02 Apr 2019
3 min 6 sec
Video Overview
Creators:
Tibetan and Himalayan Library
"Advice for the Two Brothers" is widely known in Khyungchu.
The song lyrics in this video include the following:
Molted mountain is like black forest
Home wealth is like sandalwood
Tsérak insects are spread over rikdé ground
The stallion is like grass on the ground
མདོ་སྨད་ཁྱུང་མཆུའི་ཟངས་དཀར་ཡུལ་གྱི་འབྲོག་པའི་ས་ཆར་དར་ཁྱབ་ཡོད་པའི་སྲོལ་རྒྱུན་དམངས་གླུའི་རིག་གནས་སྐོར་ལས་སྤུན་གཉིས་ལ་གདམས་པའི་གླུ།
བརྙན་འདིའི་གླུ་ཚིག་གི་ཆ་ཤས་ནི་འདི་ལྟར་ཏེ། ཕྱི་ཁ་ནག་ཁྲ་ཡག་རྫ་རེད། ནང་རྒྱུ་ཕྱུག་ཙན་ཏན་ལོ་མ། འབུ་ཚེ་རག་རིག་སྡེ་ཐང་རེད། འདོ་ལ་ལོ་ས་ཁའི་རྩྭ་རེད།
传统藏族牧民民歌 《为两兄弟提供建议之歌》在安多邛溪壤噶地区广为流传。
视频中的歌词一部分以如下:多彩的山就像黑森林
家庭的富就像檀香
才染的昆就像日代地
年大的马就像地上的草
- ཕྱི་ཁ་ནག་ཁྲ་ཡག་རྫ་རེད།
- ནང་རྒྱུ་ཕྱུག་ཙན་ཏན་ལོ་མ།
- འབུ་ཚེ་རག་རིག་སྡེ་ཐང་རེད།
- འདོ་ལ་ལོ་ས་ཁའི་རྩྭ་རེད།
- སྦྲ་ནག་མོ་མར་དོའི་གླིང་རེད།
- ནང་རིལ་ནག་སྦུ་གུའི་ལྗིད་རེད།
- འདི་དྲིན་ཆེན་ཕ་མའི་གོ་ན།
- འདིའི་ཁ་འཇམ་ཁུ་ལང་ནག་པོ།
- འདི་ནང་འཇམ་རྒྱ་ནག་ཨ་བསེ།
- སྟེང་ཡང་འཇམ་གོས་སྐུ་ཆ་མ།
- ཚེ་མི་འགྱུར་སྲོག་གི་ཁེབ་མ་རེད།
- བུ་ཀུན་ཆེན་མགོན་པོ་རྡོ་རྗེ།
- མགོའི་མདའ་དར་ཤུག་སེ་མགོན་ལྷ།
- བུ་ཀུན་ཆུང་ནོར་བུ་བཟང་པོ།
- ཁྱོས་བསང་ཆེན་དགུང་ལ་གཏོང་ཉིན།
- ཁྱོས་བསང་ཤུག་འབྲུ་ཤུག་ལོ་མ་རེད།
- ཁྱོས་བསང་རྫས་འབྲུ་དྲུག་ནས་རེད།
- བསང་དུ་ཕུད་དེ་ནས་ཁ་མཆོད།
- ཁྱོད་ཁ་རིའི་ཁ་ལ་འགྲོ་དུས་ན།
- རྟ་གྱོ་ལུ་ནམ་མཁའི་འཇའ་རེད།
- བོའུ་ཁྲ་རིང་གནམ་ལྕགས་ཐོག་རེད།
- ཆར་མུ་ཟི་བབས་པའི་ནང་དུ།
- སྨུག་ལ་ལུང་འཐུབ་པའི་ནང་དུ།
- སྤྲིན་དཀར་པོ་མཁར་ཟ་གདུགས་ལུ།
- ཁྱོད་མཁར་ཟ་གདུགས་ལུའི་རྣ་ལ།
- ལུས་དགེ་སྡུག་དཀར་ཆ་གོས་བཤད།
- ལྷ་ངོ་ཤེས་སོག་ཚང་སྤྲུལ་སྐུ།
- འདིའི་གཟིམས་ཁང་ཀ་བ་བརྒྱད་རེད།
- གདན་གསུང་དྲུག་ཁ་སྤྲོད་སྟེང་དུ།
- བཞུགས་མ་འདུག་ཡར་དུ་ལོངས་ནས།
- ངེད་རྒྱ་མཐོང་རབ་གསལ་ཁ་ནས།
- ཞལ་མ་ནག་ཚུར་ལ་གཅིག་ལྟོས།
- ངེད་ལྷ་སྡེ་འབྲུ་ཞོ་ཆགས་འདྲ་རེད།
- སྦྲ་ཚུར་ཡོང་ཚུར་ལ་སྒུག་སྡོད།
- འདིའི་རྩ་དོན་མ་མོའི་དཔའ་རེད།
- འདི་ཡང་དག་ཉི་མ་འཛིན་རེད།
- དཔོན་མགོ་བར་ཡར་ཞུ་མེད་ན།
- རུ་སྡེ་བ་ཐུགས་ཟུངས་ཤིག