Skip to main content Skip to search
28 Jun 2018
6 min 16 sec
Video Overview
Creators: 
Sherig Dentshog

Jikmé Dorjé, from Trizor village narrates how they suffered a lot during the war with ULFA (United Liberation Front of Assam) and NDFB (National Democratic Front of Bodoland). He shares that the people who lived in Martsala faced a difficult situation. They had to register their rations in a shopkeeper’s books, and the amount of rice a person was entitled to was limited during the war.

 

བསམ་གྲུབ་ལྗོངས་མཁར་རྫོང་ཁག་ མར་ཚ་ལ་རྒེད་འོག་ ཐི་ཟོར་གཡུས་ཚན་ནང་ལས་ འཇིགས་མེད་རྡོ་རྗེ་གི་ རྒྱ་གར་གྱི་གཡིབ་དམག་ ཨཱལ་ཕ་དང་ བོ་དོག་ཅིག་ཁར་ དམག་རྐྱབ་པའི་སྐབས་ དཀའ་སྡུག་མྱོང་བའི་སྐོར་ལས་ ལོ་རྒྱུས་བཤད་ནི་འདུག ཁོ་གི་ མར་ཚ་ལ་གཡུས་ཚན་ནང་ལུ་སྡོད་མི་ མི་སེར་ཚུ་ གནས་སྟངས་ལཱ་ཁག་ག་དེ་སྦེ་འབྱུང་ཡི་ག་དང་ དམག་རྐྱབ་པའི་སྐབས་ མི་རེ་རེ་ལུ་ རྒྱགས་སྐལ་འཐོབ་དབང་ཚུ་ ཚོང་ཁང་གི་ཐོ་དེབ་ནང་ལུ་ ཐོ་བཀོད་དགོ་པའི་སྐོར་ལས་ ལོ་རྒྱུས་བཤད་ནི་འདུག

 

Transcript search
No results found for this search
0 of 0
  • ཤེས་རིག་དོན་ཚོགས་
    ཡ་ གསུངས་གནང་ལགས།
  • འཇིགས་མེད་རྡོ་རྗེ་
    ལགས་སོ།
  • འཇིགས་མེད་རྡོ་རྗེ་
    ངེ་མིང་འདི་ འཇིགས་མེད་རྡོ་རྗེ་ཟེར་སླབ་ཨིན་ལགས་ ཏེ་གནམ་ལོ་ ༢༠༠༣ ལུ་ཏེ་ ཕྱད་མདའ་རྐྱབ་པའི་སྐོར་ལས་ ཞུ་སྟེ་ཕུལ་ནི་ཟེར་ཞུ་ནི་ལགས། མ་པ་ ཧེ་མ་ གནམ་ལོ་ ༢༠༠༣ ལུ་ ཏེ་ང་བཅས་ནཱ་ མ་ གཡིབ་དམག་ཚུ་མ་འཛུལ་བའི་སྐབས་འདི་ ཚོང་འབྲེལ་འདི་མར་ རྒྱ་གར་ གོའི་བྷ་རི་ཟེར་ཡོད་ལགས་ འ་ནཱ་ལུ་ ཏེ་ཚོང་འབྲེལ་འབད་སྡོད་ཅི་ལགས།
  • འཇིགས་མེད་རྡོ་རྗེ་
    ཏེ་ཤུལ་ལས་ འ་ནཱི་ ༢༠༠༣ ལས་འདི་ མར་ལྟག་ རྒྱུན་འབྲེལ་ཡང་འཐབ་མ་ཚུགས་ ཏེ་དཀའ་ངན་འདི་ དཀའ་ངན་ཡོད་ སྲོག་ལུ་ཉེན་ཁ་སྡོད་ཅི་ དེ་འབདཝ་ལས་བརྟེན་ ད་ ༢༠༠༣ ལུ་ཏེ་ འབྲུག་མངའ་བདག་རྒྱལ་པོ་ འབྲུག་རྒྱལ་བཞི་པ་གིས་ར་ བཀའ་རྒྱ་གནང་སྟེ་ ང་བཅས་ཀྱི་ནཱ་ ཚོང་འབྲེལ་ཡང་ཕར་ཚུར་འབད་མི་ཆོག་ཟེར་ བཀའ་གནང་ཡི་ ཏེ་ བཀའ་རྒྱ་དང་འཁྲིལ་ཏེ་ རྫོང་ཁག་ལས་ ཏེ་དྲག་ཤོས་རྫོང་བདག་ཚུ་ཡང་བྱོན་ཡི་ལགས།
  • འཇིགས་མེད་རྡོ་རྗེ་
    བྱོན་སྦེ་ཚོགས་འཛོམས་ཞིབ་ཞིབ་རང་གནང་ཡི་ འབད་དེ་ཏེ་ ང་བཅས་རའི་ནཱ་ གནམ་ལོ་ ༢༠༠༣ ལུ་ དབྱིན་ཟླ་དང་པའི་ཚེས་ ༥ ལུ་ཏེ་ ཕྱད་མདའ་འགོ་བཙུགས་ཅི་་ཟེར་ཞུ་ནི་ལགས་ ཏེ་འགོ་བཙུགས་ཚར་ཞིནམ་ལས་ ཏེ་ད་ལྟོ་དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་སྦེ་ སྡོད་ནི་ཐོབ་ཅི་ཟེར་ཞུ་ནི་ལགས་ ཏེ་དེ་བསྒང་འདི་ ཚྭ་ཅིག་ཡང་ལེན་འབག་བཟའ་མ་ཚུགས་ལགས།
  • འཇིགས་མེད་རྡོ་རྗེ་
    བྱིན་ཡང་མི་བྱིན་པས་ལགས་ གཞུང་ ག་ནི་བས་དམ་དམ་འབད་དེ་ ཆུམ་ མི་བཅུ་ཐམ་ཡོད་པ་ཅིན་ ཆུམ་ཀེ་ཇི་ ༥ རྐྱངམ་ཅིག་ ཐོབ་པས་ཟེར་ཞུ་ནི་ལགས། ཏེ་ད་ལྟོ་འདི་ ག་དེམ་ཅིག་འབག་ཚུགས་ཚུགས་ ཕར་ཚུར་ ག་དེམ་ཅིག་ལག་ལེན་འཐབ་རུང་འཐབ་ཆོག་ཆོག་ ད་ལྟོ་འབྲུག་མངའ་བདག་རྒྱལ་པོ་ འབྲུག་རྒྱལ་བཞི་པའི་ སྐུ་དང་གྲིམ་བ་མ་ལས་བརྟེན་ཏེ་ འ་ནཱེ་ཚུན་ཚོད་ ང་བཅས་ཆ་ཁྱབ་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་ཡོད་ཟེར་ཞུ་ནི་ལགས།
  • འཇིགས་མེད་རྡོ་རྗེ་
    ཏེ་མི་དབང་མངའ་བདག་རིན་པོ་ཆེ་ཡབ་སྲས་གཉིས་ཆ་ར་ ཏེ་སྐུ་ཚེ་ལུ་འགལ་རྐྱེན་བར་ཆད་ག་ནི་ཡང་མ་འབྱུང་པར་ ཏེ་ སྐུ་ཚེ་རིང་བར་ཤོག་ཟེར་ཞུ་ནི་ཨིན་ལགས་ ལགས་སོ་བཀའ་དྲིན་ཆེ་ལགས།
  • ཤེས་རིག་དོན་ཚོགས་
    ཡ་ གསུངས་གནང་ཡ།
  • འཇིགས་མེད་རྡོ་རྗེ་
    ལགས་སོ།
  • འཇིགས་མེད་རྡོ་རྗེ་
    ངེའི་མིང་འདི་ འཇིགས་མེད་རྡོ་རྗེ་ཟེར་སླབ་ཨིན་ལགས་ གནམ་ལོ་ ༢༠༠༣ ལུ་ ཏེ་ གཡིབ་དམག་དང་གཅིག་ཁར་ ཕྱད་མདའ་རྐྱམ་པའི་སྐོར་ལས་ ང་གིས་ ལོག་ཅི་ལོག་ཅི་ར་ ཞུ་སྟེ་ཕུལ་གེ་ ཏེ་མ་པ་ ཧེ་མ་འདི་ ཕྱད་མདའ་མ་རྐྱབ་པའི་བསྒང་འདི་ ང་བཅས་ཚུ་ ཚྭ་དང་ ཆུམ་བཟའ་ནི་ར་མ་ཐོབ་ལགས་ ད་རུང་ལོག་ཅི་ལོག་ཅི་ར་ཞུ་སྟེ་ཕུལ་གེ་ ཏེ་བསམ་གྲུབ་ལྗོངས་མཁར་ལས་ ཨེ་མཀེ་ཇི་གང་ར་ འབག་འོང་མ་སྟེར་ལགས།
  • འཇིགས་མེད་རྡོ་རྗེ་
    ཚྭ་ཟེར་རུང་ ནཱ་འབྲུག་བཟའ་སྤྱོད་ལས་འཛིན་ལས་ ཏེ་མི་གསུམ་ཡོད་པ་ཅིན་ ཀེ་ཇི་ཕྱེད་ཀ་ ཏེ་ཆུམ་འབད་བ་ཅིན་ ཀེ་ཇི་གཉིས་དང་ཕྱེད་ཀ་ ནཱི་བཟུམ་སྦེ་བྱིན་ཏེ་ ཏེ་ཤོག་བྱང་ཡང་བཟོ་ཡི་ལགས་ ཤོག་བྱང་བཟོ་སྟེ་ དེ་བཟུམ་སྦེ་བཟའ་སྟེ་ དཀའཝ་སྤྱད་ཅི་ལགས།
  • འཇིགས་མེད་རྡོ་རྗེ་
    ཏེ་དེ་སྦེ་དཀའཝ་སྤྱད་པའི་བར་ན་ར་ ང་བཅས་རའི་ནཱ་ ལྷ་ཁང་ནང་ཉམས་བཅོས་ཅིག་ཞུ་སྡོད་ཅི་ ཏེ་ཉམས་བཅོས་ཞུ་སྡོད་པའི་སྐབས་ར་ ཏེ་གཞུང་ མངའ་བདག་རྒྱལ་པོ་གིས་བཀའ་ཡང་ བཀའ་གནང་ཡི་ རྒྱལ་ས་ལྟེ་བ་ལས་ལགས།
  • འཇིགས་མེད་རྡོ་རྗེ་
    བཀའ་གནང་ཞིནམ་ལས་ ཏེ་ང་བཅས་ཀྱིས་ ནཱ་ ལྷ་ཁང་ནང་ ཤིང་འདི་ཚུ་ཡང་ མགྱོགས་པ་མགྱོགས་དྲ་སྟེ་ ཕར་ལས་ཚུར་ལས་ བྱེམ་ཚུ་ཡང་ ཏེ་གཞུང་གཡོགཔ་ཚུ་ལས་ཡང་ ཏེ་ཏི་རུ་མ་དངུལ་ཚུ་གནང་ཟེར་ལྷང་སྟེ་ ལ་ལུ་གིས་ མ་དངུལ་ཞལ་འདེབས་ཚུ་གནང་སྟེ་ ཏེ་འ་ནཱི་བཟུམ་སྦེ་འབད་དེ་བསྒྲུབས་ཅི་ལགས།
  • འཇིགས་མེད་རྡོ་རྗེ་
    བསྒྲུབས་ཞིནམ་ལས་ཏེ་ གནམ་ལོ་ ༢༠༠༣ གྱི་ནང་ལུ་ར་ ཏེ་ང་བཅས་རའི་ནཱ་ ཕྱད་མདའ་འགོ་བཙུགས་ཅི་ལགས། དབྱིན་ཟླ་ ༡༢ ་པའི་ ཚེས་ ༡༥ ལགས་ སྤྱི་ཚེས་ ༡༥་ལུ་ ཕྱད་མདའ་འགོ་བཙུགས་སྟེ་ ཏེ་སྤྱི་ཚེས་ ༡༥. ༡༦.༡༧ ཚུན་ཚོད་ར་སྡོད་ཅི་ཟེར་ཞུ་ནི་ལགས་ ནཱ་ དམག་མི་ཚུ་ལགས།
  • འཇིགས་མེད་རྡོ་རྗེ་
    ཏེ་ང་བཅས་ཚུ་ བྱོག་འགྱོ་སྟེ་ དེ་བཟུམ་འབད་དེ་ ཏེ་ནཱ་ལས་དམག་མི་ཚུ་ལྷོད་དེ་ མར་ གཡུས་ཁར་ལེན་ཏེ་ ཏེ་འབད་ནུག་ལགས་ ཏེ་ག་དེ་འབད་རུང་ རེ་རེ་ལུསཔ་མས་ ཏེ་ད་ལྟོའི་བར་ན་ དེ་བཟུམ་སྦེ་ དགའ་བ་དང་སྐྱིད་པ་སྡོད་མི་འདི་ ད་ལྟོའི་འབྲུག་རྒྱལ་བཞི་པའི་ བཀའ་དྲིན་རང་ཨིན་ལགས།
  • འཇིགས་མེད་རྡོ་རྗེ་
    ཏེ་དོས་སྐྱེལ་བའི་སྐབས་ལུ་འདི་ ད་ལྟོ་ ད་ཅིག་ཞུ་ཡི་ལགས་ ཀ་པ་ ག་པ་ ང་པ་ཟེར་ཡོད་ འ་ནཱི་འདི་ ང་བཅས་ཀྱིས་མར་ལས་ དམག་མི་གིས་སྦེ་མ་འབག་ལགས་ ང་བཅས་མི་སེར་གྱིས་སྦེ་ དོས་འགྲུལ་འབད་དེ་ ད་ ནང་ན་འདི་ ཁོང་གི་སྲུང་སྐྱོབ་ཀྱི་ གཅིག་གཉིས་དེམ་ཅིག་ རྒྱལ་པོའི་སྐུ་སྲུང་ཨིན་མས་ འ་ནཱི་སྲུང་སྐྱོབ་འབད་དེ་འོང་ནུག་ཟེར་ཞུ་ནི་ལགས།
  • འཇིགས་མེད་རྡོ་རྗེ་
    ཏེ་དེ་བསྒང་ལུ་འདི་ བཀའ་འགྱུར་དང་བསྟན་འགྱུར་ཟེར་ཞུ་ཡི་ཟེར་ཞུ་ནི་ལགས་ དེ་བསྒང་ལུ་འདི་ ཏེ་འ་ནི་བཀའ་འགྱུར་བསྟན་འགྱུར་ཟེརཝ་ད་ ག་གི་ཡང་ ལག་ཆས་བཟུམ་འདི་ མ་ཤེས་པས་ ཏེ་ཁོང་ བོ་དོ་ཚུ་གིས་ཡང་ ཕྱག་དབང་ཞུ་ཡི་ལགས་ ཕྱག་དབང་ཞུ་སྟེ་ ཏེ་འ་ནཱ་ལས་ ང་བཅས་ཚུ་ ཕྱད་མདའ་འབད་ཚར་ཡི་ལགས།
  • འཇིགས་མེད་རྡོ་རྗེ་
    ཏེ་རྫོགས་ཞིནམ་ལས་ཏེ་ ད་ལྟོ་ཚུན་ཚོད་ ཏེ་ད་ལྟོ་གཞུང་ ཏེ་འ་ནཱི་འབྲུག་རྒྱལ་བཞི་པ་གིས་ དམངས་གཙོའི་གཞུང་ཟེར་ འབྲུག་གི་རྩ་ཁྲིམས་ཆེན་མོ་ཟེར་ བདེ་བ་ཐང་ལུ་ཡང་ ཞལ་འཛོམས་གནང་ཡི་ལགས་ ད་ གནང་ཚར་ཞིནམ་ལས་ཏེ་ ད་ལྟོ་གནམ་ལོ་ ༢༠༠༨ ལུ་ ཏེ་དམངས་གཙོའི་རིང་ལུགས་ཟེར་ ཏེ་གཞི་བཙུགས་གནང་སྟེ་ ད་ལྟོ་ ལོ་བཅུ་ཐམ་ལྷགཔ་ཅིག་འགྱོཝ་མེན་ན་སྨོ་ལགས།
  • འཇིགས་མེད་རྡོ་རྗེ་
    ལོ་བཅུ་ཐམ་མ་འགྱོ་མེན་ད་ལྟོ་ ད་ལྟོ་འདི་ ལོ་དགུ་དེམ་ཅིག་འགྱོཝ་འོང་ནི་མས་ ཏེ་ད་ལྟོ་འ་ནཱི་བཟུམ་སྦེ་ སྣུམ་འཁོར་ལམ་མེད་སར་ སྣུམ་འཁོར་ལམ་གནང་སྟེ་ ཏེ་བརྒྱུད་འཕྲིན་མེད་སར་བརྒྱུད་འཕྲིན་མོ་བཱལ་ ཏེ་བཀྲ་ཤིས་སེལ་ ཏེ་ད་ལྟོ་ སྣུམ་འཁོར་ལམ་ལོག་ཅི་ལོག་རང་ཞུ་གེ་ལགས།
  • འཇིགས་མེད་རྡོ་རྗེ་
    སྣུམ་འཁོར་ལམ་ ནཱ་ལ་ལུ་མ་ལྷོད་པར་ཡོད་ ལྷོད་ནི་ཡང་འཇལ་ཏེ་གནང་སྟེ་ཡོད་ཟེར་ཞུ་ནི་ལགས་ ཏེ་ད་ལྟོ་ འ་ནཱེམ་ཅིག་ཞུ་སྟེ་ཕུལ་གེ་ལགས།