Video Overview
An improvised song on giving advice.
- རྒྱ་ཆེའི་མང་ཚོགས་རྣམས་པ།
- ཁྱེད་རྣམས་པའི་རེ་བ་ཞིག་སྒྲུབ་དགོས་ན།
- དེ་རིང་གི་དུས་སྐབས་དང་
- མཚུངས་བའི་གླུ་ཚིག་ཞིག་བསྒྲིགས།
- བཤད་དགོས་ན། མི་ངོ་དམར་ཤུག་སེ།
- ཁ་རླུང་གི་སྐྱ་དུབ་བེ།
- སྔོན་གྱི་ཡིད་ལ་ཡོང་རྒྱུ་དཀའ་རྒྱུ་རེད་མོད།
- དཀའ་རུང་ཁྱེད་རྣམས་པའི་རེ་བ་སྒྲུབ་རྒྱུ་ཡིན།
- བན་སེར་མོ་དབུས་སུ་བཞུགས།
- ཁག་རྒན་གཞོན། སྐྱེ་ཕོ་མོ།
- གསར་བུ་གསར་མོ་སོགས། ཁ་བརྡ་མིག་བརྡ།
- ཁ་མཆུ་མཐོང་ཆུང་ཞིག་མ་བྱེད།
- རྒྱ་ཆེའི་མང་ཚོགས་རྣམས་པ།
- ཁྱེད་རྣམས་པའི་སྙན་ལམ་དུ།
- རྒ་རྒས་རྣམས་ཀྱིས་ཁ་འདོན་ཞིག་བྱོས།
- གཞོན་ནུ་རྣམས་གྱིས་རྒྱུ་འབྲས་ཞིག་སྲུང་།
- བྱིས་པ་རྣམས་པ་སློབ་གྲྭར་སྐྱོལ།
- ཁག་རྒན་གཞོན། སྐྱེ་ཕོ་མོ་རྣམས་པ།
- ཞེ་སྡང་ཁོང་ཁྲོ། ང་རྒྱལ་ཁོང་དོག
- ངན་སེམས་གནོད་སེམས་བསྐྱུར་ཏེ་
- ཆོས་སེམས་དཀར་པོར་བྱེད་རྒྱུ།
- ཁ་ཁོག་དྲང་མོ་མདའ་ལྟ་བུ།
- ཁ་སེམས་དཀར་པོ་དུང་ལྟ་བུ་ཡོད་ན་
- ཚེ་འདི་ནས་བདེ་སྐྱིད་ཞིག་འབྱུང་ལ།
- ཚེ་ཕྱི་མར་བདེ་འགྲོ་ཞིག་ཐོབ།
- བྱ་གྲགས་ཚོད་མང་ན་ཁུ་བྱུག་མི་སྙན།
- གླུ་བསྒྲིགས་རྒྱུ་མང་ན་ཞེར་འགྲོ་མི་འགྲོ།
- དགའ་མི་དགའི་མཚམས་ནས་སྐྱུར་རྒྱུ་ཡིན།
- རྒྱ་ཆེ་བའི་མང་ཚོགས་རྣམས་པ།
- ཁྱེད་རྣམས་པའི་ཐུགས་ལ་མ་གནོད།
- སེམས་ལ་མ་གནོད།