Skip to main content Skip to search
03 Nov 2013
9 min 29 sec
Video Overview
Creators: 
Unknown

དེ་ཡང་རྒྱལ་དབང་ཀརྨ་རོལ་བའི་རྡོ་རྗེའི་སྐུ་དུས་སུ་བོད་ལ་གོས་སྐུ་བཞེངས་པའི་སྲོལ་དར་བ་དང་། རྗེ་ཙོང་ཁ་པས་ཆོ་འཕྲུལ་སྨོན་ལམ་གྱི་སྲོལ་ཕྱེས་པ་ནས་བཟུང་། ཆོ་འཕྲུལ་སྨོན་ལམ་གྱི་སྐབས་སུ་གོས་སྐུ་ཞལ་ཕྱེ་བའི་སྲོལ་རྒྱུན་ཞིག་ཆགས་པ་དང་། དགེ་ལུགས་པའི་དགོན་སྡེ་སོ་སོས་ཆོ་འཕྲུལ་སྨོན་ལམ་གྱི་སྐབས་སུ་དགེ་འདུན་པའི་ཚོགས་ཀྱིས་འབུད་རྡུང་དཀྲོལ་གསུམ་སྒོས་དགོན་པར་ཉར་བའི་གོས་སྐུ་ཞལ་ཕྱེ་བའི་གནས་སུ་གདན་འདྲེན་པ་དང་། མང་ཚོགས་ཀྱིས་གདུག་སྤོས་དང་མེ་ཏོག་གི་མཆོད་པ་འབུལ་བ་དང་། ལྷ་བསང་རྒྱ་ཆེར་གཏོང་བ་རེད། བརྙན་ཐུང་འདི་ནི་རྔ་བའི་ཡུལ་སྟག་ཚང་ལྷ་མོ་དགོན་པའི་ཆོ་འཕྲུལ་སྨོན་ལམ་གྱི་དུས་སུ་དགེ་འདུན་པའི་ཚོགས་ཀྱིས་གོས་སྐུ་གདན་འདྲེན་པ་དང་ཞལ་ཕྱེ་བའི་གོ་རིམ་དང་། དད་ལྡན་མང་ཚོགས་གོས་སྐུ་ལ་མཇལ་བ་དང་གོས་སྐུ་ཕྱིར་དགོན་པའི་ནང་དུ་གདན་འདྲེན་པའི་རིམ་པ་རྣམས་ཡིན་ནོ། །