Skip to main content Skip to search
25 Aug 2018
18 min 37 sec
Video Overview
Creators: 
Yeshi Wangchuk

Karma Lhedup of Ura Gewog (county), located in Bumthang district, shares an account of three sacred thongdrels (scrolls) of Padtsheling. He also speaks briefly of the Padtsheling temple. Supposedly the thongdrels were brought by Dupthob Tempai Gyeltshen from Tibet as a reward for him subduing a cannibal in Tibet. The thongdrel is said to be painted by a Tibetan master called Baru Tsana. When Dupthob brought the thongdrels, the great masters of Tibet told him that the scrolls are destined to reside in a place that is located at the base of a mountain that resembles the longevity of wealth and from where one can see the stars. Dupthob recognized the place but he could not decide on its name. A bird came by saying "Padtsheling", therefore it is said that the place and the temple were named by a bird. Once a year the sacred thongdrels are put up on display for blessings in the Padtsheling temple.

 

 

༉  བུམ་ཐང་རྫོང་ཁག་ ཨུ་ར་རྒེད་འོག་ལས་ ཀརྨ་ལྷུན་གྲུབ་ཀྱིས་ པད་ཚལ་གླིང་དགོན་པའི་ལོ་རྒྱུས་མདོར་བསྡུས་ཅིག་དང་ དགོན་པ་ལུ་ཡོད་མི་མཐོང་གྲོལ་གྱི་སྐོར་ལས་ ལོ་རྒྱུས་བཤད་མི་དང་འཁྲིལཝ་ད་ མཐོང་གྲོལ་འདི་ གྲུབ་ཐོབ་བསྟན་པའི་རྒྱལ་མཚན་གྱིས་ བོད་ལུ་བདུད་བཏུལ་ཞིནམ་ལས་ བོདཔ་ཚུ་གིས་གླ་ཡོན་སྦེ་ཕུལ་མི་འདི་བསྣམས་བྱོན་ཏེ་ པད་ཚལ་གླིང་ལུ་ཕུལ་ཕུལཝ་ཨིན་མས། མཐོང་གྲོལ་ཆེན་མོ་འདི་ བོད་ཀྱི་སློབ་དཔོན་ཆེན་མོ་བཻ་རོ་ཙ་ན་གིས་བཞེངས་ཡོདཔ་སྦེ་ཨིནམ་ད་ དེ་བསྒང་མཐོང་གྲོལ་ཆེན་མོ་འདི་ བོད་ལས་བསྣམས་བྱོན་པའི་སྐབས་ བླམ་ཅིག་གིས་ མཐོང་གྲོལ་འདི་ གནམ་ཁའི་སྐརམ་མཐོང་ཚུགསཔ་མ་ཚད་ ཚེ་དང་ནོར་གྱི་དངོས་གྲུབ་འབྱུང་སའི་ས་གནས་ ས་ཁ་མཐོ་ས་ཅིག་ཁར་ བཞུགས་སུ་གསོལ་དགོཔ་སྦེ་ ལུང་བསྟན་གནང་གནངམ་མས། ཏེ་གྲུབ་ཐོབ་མཆོག་གིས་ ས་གནས་འདི་ངོས་འཛིན་གནང་རུང་ མིང་བཏགས་མ་ཤེས་པར་བཞུགསཔ་ད་ བྱ་ཅིག་གིས་པད་ཚལ་གླིང་ཟེར་ སླབ་ཡོདཔ་ལས་ པད་ཚལ་གླིང་ཟེར་བཏགས་གནང་ཡོདཔ་ལས་ མིང་འདི་བྱ་ཅིག་གིས་བཏགས་ཡོདཔ་སྦེ་ ཡིད་ཆེས་བསྐྱེདཔ་ཨིནམ་ད་ ལོ་ལྟར་བཞིན་དུ་མཐོང་གྲོལ་འདི་ ཚར་རེ་མཇལ་ཁ་གནང་དོ་ཡོདཔ་མས།

Transcript search
No results found for this search
0 of 0
  • ཀརྨ་ལྷུན་གྲུབ་/Karma Lhendup: ལགས་སོ། ད་ མཐོང་གྲོལ་གཙོ་འཁོར་གསུམ་གྱི་སྐོར་ལས་ ཏེ་དང་ཕུ་ དང་ཕུ་ཏེ་ ང་བཅས་ཡར་ བོད་བསམ་ཡས་ཟེར་མི་འདི་ལུ་
  • ཀརྨ་ལྷུན་གྲུབ་/Karma Lhendup: རོ་འདི་ཚུ་གིས་ རོ་ལངས་ཀྱིས་ མི་བཟའ་སྟེ་གི་རང་ སྡོད་སྡོདཔ་འདྲེས་མེན་ན་ལགས། རོ་ལངས་ཀྱིས་ མི་བཟའ་སྟེ་རང་ མི་བཟའ་ཡི་རང་།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་འ་ནཱི་གི་ཏེ་ ཡར་གྱི་ བླམ་འདི་ཚུ་གིས་ཏེ་ ག་དེ་འབད་རུང་རང་ ང་བཅས་ལུའན་ འདུལ་བྱ་མིན་འདུག་ཟེར་།
  • ཀརྨ་ལྷུན་གྲུབ་/Karma Lhendup: ད་མར་ ཉི་མ་ཤར་ཕྱོགས་ལུ་ ཏེ་ གྲུབ་ཐོབ་ཅིག་འདུག་ཟེར་ཏེ། འ་ནཱི་ ཞུ་སྟེ་གི་འོང་པ་ཅིན་ཏེ་ འདི་གིས་ཕན་ནི་མས་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ལུང་བསྟན་ ཁོ་ལུ་ཡོད་ཟེར་ ཡར་གྱི་ བླམ་རྒྱལ་བའི་ བཤེས་གཉེན་འདི་ཚུ་གིས་ ཨ་ནཱེ་སྦེ་ གསུང་གསུངམ་ཨིན་ལོ།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ དེ་བསྒང་ཏེ་ ད་འདི་ ཕན་པ་ཅིག་རང་ཡོད་པ་ཅིན་ཟེར་ཏེ་ ཏེ་ཡར་ལས་མར་ཏེ་ འཚོལ་ཏེ་གིས་སྦེ་ ཞུ་བ་བྱོན་བྱོནམ་མས།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་བསྒང་ལུ་ ང་བཅས་རའི་ ནཱ་མེན་པས། ཕར་སྤ་རོ་ལུ་ཨིན་པས། འ་ནཱེ་ གྲུབ་ཐོབ་བསྟན་པའི་རྒྱལ་མཚན་ཟེར་ བཞུགས་ས་འདི་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ ཕར་བཞུགས་སྦེ་ དེ་ལས་ ཏེ་ ལུང་བསྟན་དང་འདི་ཚུ་ ཏེ་ ཁྱོད་ལུ་ཨིན་པས་ཟེར། ད་ཁྱོད་ བྱོན་དགོ་པས་ཟེར་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ བླམ་འདི་ཚུ་གིས་ ཨ་ནཱེ་སྦེ་ གསུངས་མས་ཟེར་ ཏེ་ ཞུ་བའི་བསྒང་ལས་ ད་ལགས་སོ་ཟེར་ཏེ་ ད་
  • ཀརྨ་ལྷུན་གྲུབ་/Karma Lhendup: བླམ་འདི་ཚུ་གིས་རང་ དེ་སྦེ་གསུངས་པ་ཅིན་ ད་ཐབས་མིན་འདུག་ད་ཟེར་ ཕྱག་ཕྱིད་མ་འབྱོར་རུང་ ཚར་གཅིག་འགྱོ་གེ་ཟེར་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ཡར་བྱོན་བྱོནམ་མས་པ། ད་བྱོན་ཞིནམ་ད་ལས་ཏེ་ ཡར་གྱི་འདི་ཚུ་གིས་ཏེ་ ཏེ་ཨ་ནཱེ་ རོ་ལངས་འདི་ཚུ་ ལོང་ནི་མེད་པའི་གི་
  • ཀརྨ་ལྷུན་གྲུབ་/Karma Lhendup: དམ་བཅའ་འདི་ཚུ་ འ་ནཱེ་སྦེ་ བཀའ་དྲིན་བསྐྱང་དགོ་ཟེར་ ཞུ་ནུག་པ། ཏེ་ཞུ་འབདཝ་ད་ ལགས་སོ་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ཏེ་ ཁོ་གིས་ དམ་གནང་ནུག་ལགས། ཏེ་ ལུང་བསྟན་ རང་ཁོ་ལུ་ སྡོད་ནུག་པ། ཡར་གྱི་བླམ་འདི་ ག་དེ་ཡོད་རུང་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: རང་སའི་ ལུང་བསྟན་དང་འཁྲིལ་ཏེ་ ཨིན་པས་པ། ག་ཅི་རང་འབད་རུང་ ཏེ་ཡར་བླམ་དང་ གཞན་འདི་ཚུ་ཏེ་ ག་དེ་ཅིག་འབད་རུང་ཏེ་ རང་རང་སའི་འདུལ་བྱ་དང་ ལུང་བསྟན་མེད་པ་ཅིན་ འབད་མི་ཚུགསཔ་འདྲེས་བུ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ཁོ་ལུ་ ལུང་བསྟན་ ཁོ་ལུ་ཡོད་ཟེར་ ཁོ་ ནཱ་ལས་ཡར་ ཞུ་སྟེ་གིས་ ཡར་ལུ་བཀལ་ བོད་ལུ་བཀལ།
  • ཀརྨ་ལྷུན་གྲུབ་/Karma Lhendup: བོད་ལུ་ བཀལ་ཞིནམ་ད་ལས་ཏེ་ རོ་གི་མཛད། མཛད་ཞིནམ་ད་ལས་ ཏེ་ འ་ནཱི་ མཛད་ཚར་ཞིནམ་ད་ལས་ཏེ་ དབའེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ད་ ག་ཅི་བཞེས་ནིམོ་བླ་མ་ཟེར། ག་ཅི་བཞེས་ནིམོ་ཟེརཝ་ད། ང་ག་ནཱི་ཡང་ མི་དགོ། ང་ག་ནཱི་ཡང་ མི་དགོ། ང་སྤྱང་སློང་པའི་ མི་ཨིན་ཟེར། ང་ག་ནི་ཡང་མི་དགོ་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ ལོག་ལོག་གསུངས་ནུག། མི་དགོ་ཟེར་ཏེ་ ཏེ་ནུབ་གཅིག་འབདཝ་ད་ཏེ་ མིག་ཏོ་ ཚབ་ཚུབ་པའི་ནང་ལུ་ དབའེ་ བླ་མ་ཟེར་ དགེ་སློང་ ཨ་ལོ་བུཚུ་ ཆུང་ཀུ་ཅིག་གིས་
  • ཀརྨ་ལྷུན་གྲུབ་/Karma Lhendup: བླ་མ་ཟེར་ ཁྱོད་ མི་དགོ་ཟེར་ མ་སླབ་ཟེར། ཏེ་རོགས་ཀྱིས་ བྱིནམ་ད་ཏེ་ ལེན་ཟེར་ ལེནམ་ད་ ག་ཅི་དགོ་ནིམོ་ཟེར་བ་ཅིན་
  • ཀརྨ་ལྷུན་གྲུབ་/Karma Lhendup: ད་ཁྱོད་ཚུ་གིས་ མ་ཉན་ཟེར་ ད་ཨ་ནཱི་ མཐོང་གྲོལ་གཙོ་འཁོར་གསུམ་ འབག་ཤོག་ཟེར་ སླབ་ཤིག་ཟེར་ ཨ་ནཱེ་ དགེ་སློང་ ཨ་ལོ་འདི་གིས་ཏེ་ ཁོ་ཏེ་ བྱོན་བྱོནམ་མས་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: རང་སོའི་ ལུང་བསྟན་ དཀོན་མཆོག་གིས་ཏེ་ དེ་ལས་ཏེ་ ད་རུང་ ནངས་པ་ཡང་ འདྲི་དོ་མས་ཏེ་ བོདཔ་འདི་ཚུ་གིས་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཕ་ལས་བུ་ཟེར་ བུ་ལས་ཚ་ཚུན་ཚུན་ ལོག་ནི་མེད་པའི་གི་ ནཱ་ བླམ་ཁྱོད་ར་གིས་ ཐུགས་རྗེ་གཟིགས་ བཀའ་དྲིན་བསྐྱང་དགོ་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ད་གཅིག་མིན་གཅིག་གཅིག་འདི་ བཞེས་རང་ བཞེས་དགོ། ག་ཅི་བཞེས་ནིམོ་ཟེར་ (Speaker Laughs) ཏེ་ དབུར་ཏེ་གིས་རང་ འབད་ཞིནམ་ལས་
  • ཀརྨ་ལྷུན་གྲུབ་/Karma Lhendup: ད་ཁྱོད་ཚུ་གི་ ག་ནཱི་ཡང་ མི་དགོ་ཟེརན་ ད་ཁྱོད་ཚུ་གིས་ མི་གསན་པས་ཟེར། ད་ཁྱོད་ཚུ་གིས་ གནང་རང་གནང་པ་ཅིན་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ཏེ་ ཨ་ནཱི་ དགེ་སློང་བུཚུ་འདི་གིས་ ཏེ་ སླབ་མི་འདི་ མཐོང་གྲོལ་གཙོ་འཁོར་གསུམ་འདི་ གནང་ད་ཟེར་ ཛའི་་་བླ་མ་གིས་ཏེ་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: མི་དགོ་ མི་དགོ་ མི་དགོ་ མི་དགོ་ཟེར་ཏེ་ འབད་བའི་བསྒང་ལས་ཏེ་ད་ གནམ་མེད་ས་མེད་ ཨིན་པས་ཟེར་ ཏེ་འ་ནཱི་ མཐོང་གྲོལ་འདི་ འཐོན་ས་ ག་ལས་སྨོ་ཟེར་བ་ཅིན་ ཁམས་ལས་ཚུར་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: མཁན་པོ་བེེ་རོ་ཙ་ན་གི་ ཕྱག་བྲིས་ཨིན་ཟེར་ འདི་རང་འབད་རུང་ཏེ་ ད་ཕ་ལས་བུ་ བུ་ལས་ཚ་ ལོང་ནི་མེད་པའི་ གདམ་ངག་གནང་ཞིནམ་ད་ལས་ ཏེ་ང་བཅས་ར་ད་ ཕུལ་དགོ་ཟེར་ ག་དེ་འབད་བ་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ འ་ནཱི་ ཕུལ་ནུག་པ་ཏེ་ ཏེ་འ་ནཱི་ཏེ་ ད་ལྟོ་ པད་ཚལ་གླིང་ལུ་ཡོད་མི་ མཐོང་གྲོལ་གཙོ་འཁོར་གསུམ་པོ་འདི་ བོད་ལུ་བྱོན་ཏེ་གིས་
  • ཀརྨ་ལྷུན་གྲུབ་/Karma Lhendup: རོ་ལངས་འདི་ཚུ་ དམ་གནང་གནང་པའི་ སྐུ་ཡོན་ཨིན་པས་ལགས། ཡོན་ཕུལ་ཕུལཝ་ འ་ནཱི་ཨིན་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: (Speaker clears throat) ཏེ་ཡར་ལས་མར་ ཏེ་བླམ་འདི་ཚུ་གིས་ འ་ནཱི་ཏེ་ ཕྱག་ཞུཔ་བཏང་སྟེ་གིས་རང་ བསྣམས་བྱོན་ནུག་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ཡར་ལས་ མར་བྱོནམ་ད་ ཡར་ལས་མར་ བྱོནམ་ད་ར་ ཡར་བོད་ཀྱི་ བླམ་འདི་ཚུ་གིས་ ལྷོ་ཕྱོགས་མུན་པའི་ཡུལ་ལ་ སྐུ་རྗེས་ཞབས་ཟེར་ཅིག་ཡོད་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: འ་ནཱི་ལུ་ མར་ཁྱོད་སྤང་ན་ གུར་སྤུབས་སྡོད་ཤིག་ཟེར་ འ་ནཱི་ སྡོད་པའི་བསྒང་ལས་ ཁྱོད་ ཧབ་ཏ་གཅིག་༼བདུན་ཕྲག་གཅིག་༽ གི་ནང་འཁོད་ལུ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཁྱོད་ཀྱི་ གདན་ས་འདི་ དེ་བསྒང་ལས་ མཐོང་ཟེར་ གདན་ས་འདི་གི་གུ་ གདན་ས་འདི་གི་ བཟོ་བལྟ་འདི་ ག་ཅི་བཟུམ་ཡོད་ཟེར་བ་ཅིན་ རི་འདི་ ཚེ་རིང་མའི་གངས་མཛོད་ (བང་མཛོད) བཟུམ་ཅིག་ཡོད་པའི་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ འ་ནཱི་གི་ རྩ་བ་ཨིན་ཟེར་ འ་ནཱི་རི་གི་ མགུ་ཏོག་ལས་ཚུར་ ག་ཅི་འཐོན་སྨོ་ཟེར་བ་ཅིན་ སྐར་མ་སྨིན་དྲུག་འཐོན་འོང་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: འ་ནཱི་ སྐར་མ་སྨིན་དྲུག་དང་ རི་ཚེ་རིང་མའི་ གངས་མཛོད་བཟུམ་གྱི་ མར་མཇུག་ལུ་ རིའི་མཇུག་ལུ་ ཁྱོད་ཀྱི་གདན་ས་ ཨ་ཡའི་ནང་ཨིན་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་གསུངས་ནུག་པ་ཏེ། སྐུ་ཞག་ ༧ ཡང་མ་འགྱོ་བས། ལྔ་དེ་ཅིག་སོང་ཞིནམ་ད་ལས་ ཡར་མཇལ་ནུག་། སྐར་མ་སྨིན་དྲུག་ཡང་ ཡར་ལས་ཚུར་ཐོན་ རི་འདི་ཡང་ ཚེ་རིང་མའི་གངས་མཛོད་ངོ་མ་ཨིན།
  • ཀརྨ་ལྷུན་གྲུབ་/Karma Lhendup: ང་བཅས་ར་ ལེགས་ཤོམ་སྦེ་ དྲན་པ་བཏགས་ཏེ་ བལྟཝ་ད་ ངོ་མ་ཨིན་ལགས། ཏེ་འ་ནཱི་འདི་མཇལ་ དེ་ལས་ཏེ་ དེ་བསྒང་ཏེ་ མར་ལས་ཕར་སྦེ་ ཨ་ནཱི་ ལྕམ་མཁར་ཟམ་པ་ལས་ཡར་སྦེ་ དེ་ལས་ བཱད་པ་ལ་ཐང་ལས་ཡར་སྦེ་ (བོད་པ་བརླག་བཏང་)
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་སྐུ་ཞག་གཅིག་ ཡར་ གཏེར་ཁ་གཞོང་ཟེར་མི་ལུ་ སྡོད་སྡོད་མས། ཏེ་ཡར་སྡོད་སྦེ་ ཏེ་བླ་མ་གིས་ རོལམོ་ སྤོ་སངས་གཅིག་དང་ ཞབས་ལྷམ་ཡ་གཅིག་ ཡར་གནང་གནངམ་མས་ ངེ་གི་ཁྱོསམ་ཨིན་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་བླ་མ་གིས་ འ་ནཱི་གནང་སྦེ་ དེ་ལས་ཏེ་ ངེའི་གནསཔོ་ཨིན་ཟེར་ ད་རེས་ ང་ལུང་བསྟན་དང་ འཁྲིལ་འཁྲིལ་པའི་ ང་གནསཔོ་ཡང་ ནཱ་ལྷོད་ལྷོདཔ་ཨིན་ཟེར་ ཏེ་ ང་གི་ ཁྱོསམ་དང་འདྲཝ་ཨིན་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: འ་ནཱེམ་ཅིག་ རོལམོ་ ༡ དང་ ཏེ་ ཞབས་ལྷམ་ཆ་གཅིག་མེན་པས་ ཡ་གཅིག་གནང་ནུག། ཏེ་འ་ནཱི་འདི་ འདི་ཚུ་ཏེ་ གནམ་མེད་ས་མེད་ ལེགས་ཤོམ་ཨིན་པས་པ་ ཁོ་ལུ་ ཁོང་ལུ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་འ་ནཱི་ གནང་ཟེར་ གནང་སྟེ་གིས་ ཏེ་ཡར་ པད་ཚལ་གླིང་ལས་ ཡར་ལྷོདཔ་ད་ ཏེ་ཨ་ཡར་ ཀ་ཀ་གླིང་ཡོད་ས་ལས་ཡར་ ཏེ་ ཨ་ནཱི་ མཐོང་གྲོལ་འདི་ ཡར་བཀལ་བཞག་སྦེ་ དེ་ལས་ཏེ་ ཁོ་ར་ ཏེ་དྲོ་པ་ ཡར་ལས་ཡར་འགྱོཝ་ད་
  • ཀརྨ་ལྷུན་གྲུབ་/Karma Lhendup: ད་ངེ་གི་ གདས་ས་འདི་ ཨིན་ནཱི་འདི་ ནཱ་ར་ཨིན་པས་ཟེར་ད་ ད་རི་འདི་ཡང་ ཚེ་རིང་མའི་ གངས་མཛོད་བཟུམ་རང་འདུག་ཟེར། སྐར་མ་སྨིན་དྲུག་ཡང་ ཐོན་མས་ཟེར་ ཡར་ལས་ བླམ་འདི་ཚུ་གིས་ གསུངས་མི་འདི་ཨིན་པས་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: མེན་མེན་པས། ད་ད་མིང་འདི་འབདན་ ག་ཅི་བཏགས་ནི་ཨིན་ན་ཟེར་ ཁོ་ར་ཨ་ནཱི་ ཐུགས་བསམ་བཞེས་བཞེསཔ་ཨིན་ལོ། ཏེ་ཨ་ནཱི་ ཐུགས་བསམ་བཞེས་བཞེསཔ་་བསྒང་ལས་ བྱ་གིས་ སླབ་པའི་ལོ་ པད་ཚལ་གླིང་ པད་ཚལ་གླིང་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: འ་ནཱི་ པད་ཚལ་གླིང་ པད་ཚལ་གླིང་ འམ་དེ་ལས་ ད་ལྟོ་ པད་ཚལ་གླིང་ པད་ཚལ་གླིང་དགོན་པ་ཟེར་མི་འདི་ འ་ནཱི་ མིང་འདི་ མི་གིས་མེན་པས། བྱ་གིས་ བཏགས་བྱིན་བྱིནམ་ཨིན་ཟེར་ ཏེ་འ་ནཱེ་ཨིན་པས་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: འོང་་་དེ་ལས་ ཤུལ་ལས་ཏེ་ ཁོ་ ནཱ་ལས་མར་སྦེ་མར་ ང་བཅས་ར་ གཞོང་མཁར་ ཁ་ཐུག་ལུ་ བྱོན་བྱོནམ་མས། ཏེ་གཞོང་སྒར་ ཁ་ཐུག་ལུ་བྱོནམ་ད་ ཏེ་ སྐུ་ཞག་ ༡ མར་ སེང་གོར་ཟེར་མི་འདི་ལུ་ བཞུགས་བཞུགས་མས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ མར་བཞུགས་ཞིནམ་ད་ལས་ ཏེ་ མར་གྱི་འདི་ཚུ་གིས་ ཨ་ལོ་འདི་ཚུ་ ཨ་ཝ་བཤལ་སྦེ་ ནཝ་མས་ཟེར་ ཏེ་ ཉིནམ་གཅིག་ དབང་གནང་སྟེ་གིས་ རིན་པོ་ཆེ་ མར་བཞག་བཞགཔ་མས་ སེང་གོར་ལུ།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ དེ་བསྒང་ཏེ་ དོས་ ཡར་དང་མར་སྐྱེལ་དགོ་པ་ལགས། ང་བཅས་ར་ མི་འདི་ཚུ་ ག་རི་(སྣུམ་འཁོར་) འདིནི་མེད། མར་གྱི་ དོས་འདི་ཡར་སྐྱེལ་ ནཱ་གི་ དོས་འདི་ ཡར་སྐྱེལ་སྦེ་ར་ བཏང་དགོ་པ་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ འ་ནཱེ་ བཏང་པའི་བསྒང་ལས་ ཏེ་ མར་ཏེ་ ད་རེས་ ལྷོད་ནི་གི་ཏེ་ དོས་འདི་ ད་རེས་ ལྷོད་མ་ཚུགས་པས་པ། བླམ་ ཡར་ཞུ་སྟེ་གིས་ ཁོང་ དབང་རེ་ཞུ་ འ་ནཱེ་སྦེ་ཏེ་ ཏེ་མར་ ལྷོད་པའི་བསྒང་ལས་ཏེ་ ཁྱོད་ ཁ་ཙ་ལས་ ལྷོད་ནི་ཨིན་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: ག་ཅི་སྦེ་ མ་འོངམ་ཟེར་ཏེ་ གཞོང་སྒར་ རྫོང་དཔོན་གྱིས་ ཁོང་ལུ་དགོངསམ་ཁྲལ་ཁྲལཝ་ཨིན་ལོ། དགོངསམ་ཁྲལ་ཞིནམ་ད་ལས་ཏེ་ ང་བཅས་ཏེ་ འ་ནཱེ་སྦེ་ བླམ་ཅིག་བྱོན་ཏེ་གིས་ ང་བཅས་ ཨ་ནཱེ་སྦེ་ དབང་རེ་ཞུ་སྦེ་ ལུས་ད་ཡི་ཟེར་བའི་བསྒང་ལས་
  • ཀརྨ་ལྷུན་གྲུབ་/Karma Lhendup: ག་ཅི་བླམ་ཟེར་ གསུངས་ནུག་པ་ཏེ། བླམ་ཁོ་ར་ བྱོན་དོ་ཟེར་ ནཱ་ལས་ མར་བྱོན་དོ་ཟེར་ དེ་ལས་ཏེ་ སྤྱང་སློང་ཡོད་རེ་རྣམས་ ཁྱོད་བླམ་བརྩིཝ་ཨིན་ན་ཟེར་ ཤུད་་་སྤྱང་སློང་རྒསཔ་ཟེར་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ བླ་མ་ལུ་ཡང་ དགོངསམ་ཁྲལ་ནུག་ཁོ་ མར་གཞོང་སྒར་རྫོང་གི་དཔོན་འདི་། བླ་མ་ལུ་ཡང་ དགོངསམ་ཁྲལ་ ཁོང་འདི་ཚུ་ལུ་ཡང་ཏེ་ དགོངསམ་ཁྲལ་ དེ་ལས་ དགོངསམ་ཁྲལ་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ ཨ་ནཱི་ གཞོང་སྒར་དཔོན་འདི་གིས་ཏེ་ ཨ་ནཱི་ རྫོང་ར་ཝ་འདི་གི་ མཇུག་ལུ་རང་ བྱ་ཕུག་སྦོམ་ཅིག་ཡོད་ལགས། ཨ་ནཱི་ བྲག་བཙན་བདུད་ཀྱི་ཕོ་བྲང་ཨིན་མར།
  • ཀརྨ་ལྷུན་གྲུབ་/Karma Lhendup: བདུད་ཨ་མི་ནང་ཏེ་ ཐད་རི་བ་རི་ཨིན་ལགས། བདུད་བཞུགས་ས་གི་ ཕོ་བྲང་རང་ ཏེ་ ཤུད་་་བླམ་ཨིན་མིན་ ང་བལྟ་གེ་མནོ་ མར་སྐྱེལ་བཞག་ཤིག་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་མར་ བྱ་ཕུག་ནང་ བདུད་ཀྱི་ཕོ་བྲང་ནང་ བླམ་ མར་སྐྱེལ་བཞག་ནུག་ལགས། ཁོང་གིས་ ཏེ་བླམ་ མར་སྐྱེལ་བཞག་བའི་ ཞག་ ༣ དང་ བཞི་གི་ནང་འཁོད་ལུ་
  • ཀརྨ་ལྷུན་གྲུབ་/Karma Lhendup: བྱོག་སྟེ་རེ་ མ་འགྱོ་ག་ ཨ་མི་འདི་ མར་བལྟ་བ་སོང་ཤིག། ཨ་མི་ སྤྱང་སློང་འདི་ མར་ཡོད་ག་མེན་ག་ ཏེ་བལྟ་བར་ བཏང་པའི་ལོ། ཏེ་དཔོན་གྱིས་ ཏེ་ བལྟ་བར་བཏངམ་ད་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་བླམ་འདིནི་ པུ་ར་(ག་ར་) སྦུལ་སྦོམ་ཤོས་ ཨ་ནཱེམ་འདི་གིས་ གནམ་མེད་ས་མེད་ཏེ་ ཨོལ་ལྐོག་རང་གཅུ་སྟེ་གིས་ ཏེ་ ཡར་བླ་མའི་ དབུ་ལས་ཡར་ ཁྱུ་གང་དེ་ཅིག་ཡར་ཐོན་ཏེ་གིས་ ཟར་ཟེར་ ལྕེ་འདི་རང་ ཟར་ཟར་་་་ཟར་སྦེ་ སྡོད་ནུག་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ཏེ་ ཨ་ནཱེ་སྦེ་འདུག། མགྱོགས་ཏེ་ མ་འགྱོ་བས་ཟེར་ ཞུ་ཞུཝ་ཨིན་ལོ། ཡ་ཡ་ཟེར་ དེ་ལས་ ད་རུང་ ཞག་ ༣ དེ་ཅིག་གི་ ནང་འཁོད་ལུ་ འགྱོཝ་ད་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཨ་ནཱི་ སྦུལ་འདིནི་ཏེ་ ང་བཅས་རའི་ རྫམ་བཀལ་ནི་གི་ མཛེ་ཀོ་བཟུམ་ བཟོ་སྟེ་ ཏེ་བླ་མ་གིས་ ་ཨ་ནཱེ་གུ་ལུ་ ཁོ་ར་ བཞུགས་སྦེ་བཞུགས་ནུག་ལོ། ཨ་ནཱེ་ སྦུལ་འདི་ རྫམ་མའི་མཛེ་ཀོ་ བཟོ་སྟེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཨ་ནཱི་གུ་ལུ་ ཁོ་ར་བཞུགས་ འ་ནཱེ་འདི་ཁར་ལས་ཏེ་ ད་ལྟོ་ པད་ཚལ་གླིང་གི་ ཡར་ཕུར་པའི་གི་ སྐུ་འདི་ཚུ་ཡོད་ལགས། གསེར་སྐུ་འདི་ཚུ་ འ་ནཱེ་བསྒང་ལས་ཐོན་ས་ མར་ལས་ཨིན་པས་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ ཨ་ནཱེ་ ཐོན་དགོཔ་འདི་ ག་ཅིམོ་ཟེར་བ་ཅིན་ དེ་ལས་ཏེ་ དཔོན་འདི་ ཡིད་ཆེས་ཏེ་གིས་ ཏེ་ཁོ་ལུ་ འབུལ་བ་ཕུལ་ནུག་པ་ཏེ། ཏེ་འབུལ་བ་ཕུལཝ་ད་ ཨ་ནཱེ་ ཡར་བྱོནམ་ད་ཏེ་ འབུལ་བ་ཕུལཝ་ད་ མ་བཞེས་པས།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ཏེ་ འབུལ་བ་ མ་ཕུལ་བའི་ ཧེ་མ་རང་ ཏེ་ ནཱ་ལས་མར་སྦེ་ ད་འབདན་ཨིན་པས་སྨ་རེད་ཟེར་ ཏེ་མར་ ཀུ་རི་ཟམ་པ་འདི་ལུ་ བྱོན་བྱོནམ་མས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཀུར་ཟམ་འདི་ལུ་ བྱོནམ་ད་ ཡ་ཉི་མ་འདི་ མི་གིས་རང་རྐྱབ། ནུབ་མོ་འདི་ ལྷ་འདྲེ་འདི་ཚུ་གིས་གདལ་བཏང་ ནུབ་མོ་འདི་ཏེ་ ལྷ་འདྲེ་གིས་རང་ གདལ། ཉི་མ་འདི་ མི་གིས་རང་བཞེངས། འ་ནཱེ་སྦེ་ རྩ་ལས་རང་ རྐྱབ་མ་ཚུགས་པའི་ལོ།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ཏེ་ ཨ་ནཱེ་ པད་ཚལ་གླིང་གི་ བླམ་འདི་ སྐུ་ཞག་ ༧ མར་གུར་སྤུབས་ཏེ་གིས་ ཏེ་ཁོ་མར་ སྒྲུབ་པ་གནང་སྟེ་ བཞུགས་ཞིནམ་ལས་
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ རྐྱབ་ཚུགས་ཚུགསཔ་མས། དེ་ལས་ཏེ་ ཨ་ནཱེ་ རྐྱབ་ཚུགས་ནི་དེ་གིས་ ད་ལྟོ་ ཁེངས་ཁ་ཐུག་ ཨ་ནཱེ་ བྱས་ན་ལ་གི་ རྒྱབ་ཁར་ལུ་
  • ཀརྨ་ལྷུན་གྲུབ་/Karma Lhendup: རྩྭ་འབྲོག་འདི་ཚུ་ ཨ་ནཱེ་ པད་ཚལ་གླིང་ བླམ་གྱི་ནོར་གྱི་ རྩྭ་འབྲོག་ཕར་ཡོད་པ། འ་ནཱེ་འདི་ཚུ་ ཁེངས་འདི་ཚུ་གིས་ ཏེ་ འབུལ་བ་ཕུལ་ཕུལཝ་མས།
  • ཀརྨ་ལྷུན་གྲུབ་/Karma Lhendup: བླ་མ་ལུ་ མར་ཟམ་པ་འདི་ རྐྱབ་ཚུགས་ནི་དེ་གིས་ བླ་མ་གི་བཀའ་དྲིན་གི་འབུལ་བ་ ཏེ་འ་ནཱེ་ ཐོན་བང་སྦིས། མཁོ་ཆེན་ལོ། སྔ་ཚང་མཁོ་ཆེན་ལོ། ཟེར་མི་འདི་ཚུ་གིས་ འབུལ་བ་ལེ་ཤ་ཕུལ་ནུག་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: པད་ཚལ་གླིང་སྤྲུལ་སྐུ་ལུ་ འ་ནཱེ་བསྒང་ལས་ཏེ་ འབད་བའི་བསྒང་ལས་ མར་ཀ་ཀ་གླིང་ཅིག་ཡོད་པ་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཀུ་རི་ཟམ་ལུ་ འ་ནཱེ་ ཀ་ཀ་གླིང་གི་ནང་ལུ་ རྡོ་འདི་ཚུ་ ག་ནི་བ་ལེགས་ མར་གྱི་རྡོ་འདི་ཚུ། ཆང་པ་ལང་གཅིག་ ཕུལ་མི་ལས་ འགོ་བཟུང་སྟེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: བོད་ཀྲམ་དཀརཔོ་གཅིག་ལས་ འགོ་བཟུང་སྟེ་ ཕུལ་མི་འདི་ཚུ་ ཨ་ལོ་འབག་ནི་ རས་གཅུང་གཅིག་ལས་ ཕུལ་མི་འདི་ཚུ་ པུ་ར་(ག་ར་) མར་རྡོ་གུ་ཡོད་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ པད་ཚལ་གླིང་སྤྲུལ་སྐུ་གིས འ་ནཱེ་སྦེ་ཏེ་ བླ་མ་གི་འ་ནཱེ་སྦེ་ འབད་ནི་དེ་གིས་ ཏེ་ ཟམ་པ་འདི་ ཁོ་གི་ བཀའ་དྲིན་གྱི་ ཐུགས་སྨོན་གནང་སྟེ་གིས་ འ་ནཱེ་སྦེ་ རྐྱབ་ཚུགས་ནི་དེ་(གིས་)
  • ཀརྨ་ལྷུན་གྲུབ་/Karma Lhendup: འབུལ་བ་ཕུལ་ཕུལཝ་འདི་ པུ་ར་(ག་ར་) མར་རྡོའི་གུ་ཡོད་ལགས། གནམ་མེད་ས་མེད་ཡོད།
  • ཀརྨ་ལྷུན་གྲུབ་/Karma Lhendup: འམ་་་དེ་ལས་ཏེ་ ཡར་ལོག་བྱོནམ་ད་ཏེ་ གསེར་སྐུ་ཏེ་ ཕུལ་ཕུལཝ་མས་ གཞོང་སྒར་རྫོང་གི་དཔོན་གྱིས་ ཡ་བསྣམས་ཤིག་ཟེར།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་འབདཝ་ད་ ང་མི་དགོ་ཟེར་ ང་སྤྱང་ལོང་པའི་ མི་ག་ཅི་འབད་ནི་ཟེར་ ད་རུང་ མ་བསྣམས་པས་པ་ ཁོ་གིས། ཏེ་མ་བསྣམས་ད་ ཁོ་ར་ ཡར་ ནཱ་ པད་ཚལ་གླིང་ལུ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ ལྷོད་རན་པའི་གི་ ཉིན་མ་ལུ་འབདན་ཏེ་ ནཱ་ཕེབས་རན་པའི་གི་ ཉིན་མ་ལས་ཏེ་ ཨ་ནཱེ་ མར་གྱི་ ལྷ་ཁང་ནང་ལུ་ཏེ་ དུ་དུ་དུ་དུ་་་་་་དུ་དུ་ སྐད་རྐྱབ་མས་ཟེར་ཨིན་པས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་སྐད་རྐྱབ་མས་ཟེར་ དཀོན་གཉེར་གྱིས་ བལྟཝ་དའན་ཏེ་ མར་གྱི་ གསེར་སྐུ་འདི་ཚུ་ གཤོག་པ་ཡོད་མི་ ཙང་ཙང་ཨིན་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ད་ལྟོ་ ཡར་མཇལ་ས་རང་ཡོད། ཏེ་འ་ནཱེ་འདི་གི་ཏེ་ ཡར་ལྷ་ཁང་ནང་ འཐོན་འགྱོ་ནི་སྦེ་ བུར་བུར་་་་བུར་བུར་གནམ་ཁར་ཕུར་ཏེ་ ཏེ་ཡུདཔ་ཅིག་ལས་ ཨ་ནཱེ་ སྒོ་གཅུང་ཅིག་ ཕྱེ་སྡོད་སྡོདཔ་འདྲེས་བུ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཕྲང་ཕྲང་ཨ་ནཱེ་ སྒོ་ཅུང་ལས་ཕར་ པུ་ར་༼ག་ར༽ཐོན་ཏེ་གིས་ཏེ་ ཡར་པད་ཚལ་གླིང་ལ་ ཁོ་ར་ ཡར་བྱོན་ནུག་གོ་ཤིག། པད་ཚལ་གླིང་གི་ ལྷ་ཁང་ནང་ བླམ་འབད་སར།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ མར་གྱི་ཏེ་ འ་ནཱེ་ གསེར་སྐུ་འདི་ཚུ་ ག་ཅི་འབད་རུང་ ཡར་གྱི་ པད་ཚལ་གླིང་གི་ འ་ནཱེ་ སྐུ་མཆོད་ལུ་ བྱིན་བརླབས་ཆེ་ཏོག་ཏོ་
  • ཀརྨ་ལྷུན་གྲུབ་/Karma Lhendup: མི་ཞྭཝ་ཞིའུ་ དྲང་སྲོང་ཕོག་ཕོགཔ་ ཨ་ནཱེ་སྦེ་ ར་ཀ་རོ་ཀོ་འགྱོ་མི་འདི་ཚུ་ གནམ་མེད་ས་མེད་ ཕན་ལགས། ཏེ་འ་ནཱེ་ པད་ཚལ་གླིང་གི་ སྐུ་མཆོད་འབད་བའི་བསྒང་ལུ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ ག་ཅི་སྨོ་ཟེར་བ་ཅིན་ ཨ་ནཱི་ ཡར་གྱི་ མཐོང་གྲོལ་གཙོ་འཁོར་གསུམ་འདི་ ལྷ་ཁང་ནང་ལས་མར་ རྡོ་གཅལ་ནང་ཞུ་རུང་རང་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཨ་ནཱི་ གཏེར་གཞོང་པ་གི་ ཕོ་རྒྱ་ཙང་ཙ་གིས་བ་ལྷགཔ་ མི་གཞན་གྱིས་ མི་ག་དེ་ཅིག་རང་ཡོད་རུང་ ལགཔ་རང་འདོགས་མི་ཆོག།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ མཐོང་གྲོལ་ བརྒྱངས་ཞིནམ་ད་ལས་ཏེ་ ཤུལ་ལས་ཕབ་ ད་རུང་ འ་ནཱེ་སྦེ་ སྒྲིལ་ཏེ་གིས་ཏེ་ ཡར་སྐྱེལ་རུང་རང་ ལྷ་ཁང་ནང་སྐྱེལ་རུང་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཁོང་ གཏེར་ཁ་གཞོང་པ་གིས་ ཕོ་རྒྱ་ཙང་ཙ་བ་ལྷགཔ་ གཞན་གྱིས་ ག་གིས་ཡང་ སྐྱེལ་མི་ཆོག་ལགས། ཏེ་འ་ནཱི་འདི་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཡར་ལས་མར་ (Speaker clears his throat) ཡར་བོད་ལས་མར་ བྱོན་ནི་ (Speaker clears his throat)དེ་གིས་ ཕར་སྐུ་རྗེས་ སྐུ་རྗེས་ལས་ཚུར་ ཏེ་ གཏེར་ཁ་གཞོང་ལུ་ ཞག་གཅིག་བཞུགས་སྦེ་ དེ་ལས་ཏེ་ གནསཔོ་འབད་དེ་ ཡར་གནང་དགོཔ་འདི་ཚུ་ཡང་གནང།་ རོལམོ་དང་ ཞབས་ལྷམ་འདི་ཚུ་ཡང་གནང་སྦེ།
  • ཀརྨ་ལྷུན་གྲུབ་/Karma Lhendup: དེ་ལས་ཏེ་ ད་ལྟོ་ འ་ནཱི་ མཐོང་གྲོལ་འདི་ཚུ་ ཡར་ཞུ་རུང་རང་ གཏེར་ཁ་ལུ་ གམར་ཞུ་རུང་རང་ གཏེརཁ་གཞོང་པ་ཚུ་གིས་ ཏེ་ འ་ནཱེ་ བླམ་ཁོ་ར་གི་ གནསཔོ་ཨིན་ཟེར་ འདི་བ་ལྷགཔ་ འབད་མི་ཚུགས་ཟེར་ འ་ནཱེ་ཨིན་པས་ལགས་ ངོ་མ་འདི།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: གསེར་སྐུ་འདི་ཡང་ ད་ལྟོ་ཡང་ མཇལ་ཁ་གནང་ནི་ཡོད་ག་ལགས་?
  • ཀརྨ་ལྷུན་གྲུབ་/Karma Lhendup: ཝ་བླ་མ་ ད་སློབ་དཔོན་ཤུལ་ལས་ ག་མནོ་མེད་པ་ བཞི་པའི་ནང་ བྱོན་ཤིག་ ཚེས་ ༡༥ ལས་ཚུན་ཚུན་ གནམ་མེད་ས་མེད་ཡོད། བྱ་ངོ་མ་ཨིན། བྱ་ངོ་མ་
  • ཀརྨ་ལྷུན་གྲུབ་/Karma Lhendup: གཤོག་སྒྲོ་ཡང་ ཨ་ནཱེ་སྦེ་ཡོད། བྱང་ཁོག་འདི་ཡང་ བྱའི་བྱང་ཁོག་ བྱ་ངོ་མ་ཨིན། ཕུར་ཏེ་བྱོན་བྱོནམ་ ཙང་ཙ་ཨིན་ཡར། ད་འདི་ཚུ་འདི་ད་
  • ཀརྨ་ལྷུན་གྲུབ་/Karma Lhendup: རོགས་རྒྱལ་རབས་འདི་ཚུ་ དཔེ་ཆ་ཡང་ཡོད་ལགས། འདི་མེན་རུང་རང་ ད་ཤོབ་ཡང་མེན་ འདི་ཚུ་རོགས་ དང་ཕུ་ལས་རང་ ཨ་ནཱེ་འདི་ཚུ་ཏེ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ག་ར་རྟགས་མཐུན་མཐུནམ་ཙང་ཙ་ འ་ཡར་གྱི་ གསེར་སྐུ་འདི་ཚུ་འདི་ དཀོན་མཆོག་དཔང་བཙུགས་ཀྱི་ ཅ་ལ་ཨིན་སྨ་རེད།
  • ཀརྨ་ལྷུན་གྲུབ་/Karma Lhendup: མེནམ་འདི་ཨིན་ལོ་ ཨིནམ་འདི་མེན་ལོ་ཟེར་བའི་གི་ ལོ་རྒྱུས་མེན་པ་ འ་ཡར་ཡི་འབདན་ཨིན་ རྩ་ཆེ་ཏོག་ཏོ་ཨིན་ རྩ་ཆེ་ཏོག་ཏོ་ཨིན་
  • ཀརྨ་ལྷུན་གྲུབ་/Karma Lhendup: ཨ་ཡར་ཡི་འདི་ ཏེ་
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: སྐུ་མཆོད་ཀྱི་སྐབས་ལུ་ མཇལ་ཁ་གནང་དོ་ཡོདཔ་མས་སྨོ་ལགས་?
  • ཀརྨ་ལྷུན་གྲུབ་/Karma Lhendup: པ་ མཇལ་ཁ་གནང་པ་ ལྷག་ཚད་རྒྱུ་མེད་ བླམ་ ཁོ་ར་གིས་རང་ དབང་གནང་འོང་། དེ་བསྒང་ལས་ཏེ་ ཨ་ནཱི་ ང་བཅས་ མགུ་ཏོག་ཁར་ དག་་་དག་་་གནང་དགོ། ཡོད་བྱིན་རླབས་ཆེ།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཨ་ནཱེ་སྦེ་ མི་གིས་ སྨན་སྐུ་ བཟོ་བཟོཝ་བཟུམ་དང་ འདི་ཚུ་ བཟུམ་མེན་ལགས། རྩ་ལས་མེན། ད་ད་ལྟོ་ ད་ནཱ་ སློ་དཔོན་འདི་ཚུ་བཟུམ་
  • ཀརྨ་ལྷུན་གྲུབ་/Karma Lhendup: ད་ད་ལྟོ་ ང་གིས་ ཞུ་མི་འདི་ ཨིན་ན་མེན་ན་ ཤུལ་ལས་ ཡར་བྱོན་པའི་བསྒང་ལས་ མཇལ་བལྟ་ཤིག་ ཡིད་ངེས་ཐིང་ངེས་ཨིན། ད་ཡོངས་སུ་ རྫོགས་པ་ཨིན་ལགས། འ་ནཱེ་ཨིན་ལགས།
  • ཀརྨ་ལྷུན་གྲུབ་/Karma Lhendup: བྱིན་རླབས་ཆེ་བའི་གི་ བླམ་བསམ་གྱིས་ མ་ཁྱབ་ཨིན་པས། དང་པ་རང་ བོད་ཀྱི་ རོ་ལངས་འདི་ཚུ་ བཏུལ་ནུག་གོ་ཤིག། གཉིས་པ་ལུ་ མར་མོང་སྒར་གྱི་ཏེ་ བྲག་བཙན་འདི་ བདུད་འདི་བཏུལ་ནུག་གོ་ཤིག།
  • ཀརྨ་ལྷུན་གྲུབ་/Karma Lhendup: གསུམ་པ་འདི་ ཀུ་རི་ཟམ་པ་གི་ ཟམ་འདི་ ག་དེ་འབད་རུང་ཏེ་ ཕར་བདུད་འདི་ཚུ་གིས་ རྐྱབ་མ་ཚུགས་པར་ ཉི་མ་མི་གིས་རང་རྐྱབ་ ནུབ་མོ་ཏེ་ ལྷ་འདྲེ་འདི་ཚུ་གིས་ བཤིག་བཏང་མ་ཚུགས་པ་ འ་ནཱེ་ཡང་ ཁོ་གི་ བཀའ་དྲིན་ཨིན་པས།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཁོ་གིས་ཏེ་ དང་ཕུ་འདི་ རྟགས་མཚན་ ལེ་ཤ་ཅིག་ར་བཏོན་ནུག། རྟགས་མཚན་ལེ་ཤ་བཏོན་ནུག། བླམ་ལེགས་ཤོམ་ཨིན།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: སྐུ་ཕྲེང་འབད་བ་ཅིན་ ག་དེམ་ཅིག་ འགྱོཝ་ཨིན་ན་ལགས་ ད་ལྟོའི་པད་ཚལ་གླིང་སྤྲུལ་སྐུ?
  • ཀརྨ་ལྷུན་གྲུབ་/Karma Lhendup: འ་་་སྐུ་ཕྲེང་་་ བསྟན་རྒྱལ་མཚན་གྱི་གཅིག་ གཉིས་ གསུམ་ བཞི་དང་ ལྔ་ཅིག་འགྱོཝ་མས། བཞི་དང་ལྔ་འགྱོ་འོང་། བཞི་དང་ལྔ་འགྱོ་འོང་།
  • ཀརྨ་ལྷུན་གྲུབ་/Karma Lhendup: ཏེ་ ཨ་ནཱེ་ གྲུབ་ཐོབ་བསྟན་པའི་རྒྱལ་མཚན་འདི་ ད་ལྟོ་མེན་པས་ གནམ་མེད་ས་མེད་མས་ཏེ།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: དེ་བསྒང་ མར་གཞོང་སྒར་རྫོང་ནང་བཏང་མི་འདི་ རྫོང་དཔོན་འདི་ ག་སྡོད་ཡི་ག་སྨོ་ལགས? གདུང་གནག་པོ་འདི་མེན་འོང་ལགས?
  • ཀརྨ་ལྷུན་གྲུབ་/Karma Lhendup: མེན་མེན་མེན་ གདུང་གནག་པོ་འདི་མེན་པ་ ཏེ་ ཁོང་མར་གྱི།
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་/Researcher Yeshi Wangchuk: འདི་གི་ ཧེ་མ་ཨིན་ན་ ཤུལ་ལས་ཨིན་ན?
  • ཀརྨ་ལྷུན་གྲུབ་/Karma Lhendup: འོ་ ཧེ་མ་ ཧེ་མ་ཨིན། ཏེ་འ་ནཱེ་འདི་ཚུ་ཏེ་ གདུང་ནག་པོ་འདི་ཏེ་ མར་གྱི་འདི་ཚུ་གིས་ཏེ་ ཁོ་འདི་ ཡར་འབད་བ་ལུ་ཏེ་ འབད་ནི་གི་ གོ་སྐབས་རང་མེད་པ་ཏེ་ ཁོ་གིས་ ད་མར་གྱི་ རི་འདི་འདལ་འདི་ ང་བཅས་ དཀའཝ་སྤྱད་བཅུག་ནི་མས་ཟེར་ཏེ་ རོགས་ཀྱིས་ འདི་འཕྲོ་ལས་ ག་འཇུག་ནུག་པ། (speaker laughs) ཨ་ནཱེ་སྦེ་ ལེགས་ཤོམ་ཨིན་ལགས། འདི་ཚུ་འདི་ ང་གིས་ཏེ་ ད་ཤེསཔ་མཐོངམ་གང་ཡང་མེད། ཏེ་དང་ཕུ་ཨ་ནཱེ་སྦེ་ཨིན་པས་ ཏེ་འ་ནཱེ་འདི་གིས་ཏེ་ ད་ལྟོ་ནཱ་ ནཱ་སཱར་(Speaks in English word)ཡང་ཏེ་ད་ ཏེ་གོ་ཆོདཔ་དང་ ཏེ་ཉན་ཏོག་ཏོ་ཅིག་ཡོད་པ་ཅིན་ཟེར་ ང་བཅས་ར་ འཛམ་བུ་གླིང་གི་ དཔྱེ་དང་རྒྱན་ཆ་བཟུམ་ ཏེ་ལེགས་ཤོམ་ཅིག་ཡོད་པ་ཅིན་ཟེར་ རི་བཤལ་འདི་གིས་ བྱོན་འདི་གིས་ ང་བཅས་ཀྱིས་ ཏེ་ད་ ཤེསཔ་མཐོངམ་མེད་རུང་ར་ ད་ལྟོ་ཤེས་མི་འདི་ ནཱ་སཱར་རི་བཤལའདི་ ་བྱོན་ནི་འདི་གིས་ ང་རག་ཀ་རོ་ཀ་ཅིག་ ཕུལ་ཚར་ཡི་ལགས། འ་ནཱེ་ཅིག་ཨིན་ལགས།