ཡིན་ན་ང་རྒྱ་གར་ལ་ཁྱོན་ནས་མཐོང་མ་མྱོང་ད་དེ་འདྲས་མང་པོ་དེ་གས་དེ་དཔེར་ན་སློབ་དཔོན་རིན་པོ་ཆེ་གིས་ཡིན་ན་སློབ་དཔོན་པདྨས་ཡིན་ན། མཁའ་འགྲོའི་གསང་མཛོད་ནས་བཞེས་པ་གཅིག་ཡིན་གྱི་རེད་པཱ། བྱས་ནས་དེ་འདྲས་གསུངས་པ་རེད། ཟེར།
- ནོར་བྲང་ཨོ་རྒྱན།དེ་ནས་བོད་སྟོན་དང་རྔོག་ལེགས་པའི་ཤེས་རབ་ལ་སོགས་ཀྱིས་བཏེགས་ནས་སྙེ་ཐང་། ལྷ་ས། ཡེར་པ། སྟོད་ལུང་ལ་ལན་པ་སོགས་སུ་ཕེབས་དེ་
- ནོར་བྲང་ཨོ་རྒྱན།ད་དེ་ནས་བོད་སྟོན་དང་ཨེ་བོད་སྟོན་དང་རྔོག་ལེགས་པའི་ཤེས་རབ་ལ་སོགས་པ་ཁོང་གི་སློབ་མ་རྣམས་ཀྱིས་དཔེར་ན། ཨེ་ཞབས་ལ་བཏེགས་བྱས་རེད་པ། ཨེ་བསྙེན་བཀུར་ཞུས་བྱས་རེད་པ། སྙེ་ཐང་དང་ད་ག་ནང་ལྟར་ལྷ་ས་དང་། ཡེར་པ་དང་སྟོད་ལུང་སོགས་ལན་པ་སོགས་སུ་ཕེབས་དེ། དེ་ནི་གདུལ་བྱའི་སྐྱེ་བོ་མཆོག་དམན་ཐམས་ཅད་ལ་རྦད་དེ་ཨེ་བསྟན་པ་དང་། མཆོག་དམན་དང་བསྟུན་པའི་ཐེག་པ་ཆེ་ཆུང་དང་། ཆོས་ཀྱི་མི་གདུལ་བྱའི་བློ། མཆོག་དང་དམན་པ། དབང་པོ་རབ་འབྲིང་མཐའ་གསུམ་དང་བསྟུན་པའི་མཆོག་དམན་མཐའ་གསུམ་དང་བསྟུན་པའི་དེ་ནི་ཐེག་པ་ཆེ་ཆུང་གི་དེ་ནི་ཆོས། ཐེག་པ་ཆེ་ཆུང་གི་ཆོས་ཀྱི་དེ་ནི་མན་དྷ་ར་བའི་འཕྲེང་བ་སྤེལ་ལེགས་ཁ་བ་རི་པའི་ལུས་ཅན་རྣམས་ཀྱི་དོན་དུ་ཨེ། འཆིང་བར་མཛད་པ་མཛད་སོང་ཟེར།
- ནོར་བྲང་ཨོ་རྒྱན།བྱས་ནས་ད་དེ་འདྲས་ཀྱི་དཔེར་ན། གཅིག་གི་ཐེག་པ་ཆེ་ཆུང་དང་། གདུལ་བྱ་སོ་སོའི་དབང་པོ་དང་འཚམས་པ་གཅིག་གི་ཐོག་ནས་ཐེག་པ་ཆེ་ཆུང་གི་ཆོས་གསུངས་ནས་རེད་པ། ཆོས་ཀྱི་མན་དྷ་ར་བའི་འཕྲེང་བ་ཟེར་ན། ཆོས་ཀྱི་མན་དྷ་ར་བ། ཆོས་ཀྱི་མན་དྷ་ར་བའི་འཕྲེང་བ་དེ་སྤེལ་ལེགས་ཁ་བ་རི་པའི་བྱས་ན། འཕྲེང་བ་དེ་ནི་ཁ་བ་རི་པའི་སྐྱེ་བོ་རྣམས་ཀྱི་ཐོད་དུ་བཅིངས་ནས། དེ་ནི་གཙུག་གི་རྒྱན་དུ་བཅིང་ནས་རེད་པ། ཇོ་བོ་རྗེ་དེ་ནི་བོད་དུ་བཞུགས་ཡས་ཀྱི་ལོ་དེ་ནི་ལོ་འཁོར་གཅིག་བཞུག་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ལོ་བཅུ་གཉིས་རིང་གང་བཞུགས་པ་རེད་ཟེར། བཞུགས་ནས་དེ་ནི་འཕྲིན་ལས་ཡིན་ན་ཤིན་ཏུ་རྒྱ་ཆེན་པོ་བསྐྱངས་པ་ཡིན་ནོ་ཟེར།
- ནོར་བྲང་ཨོ་རྒྱན།དེ་ཇོ་བོ་ཆེན་པོའི་སྐོར་དེ་དེ་འདྲས་རེད། ད་དེ་ནས་མར་འོད་ལྡེའི་སྲས་རྩེ་ལྡེའི་དུས་སུ་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་ཕལ་ཆེར་འདུས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་བསྙེན་བཀུར་དང་བདག་རྐྱེན་མཛད། དེ་ནི་འོད་ལྡེའོ་སྲས་རྩེ་ལྡེའི་དུས་སུ། དེ་ནི་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་ཕལ་ཆེར་འདུས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བསྙེན་བཀུར་དང་བདག་རྐྱེན་མཛད།
- ནོར་བྲང་ཨོ་རྒྱན།ཟངས་མཁར་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་ཚད་མ་རྒྱ་ན་ཡང་དུས་དེར་བསྒྱུར། ད་ཟངས་མཁར་ལོ་ཙཱ་བ་ཤེས་རབ་རྒྱན་ཟེར་ཡས་དེ། དེ་ཡིན་ན་སྐབས་དུས་ཚད་མ་རྒྱན་ཟེར་ཡས་ཡིན་ནའི་ཨ་ནི་དེ་དུས་བསྒྱུར་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།རྭ་ལོ་རྡོ་རྗེ་གྲགས་དང་། གཉན་ལོ་དར་མ་གྲགས། ཁྱུང་པོ་ཆོས་བརྩོན། བཙན་ཁ་བོ་ཆེ། རྔོག་བློ་ལྡན་ཤེས་རབ། མར་ཐུག་དད་པ་ཤེས་རབ་རྣམས་དང་བསྡེབས་ཏེ། དྭགས་པོ་དབང་རྒྱལ་རྣམས་ཀྱི་ཆོས་འཁོར་ལ་བསྙེགས་ཏེ་བྱོན། དེ་གས་དེ་དེ་ནི་དྭགས་པོ་དབང་རྒྱལ་རྣམས་ཀྱི་ཆོས་འཁོར་ལ་བསྙེགས་ཏེ། བཙན་ཁ་བོ་ཆེས་སཉྫ་ན་ལ་བྱམས་ཆོས་བསླབས། རྭ་གཉན་གྱིས་ཆོས་འཁོར་ཐོན་ནས་རྒྱ་གར་དུ་བྱོན། རྭ་ལོ་རྡོ་རྗེ་གྲགས་དང་ལོ་ཙཱ་བ་དར་མ་གྲགས་ཡིན་ན།
- ནོར་བྲང་ཨོ་རྒྱན།དེ་ནི་ཆོས་འཁོར་དེ་གས་དེ་ཐོན་པའི་མཇུག་གུ་ལ་དེ་ནི་རྒྱ་གར་ལ་ཕེབས་པ་རེད་ཟེར། རྒྱ་གར་ལ་སླར་ཡང་དེ་ནི་སློབ་གཉེར་གནང་ག་དེ་འདྲས་ཕེབས་པ་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ནས་མི་རིང་བར་དགེ་བཤེས་བྲག་དཀར་བས་སྐྱིད་ཤོད་ཉང་བྲན་ཕ་བོང་ཁར་བཀྲ་ཤིས་ཆོས་གླིང་ཞེས་བྱ་བའི་དགེ་འདུན་གྱི་སྡེ་་་ དེ་ནས་མི་རིང་བར་དགེ་བཤེས་གྲགས་དཀར་བས་དེ་ནི་སྐྱིད་ཤོས་ཉང་བྲན་གྱི་ཕ་བོང་ཁའི་འོག་ཏུ་བཀྲ་ཤིས་ཆོས་གླིང་ཟེར་ཡས་དེ། དེའི་དགོན་པོ་དེ་བཏབ་གནང་པ་རེད། སྡེ་བཙུགས་ཏེ་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་ཟེར།
- ནོར་བྲང་ཨོ་རྒྱན།དེ་དག་དང་དུས་མཚུངས་བཀའ་གདམས་གཞུང་པ་གླང་ཤར་རམ། བཀའ་གདམས་གླང་པ། གླང་པ་རྡོ་རྗེ་སེང་གེ ཨེ་བཀའ་གདམས་ངག་པ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས། དེ་དེ་གས་དེ་ནི་བཀའ་གདམས་ཀྱི་དེ་ནི་སློབ་མ་རེད་པ། བཀའ་གདམས་གཞུང་པ་དང་། གདམས་ངག་པ་ཟེར་ཡས་དེ་འདྲས་བཀའ་གདམས་པ་ཟེར་ཡས་དེ་སྔོན་མ་ནས་བོད་ལ་ཆོས་ལུགས་ཆ་བཞག་ན་དཔེར་ན།
- ནོར་བྲང་ཨོ་རྒྱན།དགེ་ལུགས་མ་བྱུང་པ་ལ་བཀའ་གདམས་ནི་འབྱུང་ཡོའོ་རེད་པ་དེ་ཡིན་ནའི་རྗེས་མ་ད་བཀའ་གདམས་དང་དགེ་ལུགས་གཉིས་འབྲེལ་བཟོ་འདྲས་གཅིག་བྱས་ནས་དེ་རིང་ཁ་སང་། བཀའ་གདམས་ཁོ་ར་རང་ཡིན་ཟེར་ཡས་ད་གཙང་གཙང་དེ་འདྲས་ཞེ་དྲག་ཉུང་ཉུང་ཡིན་ནའི་ཆགས་ཡོད་པ་དེ་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཨེ་བཀའ་གདམས་གླང་མ། བཀའ་གདམས་གཞུང་པ་གླང་ཤར་རམ། གླང་པ། གླང་ཐང་པ་རྡོ་རྗེ་ཟེར་ཡས། གདམས་ངག་པ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས། བྱ་ཡུལ། རྒྱ་མ་རིན་ཆེན་སྒང་པ་རྣམས་ཀྱིས་བཀའ་གདམས་ལྷ་ཆོས་བདུན། བཀའ་གདམས་ལྷ་ཆོས་བདུན། དེ་ནི་བཀའ་གདམས་ཀྱི་ལྷ་བཞི་དང་། ཆོས་གསུམ་བྱས་ལྷ་ཆོས་བདུན། བཀའ་གདམས་ལྷ་ཆོས་བདུན་ཟེར། ལྷ་བཞི་ཆོས་གསུམ་ཟེར་ཡས་དེ་ནི་གང་འདྲས་རེད་ཟེར།
- ནོར་བྲང་ཨོ་རྒྱན།ལྷ་བཞི་ནི། ཨེ། རྒྱལ་བའི་ལྷ་བཞི་ཐུབ་པ། སྤྱན་རས་གཟིགས། མི་གཡོ་བོ། སྒྲོལ་མ། ཆོས་གསུམ་དང་འདུལ་བའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད། བཅས་དེ་འདྲས་ཡིན་ཟེར།
- ནོར་བྲང་ཨོ་རྒྱན།ལྷ་ཆོས། ལྷ་ཆོས་བདུན་ལྡན་གྱི་བསྟན་པའི་རྒྱུད་པ་སྤེལ་བ། ཡིན་ཟེར།
- ནོར་བྲང་ཨོ་རྒྱན།ལྷ་ཆོས་བདུན་དང་ལྡན་པའི་སྒོ་ནས་དེ་ནི་བཀའ་གདམས་ཀྱི་རྒྱུད་པ་དེ་དེ་ནི་རྒྱུད་པའི་བསྟན་པ་དེ་སྤེལ་བ་ཡིན་ཟེར། གསང་ཕུར་རྔོག་ལོ་ཡབ་སྲས་དེ་ནི་གསང་ཕུར་ཡིན་ན་དེ་ནི་རྔོག་ལོ་ཡབ་སྲས་རྔོག་བློ་ལྡན་ཤེས་རབ་དང་དེའི་སློབ་མ་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱིས་ཟེར།
- ནོར་བྲང་ཨོ་རྒྱན།སྔགས་མཚན་ཉིད་ཀྱི་དེ་ནི་སྔགས་མཚན་ཉིད་ཀྱི་རིག་ལམ་དྲངས་པའི་འཆད་ཉན་དེ་ནི་གསང་ཕུར་ལ་ཡིན་ན་དེ་ནི་རྔོག་ལོ་ཡབ་སྲས་གཉིས་ཀྱི་དེ་ནི། སྔགས་དང་མཚན་ཉིད་ཀྱི་རིག་ལམ་ཡིན་ན་དྲངས་པའི་འཆད་ཉན་དང་། པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་ཀྱིས་དེ་ནི་དབུ་མའི་གཞུང་། ད་པ་ཚབ་ལོ་ཙཱ་བ་ཉི་མ་གྲགས་ཀྱིས་དབུ་མའི་གཞུང་། ཟེར་ཡས་ད་དེ། དབུ་མ་ཟེར་ཡས་དེ། ད་བཀའ་པོད་ཆེན་པོ་ལྔའི་ནང་ནས་དབུ་མ། ཚད་མ། འདུལ་བ། ཕར་ཕྱིན་ལ་སོགས་པ་དེ་འདྲས་ཡོའོ་རེད་པ། བྱས་ཙང་དབུ་མའི་གཞུང་དང་། ཉང་སྟོད་ནས་ཡིན་པ་རྒྱ་འདུལ་འཛིན།
- ནོར་བྲང་ཨོ་རྒྱན།མོན་མཚོ་སྣ་བ་ཤེས་རབ་བཟང་པོ་སོགས་ཀྱིས་འདུལ་བའི་སྡེ་སྣོད། འདུལ་བའི་སྡེ་སྣོད། འོང་གཉལ་ཞིག་འཇམ་དཔལ་རྡོ་རྗེ་ཡབ་སྲས་ཀྱིས་ཕར་ཚད། གཉལ་ཞིག་བྱམས་པ་རྡོ་རྗེའི་ཨེ་ཡབ་སྲས་རྡོ་རྗེའི་ཡབ་སྲས་ཀྱིས་ཕར་ཕྱིན་དང་ཚད་མ། རྔོག་ཨཱརྱ་དེ་ཝས་འདུལ་བ་འགོས་ཁུག་པ་ལྷས་བཙས་ཀྱི་ལུགས། རྔོག་ཨཱརྱ་དེ་ཝས་དེ་ནི་འདུལ་བ་འགོས་ཁུག་པ་ལྷས་བཙས་ཀྱི་ལུགས། བྱ་སྒང་པ་བསོད་ནམས་རིན་ཆེན་གྱི་ལུགས་འདུས་པ་མར་ལུགས། བླ་མ་རྔོག་པ་ཡབ་སྲས་ཀྱི་མར་པ་ལུགས་རྡོ་རྗེ་གུར་དང་། རྒྱུད་བརྟག་པ་གཉིས། སམྦྷོ་ཌ་སྟེ། གུར་བརྟག་སམ་གསུམ།
- ནོར་བྲང་ཨོ་རྒྱན།ཟུར་ཆུང་པ་ཤེས་རབ་གྲགས། ཟུར་ཆུང་པ་ཤེས་རབ་གྲགས་ཟེར་ཡས་དེ་ད་ཤིང་སྟག་སྤྱི་ལོ་༡༠༡༤ལོར་ཡིན་ན་སྐུ་བལྟམས་པ་དང་། ཤིང་སྟག་སྤྱི་ལོ་༡༠༧༤ལོར་སྐུ་འདས་པ། ལྷ་རྗེ་སྒྲོ་ཕུག་པ་ཤཱཀྱ་སེང་གེ་དེ་ཡང་ཤིང་སྟག་སྤྱི་ལོ་༡༠༧༤ལོར་སྐུ་བལྟམས་པ་དང་། ཤིང་སྟག་སྤྱི་ལོ་༡༡༣༤ལོར་འདས་པ་དེ་འདྲས་རེད།
- ནོར་བྲང་ཨོ་རྒྱན།སོགས་ཀྱི་དེ་ནི་ལུང་གི་མདོ་བདུན། སྒྱུ་འཕྲུལ་སྡེ་བདུན། སེམས་སྡེ་ཉི་ཤུའི་སྐོར། རྭ་ལོའི་སློབ་མ་རྭ་ཆོས་རབ། རོང་པ་རྒ་ལོ་རྣམ་རྒྱལ་རྡོ་རྗེ། དཔྱལ་ལོ་ཙཱ་བ་ཀུན་དགའ་རྡོ་རྗེ། གླ་བ་ལོ་ཙཱ་བ་དང་། འབྲོ་ལོ་ཙཱ་བ་ཤེ་རབ་གྲགས་པ་སོགས་ཀྱིས་གཤིན་རྗེ་གཤེད་སྐོར་དང་དུས་འཁོར། ས་སྐྱ་བ་ཆེན་པོ་ཀུན་དགའ་སྙིང་པོ་ད་ས་སྐྱ་པ་ལ་ཆ་བཞག་ན་ས་སྐྱ་གོང་མ་སྣ་ལྔ་ཟེར་ཡས་ཐོག་ལ་ཆ་བཞག་ན་ས་སྐྱ་པ་དཀར་པོ་རྣམ་གསུམ་དང་། དམར་པོ་རྣམ་གཉིས་ཞུ་ཡས་དེ་འདྲས་གཅིག་ཡོའོ་རེད་པ།
- ནོར་བྲང་ཨོ་རྒྱན།ས་སྐྱའི་དང་པོ་དཀར་པོ་རྣམ་གསུམ་གྱི་ཀུན་དགའ་སྙིང་པོས་དང་པོ་སྤྱི་ལོ་༡༠༩༢ལོར་འཁྲུངས་པ་དང་། ༡༡༥༨ལོར་སྐུ་རྫོགས་པ། ཨེ་ད་དེ་ནས། གཉིས་པ་དེ་རྗེ་བཙུན་བསོད་ནམས་རྩེ་མོས། ས་སྐྱ་རྗེ་བཙུན་བསོད་ནམས་རྩེ་མོ་ཡིན་ན། སྤྱི་ལོ་༡༡༤༢ལོར་ལ་སྐུ་འཁྲུངས་པ་དང་། ༡༡༨༢ལོར་དགོངས་པ་རྫོགས་པ། ས་སྐྱའི་དེ་ནི་རྗེ་བཙུན་གྲགས་པ་རྒྱལ་མཚན་ཡིན་ན། དེ་ནི་སྤྱི་ལོ་༡༡༤༧ལོ་ལ་སྐུ་འཁྲུངས་པ་དང་། ༡༢༡༤ལོར་དགོངས་པ་རྫོགས་པ། དེ་ཡིན་ན་ད་ག་ད་ས་སྐྱའི་དཀར་པོ་རྣམ་གསུམ་ཞུས་ཡས་དེ་འདྲས་རེད་པ།
- ནོར་བྲང་ཨོ་རྒྱན།དམར་པོ་རྣམ་གཉིས་དེ་དེ་ནི་ས་པཎ་དང་དེ་ནི་ཨེ་དེ་རེད་པ་གང་ཟེར། ཨེ་འགྲོ་མགོན་ཆོས་རྒྱལ་གཉིས། འགྲོ་མགོན་ཆོས་རྒྱལ་འཕགས་པ་གཉིས་ལ་དེ་ནི་དམར་པོ་རྣམ་གཉིས་ཡིན་ན་ཞུ་གི་ཡོའོ་རེད་པཱ།
- ནོར་བྲང་ཨོ་རྒྱན།བྱས་ཙང་ད་དེ་དཀར་པོ་དང་དམར་པོ་ཟེར་ཡས་དེ་གཙོ་བོ་བརྟེན་གྱི་སྒོ་ནས་བཤད་པ་དེ་འདྲས་གཅིག་རེད། ད་དེ་གས་དེ་དཀར་པོ་ཟེར་ཡས་དེ། གཅིག་གི་རབ་ཏུ་བྱུང་བ་མ་གནང་དེ་ལ་དཀར་པོ་རྣམ་གསུམ་ཞུ་ཡས་བྱས། དེ་ནི་རབ་ཏུ་བྱུང་བ་དེ་ལ་དེ་ནི་དམར་པོ་རྣམ་གཉིས་ཞུ་ཡས་དེ་ས་སྐྱ་པཎྜི་ཏ་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པ་གཉིས་དེ་ཡིན་ན་ད་ས་སྐྱའི་ཆོས་ལུགས་ནང་ནས་དེ་ནི་ས་སྐྱ་གོང་ལ་ལྔ་ཟེར་ཡས་དེ་ད་ཡོངས་སུ་གྲགས་པ་དེ་འདྲས་གཅིག་རེད་པ།
- ནོར་བྲང་ཨོ་རྒྱན།དེ་འདྲས་རེད་ཟེར། བཅས་པས་འབྲོག་མི་ལུགས་ཀྱི་གསུང་ངག་གུར་བརྟག་སམ་གསུམ། བྱས་ཙང་ད་དེ་ས་སྐྱའི་དེ་ཡིན་ན་དཀར་པོ་རྣམ་གསུམ་དང་སློབ་རྒྱུད་དུ་མཛད་པའི་འབྲོག་མི་ལུགས་ཀྱི་གསུངས་ངག་གུར་བརྟག་སཾ་གསུམ། གུར་དང་བརྟག་པ་དང་སཾ་གསུམ་དང་། བདེ་མཆོག་གི་སྐོར། རྗེ་བཙུན་མི་ལ། སྒམ་པོ་པའམ་བདེ་མཆོག་གི་སྐོར་དེ་འདྲས་གསུངས་བ་རེད་ཟེར།
- ནོར་བྲང་ཨོ་རྒྱན།ཨེ་རྗེ་བཙུན་མི་ལ། སྒམ་པོ་བ་བསོད་ནམས་རིན་ཆེན་ད་དེ་བཀའ་བརྒྱུད་སྒོ་ནས་དཔེར་ཆ་བཞག་ན། རྗེ་བཙུན་མི་ལ་དང་སྒམ་པོ་བ་བསོད་ནམས་རིན་ཆེན་ཟེར་ཞུ་ཡས་དེ། རྗེ་སྒམ་པོ་བ་བསོད་ནམས་རིན་ཆེན་ཞུ་ཡས་དེ། དེ་ནི་སྤྱི་པོ་༡༠༧༩ལོར་འཁྲུངས་བ་དང་། སྤྱི་ལོ་བརྒྱ་དང་འོང་ང་ཅུ་ང་གསུམ་ལོར་སྐུ་འདས་པ། འབྲུག་པ་གླིང་རས་པདྨ་རྡོ་རྗེ། འབྲུག་པ་བཀའ་བརྒྱུད་པའི་དེ་ནི་གཅིག་གསར་གཏོད་གནང་མཁན། ཤིང་རྟ་དེ་རེད་པ།
- ནོར་བྲང་ཨོ་རྒྱན།གླིང་རས་པདྨ་རྡོ་རྗེ་ཟེར་ཡས་དེ། ༡༠༢༨ལོར་སྐུ་འཁྲུངས་པ་དང་། ༡༡༨༨ལོར་སྐུ་གྲོངས་པ། ཁྲོ་ཕུ་ལོ་ཙཱ་བ་ཁྲོ་ཕུ་བཀའ་བརྒྱུད་ཀྱི་དེ་ནི་ལོ་ཙཱ་བ་བྱམས་པ་དཔལ་ཞུ་ཡས་དང་། དེ་ནི་འབྲི་གུང་པ་དང་སྟག་ལུང་པ་སོགས་ཀྱི་ཕྱག་རྒྱ་ཆེན་པོ་དང་། ནི་གུའི་ཆོས་འབྲུག་སྟེ། གཏུམ་མོ་བདེ་དྲོད་རང་འབར་དང་། སྒྱུ་ལུས། ནི་གུའི་ཆོས་འབྲུག་ཟེར་ན། གཏུམ་མོའི་བདེ་དྲོད་རང་འབར་དང་།
- ནོར་བྲང་ཨོ་རྒྱན།སྒྱུ་ལུས་ཆགས་སྡང་རང་གྲོལ། འོང་རྨི་ལམ་ཉིང་འཕྲུལ་རག་དག འོད་གསལ་གཏི་མུག་རང་སངས། འཕོ་བ་མ་སྒོམ་སངས་རྒྱས། བར་དོ་རྒྱལ་བ་ལོངས་སྐུ་རྣམས་ཀྱི་དེ་ནི་ཆོས་འཁོར་དེ་འདྲས་བསྐོར་ར་གནང་བ་རེད། ཟེར།
- ནོར་བྲང་ཨོ་རྒྱན།ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་སོགས། འོང་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་སོགས་ཀྱིས་མདོ་སྔགས་གཉིས་ཀའི་རིག་ལམ་གྱི་སྒོ་ནས། རིག་ལམ་སྤེལ་བར་མཛད་པས་ཟེར། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་སོགས་ཀྱིས་མདོ་སྔགས་གཉིས་ཀའི་རིག་ལམ་སྤེལ་བར་མཛད་པས་ཟེར། དུས་ཚོད་དེར་སྟོབས་བཅུ་མངའ་བ་རྒྱལ་བ་ཟས་གཙང་གི་སྲས་པོས། སྟོབས་བཅུ་བ་ཟེར་ན་སངས་རྒྱས་ཀྱི་སྟོབས་བཅུ་ཟེར་ཡས་དེ་འདྲས་ཡོའོ་རེད་པ།
- ནོར་བྲང་ཨོ་རྒྱན།རྒྱལ་བ་ཟས་གཙང་སྲས་པོ་རྒྱལ་བ་ཟས་གཙང་སྲས་པོ་ཟེར་ཡས་དེ་ནི་འོང་རྒྱལ་བ་སྲས། རྒྱལ་པོ་ཟས་གཙང་མའི་སྲས་དཔེར་ན། བཅོམ་ལྡན་འདས་ཡིན་ན། བཅོམ་ལྡན་འདས་ཀྱི་དེ་ནི་རྒྱལ་བའི་བསྟན་པ་དེ་ནི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པ་དཀར་ཕྱོགས་ཀྱི་རྫོགས་པ་ཟེར་མཁན་དེ་ནི།
- ནོར་བྲང་ཨོ་རྒྱན།དེ་ན་དགའ་བཟང་བརྒྱད་སྟོང་རྫོགས་པ་ལྔ་ཟེར་ཡས་ཀྱི་དེ་ནི་དུས་ཀྱི་འཁོར་ཕྱོགས་གཅིག་ཡོའོ་རེད་པ། རྫོགས་པ་གསུམ་པ་ཟེར་ཡས་དེ་ཡིན་ན། དེ་ནི་ཚེས་པ་བཅོ་ལྔ་རེད་པ།
- ནོར་བྲང་ཨོ་རྒྱན།ཚེས་ཆེན་བཅོ་ལྔའི་ཆུ་ཤེལ་དབང་པོ་ལྟར་བྱས་ནས་དེ་ནི་ད་ཟླ་བའི་ནང་ནས་འཕེལ་ཡས་ཀྱི་ཐོག་ནས་བྱེད་དུས་ཙམ་པ། ཚེས་པ་བཅོ་ལྔ་ཟེར་ཡས་དེ་ནི་ཟླ་བ་ཤིན་ཏུ་གསལ་བ་དེ་འདྲས་གཅིག་རེད་པ། བཅོ་ལྔའི་ཆུ་ཤེལ་དབང་པོ་ལྟར། ཆུ་ཤེལ་དབང་པོ་ཟེར་ཡས་དེ་ནི་ཟླ་བ་རེད་པ།
- ནོར་བྲང་ཨོ་རྒྱན།འཆད་རྩོད་རྩོམ་པ་དང་། ཐོས་བསམ་སྒོམ་པའི་ཆ་ཤས་ཀྱིས། ཆ་ཤས་ཡོངས་སུ་ཉ་གང་བ་ཡིན་ཞིང་། གོང་དུ། གོང་དུ་སྨོས་པའི་མཁས་ཤིང་གྲུབ་པའི་བདག་ཉིད་དེ་དག ད་གོང་དུ་ཞུས་པའི་དེ་ནི་ད་དེའི་མཁས་ཤིང་གྲུབ་པའི་བདག་ཉིད་དེ་དག་ད་དགུང་ལོ་བགྲེས་གཞོན་ཙམ་མ་གཏོགས། ཕལ་ཆེར་དུས་མཚུངས་པར་བྱོན་ཞིང་།
- ནོར་བྲང་ཨོ་རྒྱན།གོང་དུ་སོང་བ་དེ་གས་དེ་ཡིན་ན་རྦད་དེ་དགུང་ལོ་འགའ་ཤས་བགྲེས་པ་དང་། འགའ་ཤས་གཞོན་པ་མ་གཏོགས་ཕལ་ཆེར་གཅིག་གི་བྱོན་པའི་དུས་ཚོད་དེ་ནི་དུས་མཚུངས་བ་དེ་འདྲས་གཅིག་རེད་ཟེར།
- ནོར་བྲང་ཨོ་རྒྱན།དེ་ཡང་དེ་ནི་མཁས་པའི་དབང་པོ་ཡེ་བཟང་རྩེ་མོའམ་འགོས་ལོ་གཞོན་ནུ་དཔལ་གྱིས་འོང་འགོས་ལོ་གཞོན་ནུ་དཔལ་ཟེར་ན་༡༣༩༢ལོར་འཁྲུངས་པ་དང་། ༡༤༨༡ལོར་སྐུ་གྲོངས་པ་རེད། ཁོང་གིས་ཡིན་ན།
- ནོར་བྲང་ཨོ་རྒྱན།ཁོང་གིས་འོང་ཆོས་ཀྱི་དབྱིངས་སུ་སྐུའི་བཀོད་པ་བསྡུས་པ་འོང་ཨ་ནི། ཡེ་བཟང་རྩེའམ་འགོས་ལོ་གཞོན་ནུ་དཔལ་ཆོས་ཀྱི་དབྱིངས་ཀྱི་དགོས་པ་མྱང་ངན་ལས་འདས་པའི་རྗེས་སུ། ཁོང་གིས་ཡིན་ན་སྐུའི་བཀོད་པ་བསྡུས་པའི་རྗེས་སུ་རང་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ། དེའི་རྗེས་སུ་ནི་དེ་ནི་རང་གཞན། གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཞིང་།
- ནོར་བྲང་ཨོ་རྒྱན།ཐུབ་བསྟན་ཡོངས་རྫོགས་ཀྱི་རྩ་ལག ཐུབ་པའི་བསྟན་པ་ཡོངས་རྫོགས་ཀྱི་རྩ་ལག་གཅིག་པུ་གྲངས་མེད་རྒྱལ་བའི་འཁོར་ལོའི་དབང་ཕྱུག་གྲངས་མེད་རྒྱལ་བའི་དབང་ཕྱུག་འཁོན་སྟོན་ཆོས་ཀྱི་རྒྱལ་པོ་དཔལ་འབྱོར་ལྷུན་གྲུབ་ཟེར་ཡས་དེ། དེ་དང་དེ་ནི་ལྔ་བ་ཆེན་པོའི་བླ་མ་གཅིག་རེད་པ།
- ནོར་བྲང་ཨོ་རྒྱན།རེད་པ། འཁོན་སྟོན་ཆོས་ཀྱི་རྒྱལ་པོ་ཟེར་ཡས་དེ། དཔལ་འབྱོར་ལྷུན་གྲུབ་ཞུ་ཡས་དེ། ༡༥༦༡ལོར་འཁྲུངས་བ་དང་། ༡༦༣༧ལོར་དགུང་ལོ་རྫོགས་པ་དེ་རེད།
- ནོར་བྲང་ཨོ་རྒྱན།དེས་དེ་ནི་རྦད་དེ་གནས་ཚུལ་དེ་གས་དེ་གང་འདྲས་རེད་ཟེར་ན། དེ་ནི་འོང་། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་དེ་ནི། ཡུལ་དེ་ཝི་ཀོ་ཌའམ་མིང་གཞན་ཕ་བོང་ཁའི་དཀར་ཆག་ཏུ་དེ་ལྟར་བསྩལ་ཏོ། ད་དེ་གས་གནས་ཚུལ་དེ་དག་བརྒྱུད་རིམ་དེ་གང་འདྲས་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།ཕ་བོང་ཁའི་དཀར་ཆག་ནང་ལ་བཀའ་གནང་། ཕ་བོང་ཁའི་དཀར་ཆག་དེ་སུས་གསུངས་བ་རེད་ཟེར་ན།
- ནོར་བྲང་ཨོ་རྒྱན།འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཡིན་ན་རེད་ཟེར། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་དེ་ཡིན་ན། ལྔ་པ་ཆེན་པོའི་གང་ཟེར་དགོས་རེད། ཨེ་བསྟེན་པ་གནང་ཡས་ཀྱི་བླ་མ་དེ་འདྲས་གཅིག་རེད་ཟེར།
- ནོར་བྲང་ཨོ་རྒྱན།བཀའ་སྩལ་ཏོ་དེ་ནི་ཕ་བོང་ཁའི་དཀར་ཆག་ནང་དེ་ནི། དེ་འདྲས་ཀྱི་བཀའ་སྩལ་ཤག་གསུངས་ཡས། ད་རྒྱུ་མཚན་གྱི་དཔེར་ན་ལུང་འདྲེན་ས་དེ་དེ་འདྲས་གཅིག་འདྲེན་པ་གནང་ཤག་ཟེར། ད་དེ་རིང་ཞུ་ཡས་དེ་འདྲས་གཅིག་ཡིན་ཟེར།