Skip to main content Skip to search
28 Jun 2018
30 min 8 sec
Video Overview
Creators: 
Sherig Dentshog

Sampa Chedrup narrates about ULFA and Bodo, the Indian insurgent groups who hid in the southern areas of Bhutan. He says the group of these insurgent Indian militants camped secretly in some thick part of jungle in Samdrup Jongkhar district. The fourth King of Bhutan, Jigme Singye Wangchuck, made several attempts to peacefully move them out of Bhutan, but those attempts of negotiating the militants out of Bhutan failed. In 2003, His Majesty the fourth King of Bhutan led a military operation and they were flushed out of Bhutan.

 

བསམ་པ་ཆོས་གྲུབ་ཀྱི་ རྒྱ་གར་གྱི་གཡིབ་དམག་ ངོ་ལོག་པ་ཨཱལ་ཕ་དང་ བོ་དོག་ སྡེ་ཚན་གཅིག་ ལྷོ་ཕྱོགས་ཁ་ཐུགས་ལུ་ གཡིབ་སྟེ་སྡོད་པའི་སྐོར་ལས་ ལོ་རྒྱུས་བཤད་ནི་འདུག ཁོ་གི་སླབ་མི་ནང་ ཨ་ནཱི་རྒྱ་གར་གི་དཡིབ་དམག་སྡེ་ཚན་གཅིག་འདི་ བསམ་གྲུབ་ལྗོངས་མཁར་གྱི་ ནགས་ཚལ་སྦོམ་གཅིག་ནང་ལུ་སྒར་བཅག་སྟེ་གཡིབ་སྡོད་ནུག་ཟེར་ཨིན་མས། འབྲུག་རྒྱལ་བཞི་པ་ འཇིགས་མེད་སེང་གེ་དབང་ཕྱུགས་མཆོག་གི་ གཞི་འཇམ་པའི་སྒོ་ལས་ ཁོང་ཚུ་འབྲུག་རྒྱལ་ཁབ་ནང་ལས་ བཏོན་བཏང་ནིའི་དོན་ལུ་ ཐབས་ཤེས་རྣམ་པ་སྣ་ཚོགས་ཀྱི་ཐོག་ལས་དཔའ་བཅམ་རུང་  ཐབས་ཤེས་ཚུ་གི་ བདེ་སྒྲིག་བཟོ་མ་ཚུགས་པར་ གཡིབ་དམག་ཚུ་རྒྱལ་ཁབ་ནང་ལས་བཏོན་བཏང་མ་ཚུགས་ཟེར་ཨིན་མས། དེ་ལས་མངའ་བདག་རྒྱལ་པོ་མཆོག་གི་ འགོ་ཁྲིད་ཁོ་རང་མཛད་ཐོག་ལས་ དམག་ལས་གཅིག་འགོ་བཙུགས་ཞིནམ་ལས་ ངོ་ལོགཔ་ཚུ་ འབྲུག་རྒྱལ་ཁབ་ནང་ལས་བཏོན་བཏང་ཡི་ཟེར་ཨིན་མས།  

 

Transcript search
No results found for this search
0 of 0
  • སེམས་དཔའ་ཆོས་གྲུབ་
    ག་ཅི་སྨོ་ཟེར་བ་ཅིན་ འགོ་དང་པ་རང་ གནམ་ལོ་འདི་ ག་ཅི་ཨིན་ན་ རྒྱ་གར་གི་གཡིག་དམག་ ཨལ་ཕ་དང་བོ་དོ་ཟེར་མི་འདི་ ང་བཅས་ཀྱི་ འབྲུག་རྒྱལ་ཁབ་ནང་ ནམ་ལས་འཛུལ་ཚར་ཚརཝ་ཨིན་ན་ར་མ་ཤེས་པར་ ང་བཅས་རའི་ནཱ་ནང་ གཡུས་ནང་ན་ལྷོད་དེ་ ད་ འདི་བཟུམ་འབད་དེ་ ཁོང་གི་ གནམ་མེད་ས་མེད་ ལེགས་ཤོམ་ཨིན་ཟེར་ ང་བཅས་ ཁྱེད་ཀྱི་རྒྱལ་པོ་ལས་ འདི་བཀའ་ཤོག་ཐོབ་སྟེ་ཡོད་ཟེར་སླབ་སྟེ་ ཁོང་གི་ ང་བཅས་ གཡུས་ཁར་ལྷོད་དེ་ ང་བཅས་ཚུ་དང་གཅིག་ཁར་ཡང་བདེ་ཏོག་ཏོ་སྦེ་ སྡོད་ཅི་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ད་ ལོ་དག་པ་ཅིག་གི་རིང་ དེ་སྦེ་རང་སྡོད་ཅི་ ང་བཅས་ཡང་ཨིནམ་འདྲས་ཟེར་ ག་ཅི་ཡང་མ་ཤེས་པར་ ང་བཅས་རའི་གཞུང་གིས་ཡང་ སྙན་མ་གསན་པར་སྡོད་ཅི་ ང་བཅས་ཡང་ཨིནམ་འདྲས་ཟེར་མནོ་སྟེ་སྡོད་ཡི་ ད་ ཤུལ་ལས་ ལོ་དག་པ་ཅིག་གི་རྒྱབ་ལས་ཏེ་ ད་ལྟོ་ ང་བཅས་རའི་ ང་བཅས་བསམ་གྲུབ་ལྗོངས་མཁར་གྱི་ དེའི་སྐབས་ལུ་ རྫོང་བདག་དཔལ་ལྡན་དབང་ཕྱུག་ཟེར་བཞུགས་ཡི།
  • སེམས་དཔའ་ཆོས་གྲུབ་
    ཏེ་ཁོ་ རྫོང་བདག་གི་ དེ་ལས་ཏེ་ ཚར་གཅིག་འབདཝ་ད་ ང་བཅས་ མར་ ང་བཅས་རའི་ དྲུང་ཁག་
    ཕུན་ཚོགས་ཐང་ དྲུང་ཁག་ལུ་ ང་བཅས་ ནཱ་ དྲུང་ཁག་གི་མི་ཚུ་ ག་ར་བཀུག་སྟེ་ དེ་ལས་དེ་བསྒང་ རྫོང་བདག་གིས་ དེ་བཟུམ་སྦེ་ ང་བཅས་ལུུ་ གནས་ཚུལ་ཅིག་གསུངས་ཞིནམ་ལས་འདི་ ང་བཅས་ཀྱིས་ ཧ་གོ་ཡི་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ད་ ག་ཅི་སྦེ་ཟེར་བ་ཅིན་ དེ་ཚུན་ཚོད་ ང་བཅས་འདི་ བདེན་པ་རང་ཨིནམ་འདྲས་མནོ་སྟེ་ ང་བཅས་ འབྲུག་རྒྱལ་ཁབ་ཀྱི་གཞུང་དང་གཅིག་ཁར་ མཐུན་ལམ་ཡོད་ཟེར་ ཁོང་གིས་ དེ་སྦེ་སླབ་དེས་ མཐུན་ལམ་ཐོག་ལས་ར་ཨིན་མས་ཟེར་མནོ་སྡོད་ཡི་ དེ་བསྒང་ལས་འབདན་ མེན་ཟེར་ ཁོང་ རྒྱ་གར་ལུ་ངོ་ལོག་མི་ཨིན།
  • སེམས་དཔའ་ཆོས་གྲུབ་
    :
    འ་ནཱི་ངོ་ལོག་མི་ཚུ་ལུ་ ཆ་རོགས་དང་རྒྱབ་སྐྱོར་འདི་ རྩ་ལས་རང་འབད་ནི་མི་འོང་ཟེར་ ད་ དྲག་ཤོག་གིས་ དེ་སྦེ་གསུངས་ཏེ་ ད་ དེའི་ཧེ་མ་འབད་མི་ཚུ་ ཁྱད་མེད་ ད་ ད་རེས་ལས་ཡར་ ཁྱེད་ཚུ་གིས་ ཆ་རོགས་འདི་ རྩ་ལས་རང་འབད་ནི་མི་འོང་ཟེར།
  • སེམས་དཔའ་ཆོས་གྲུབ་
    དྲག་ཤོས་རྫོང་བདག་གིས་ བཀོད་རྒྱ་འདི་བཟུམ་སྦེ་ གནང་ཞིནམ་ལས་ ང་བཅས་ཡང་ གནམ་མེད་ས་མེད་ཁོང་ཚུ་དང་གཅིག་ཁར་ རྣམ་ཏོག་ཅིག་ཆགས་སྟེ་ དེ་སྦེ་འབད་དེ་ ལོ་ དག་པ་ཅིག་གི་རྒྱབ་ལས་འདི་ ད་རུང་ ཁོང་ ང་བཅས་རའི་ འབྲུག་རྒྱལ་ཁབ་ཀྱི་ ང་བཅས་རའི་ རྒྱལ་པོ་ འབྲུག་མངའ་བདག་རྒྱལ་པོ།
  • སེམས་དཔའ་ཆོས་གྲུབ་
    འབྲུག་རྒྱལ་བཞི་པ་གིས་ ནཱ་ ཁོ་རའི་སྐུ་སྲོག་ལུ་མ་ཕངས་པར་ འོ་བརྒྱལ་ཏེ་ར་ ནཱ་ ས་གནས་ མར་ ང་བཅས་རའི་ བསམ་གྲུབ་ཆོས་གླིང་དྲུང་ཁག་ལས་འགོ་བཙུགས་ཏེ་ ང་བཅས་རའི་ མར་ཚྭ་ལ་རྒེད་འོག་ལས་རྒྱུད་དེ་ཡར་ ཀེབ་ཏང་རི་ལུ་ ཨལ་ཕ་གི་དམག་སྒར་སྦོམ་འདི་ འ་ནཱ་ རི་ཀབ་ཏོང་ཟེར་མི་རི་ལུ་ ཆགས་སྡོད་ཅི།
  • སེམས་དཔའ་ཆོས་གྲུབ་
    ད་ འ་ནཱི་འབདཝ་ལས་ ཡར་ལས་ཀེབ་ཏང་ལུ་བྱོན་ཏེ་ མངའ་བདག་རིན་པོ་ཆེ་ ཕར་བྱོནམ་ཅིག་ར་ ད་ ཀེབ་ཏང་ལུ་ཡང་ ལྷ་ཁང་གཅིག་སྡོད་ཡི་ ལྷ་ཁང་ནང་ཞབས་ཀྱིས་བཅགས་ དེ་ལས་ ཨ་ནེམ་སྡེ་ཚན་ཁོང་ དགུ་བཅུ་ཐམ་དེ་ཅིག་ཡོད།
  • སེམས་དཔའ་ཆོས་གྲུབ་
    འ་ནཱི་ཚུ་སྡོད་ནི་གི་ ཁོང་གི་གྲྭ་ཤག་འདི་ དཀའ་ངལ་ཐོན་ནི་མེདཔ་སྦེ་ དཀའ་ངལ་གནམ་མེད་ས་མེད་སྡོད་ཡི་ མི་དབང་མངའ་བདག་རིན་པོ་ཆེ་གིས་ གྲྭ་ཤག་ཡང་གནང་ནི་ཟེར་ ཞལ་གྱིས་བཞེས་གནང་ཡང་གནང་ཡི།
  • སེམས་དཔའ་ཆོས་གྲུབ་
    ད་ ཕར་ལས་སྦེ་ ཀེབ་ཏང་ལས་སྦེ་བྱོན་ཞིནམ་ལས་ ནཱ་ཝང་རི་གི་གཡུས་ཁར་ཕེབས་ཏེ་ ཏེ་ང་བཅས་ ནཱ་ལུངམ་པ་ཚུ་གིས་ རྟེན་འབྲེལ་གྱི་ཚུལ་ཙམ་ཅིག་སྦེ་ ང་བཅས་ཀྱི་ཚོགས་ཆང་ཅིག་ ཐང་ནང་སྦེ་ བསྒྲིགས་ཅི།
  • སེམས་དཔའ་ཆོས་གྲུབ་
    ད་ ཐང་ནང་ཚོགས་ཆང་སྒྲིག་ས་ བཞུགས་ནི་དེ་བཞུགས་ཡི་ དེ་འབདཝ་ད་ མངའ་བདག་རིན་པོ་ཆེ་དགོངསམ་ཁྲེལ་ཏེ་ གནམ་མེད་ས་མེད་ ཐུགས་འོ་བརྒྱལ་ཏེ་ ཐུགས་གམ་སྟེ་ ཕར་ཕེབས་སྟེ་ དགོངསམ་ཁྲེལ་ཏེ་ ང་བཅས་རའི་ཚོགས་ཆང་གིམ་ ཞལ་རང་མ་གཟིགས་པར་བཞུགས་ཅི་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ད་ འ་ནཱ་ལུ་ཏེ་ དགོངསམ་ཁྲེལ་ཏེ་ ང་བཅས་ལུ་གསུངས་དེས་ ད་ ཁྱེད་རྒྱ་གར་གྱི་ངོ་ལོགཔ་ གཡིབ་དམག་ཚུ་དང་གཅིག་ཁར་ གཅིག་ཁར་སྡོད་ནུག་ཟེར་ རྒྱ་གར་གྱི་དམག་མི་གིས་ འ་ནཱ་ལུ་ཀྲོབ་མདའ་རྐྱབ་པ་ཅིན་ ཀྲོབ་མདའ་རྐྱབ་པ་ཅིན་ ཁྱེད་ཚུ་གཅིག་ཁར་གསད་འོང་ གཅིག་ཁར་ཤི་ནི་ཨིན་ན་ཟེར་ དགོངས་ཁྲེལ་ཏེ་ནཱེ་སྦེ་གསུངས་དེས།
  • སེམས་དཔའ་ཆོས་གྲུབ་
    ད་ དེ་སྦེ་གསུངས་ཞིནམ་ལས་ ཚོགས་ཆང་འདི་བཞེས་ཏེ་ ཚོགས་ཆང་གི་གསོལ་རས་ཡང་གནང་སྟེ་ ནཱ་གི་ལྷ་ཁང་ནང་ ཞབས་ཀྱིས་བཅགས་སྟེ་ ཧེ་མ་འ་ནཱི་ ལྷ་ཁང་ཆུང་ཀུ་གཅིག་ཡོད་ འ་ནཱི་ནང་ཞབས་ཀྱིས་བཅགས་སྟེ་ ད་ ལྷ་ཁང་ནང་ཡང་ དེ་བཟུམ་སྦེ་ནང་ན་ ཐུགས་སྨོན་གནང་སྟེ།
  • སེམས་དཔའ་ཆོས་གྲུབ་
    ལྷ་ཁང་ནང་ སྐུ་གཅིག་ཡང་མིན་འདུག་ཟེར་ ད་ ལྷ་ཁང་ལུ་ནང་འདི་སྐུ་དགོ་ སྐུ་གནང་ཟེར་ཞལ་གྱིས་བཞེས་སྟེ་ ནཱ་ལས་བྱོན་ཡི་ཟེར་ཞུ་ནི་ཨིན་ལགས་ ནཱ་ལས་ཕར་བྱོན་ཏེ་ ད་ ནཱ་ཕར་ ཕར་ དེང་ཤིང་རི་ཟེར་ས་ལུ་ཡང་ ཁོང་གི་སྒར་གཅིག་སྡོད་ཅི་ འདི་ནང་ལྟག་བྱོན་ ཏེ་བྱོན་ཡི་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ཏེ་ལོ་ཤུལ་མ་འབདཝ་ད་ ད་རུང་ཡང་ ལོ་གཅིག་གི་རྒྱབ་ལས་ ད་རུང་ མི་དབང་མངའ་བདག་རིན་པོ་ཆེ་ལོག་སྟེ་ར་ ནཱ་ འ་ནཱི་ཨལ་ཕའི་་དཀའ་ངལ་སེལ་ཐབས་ཀྱི་དོན་ལས་ ལོག་སྟེ་དེ་བསྒང་ ནཱ་ལས་པདྨ་ཐང་ལས་ ང་བཅས་རའི་ནཱ་ ཝང་ཕུག་ལས་ཐོན་ཏེ་བྱོན་ཡི་ཟེར་ ཏེ་དེ་བསྒང་ཡང་ ཝངཕུག་རི་ལུ་ ང་བཅས་ཀྱིས་ དེ་བསྒང་ཡང་ ལོ་ཧེ་མ་ ཚོགས་ཆང་བསྒྲིགས་སའི་ས་སྒོ་ནང་ར་ ཚོགས་ཆང་བསྒྲིགས་ཏེ་ འ་ནཱེ་སྦེ་ཕེབས་སུ་ཞུ་ཡི།
  • སེམས་དཔའ་ཆོས་གྲུབ་
    ཏེ་ཕེབས་ད་ ཕེབས་སུ་ཞུ་སྡོད་ཅི་ དེ་བསྒང་འབད་བ་ཅིན་ མི་དབང་མངའ་བདག་རིན་པོ་ཆེ་ ཞལ་གྱིས་བཞེས་ཏེ་ར་བྱོན་ཡི་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ག་ཅི་སྦེ་ཟེར་བ་ཅིན་ ང་བཅས་རའི་ ལུང་བསྟན་དང་འཁྲིལ་ཏེ་ དེ་བསྒང་ལུ་ ང་བཅས་རའི་ འབྲུག་རྒྱལ་པོ་ མངའ་བདག་རིན་པོ་ཆེ་ འབྲུག་རྒྱལ་བཞི་པ་ དཔལ་མི་དབང་འཇིགས་མེད་སེང་གེ་དབང་ཕྱུག་ སངས་རྒྱས་གཉིས་པའི་སྐུ་ཚབ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ སངས་རྒྱས་གཉིས་པའི་སྐུ་ཚབ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་དང་ རྟོགས་པ་མཉམ་པའི་རྒྱལ་པོ།
  • སེམས་དཔའ་ཆོས་གྲུབ་
    འདི་བཟུམ་སྦེ་ ལུང་བསྟན་གྱི་རྒྱལ་པོ་གིས་ ང་བཅས་རའི་ནཱ་ ཞབས་ཀྱིས་བཅགས་ཏེ་ དཔོན་ལས་ རྒྱལཔོ་གི་ཞལ་གྱི་གསུང་གོ་ཏེ་ ང་བཅས་ཀྱིས་ཡང་ གསུང་གྲོས་འདི་ཕུལ་ཚུགས་མི་ལུ་ གནམ་མེད་ས་མེད་གོ་སྐབས་སྦོམ་ཐོབ་སྟེ་ ཁ་རྗེ་བཟང་ཡི་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ད་བསྒང་ལུ་ ག་ཅི་སྨོ་ཟེར་བ་ཅིན་ ཕེབས་ཅིག་ར་ ཁྱེད་ཚུ་ག་དེ་སྦེ་སྡོད་ཡི་ ལེགས་ཤོམ་སྦེ་ར་ཡོད་ག་ཟེར་ མངའ་བདག་རིན་པོ་ཆེ་གིས་གསུང་གོ་སྟེ་ གསུང་གོ་སྟེ་ ང་རང་ཡང་ དེ་བསྒང་ ཚིགས་ཐེང་གཅིག་གཉིས་ཞུ་ནི་ཐོབ་སྟེ་ གོ་སྐབས་ཐོབ་སྟེ་ གནམ་མེད་ས་མེད་ང་འདི་ བསམ་པ་རྫོགས་ཅི་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ཏེ་ག་དེ་སྦེ་སྨོ་ཟེར་བ་ཅིན་ ཁྱེད་ཆ་ཁྱབ་ ལེགས་ཤོམ་སྦེ་ར་ཡོད་ག་ཟེར་གསུངས་དེས་ མི་དབང་མངའ་བདག་རིན་པོ་ཆེའི་ སྐུ་དང་དྲིམ་མ་ལས་ ང་བཅས་འདི་ ལེགས་ཤོམ་སྦེ་རང་ཡོད་ཟེར་ཞུཝ་ད་ ཨ་ ཁོང་གིས་ ག་ཅི་ཡང་མི་འབད་ ད་འ་ནཱི་དབྱིན་ཟླ་བཅུ་གཉིས་པའི་ནང་ལས་ ལོག་སོང་ཟེར་ང་གིས་སླབ་དོ།
  • སེམས་དཔའ་ཆོས་གྲུབ་
    ཁོང་ཚུ་འགྱོ་ནི་ཨིན་ ཁྱེད་ཆ་ཁྱབ་ག་ནི་ཡང་མི་འབད་སྨ་རེ་ཟེར་ གསུངས་དེས་ལགས་ དེ་ལས་ གསུངས་ཞིནམ་ལས་ དེ་ལས་ཡར་ཀེབ་ཏང་ལུ་བྱོན་ཡི་ ད་ ནངས་པ་བཟུམ་ཅིག་ལུ་ ལོག་སྟེ་ཀེབ་ཏང་ལས་ མར་ལྟག་བྱོན་ཏེ་ དོ་རུང་ཡང་ ནཱ་ཞབས་ཀྱིས་བཅགས་སྟེ་ དེ་སྦེ་བྱོན་ཡི་ལགས།
  • སེམས་དཔའ་ཆོས་གྲུབ་
    བྱོན་ཏེ་ དེ་བསྒང་ཡང་ དེང་ཤིང་རི་གི་སྒར་ནང་བྱོན་ཏེ་ དེ་སྦེ་བྱོན་ཏེ་ ལོ་གཉིས་ཆ་ར་ དེ་སྦེ་རིམ་ཐེངས་གཉིས་འབྱོན་ཡི་ནཱ་ ཤུལ་མའི་ལོ་ནང་ཡང་ ད་རུང་ར་ ཏེ་ང་བཅས་རའི་ནཱ་ གཡུས་ལུ་འདི་ཚར་གཉིས་ར་ཞབས་ཀྱིས་ བཅགས་ཡི་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ཚར་གསུམ་ ལོ་གསུམ་ཟེརཝ་ད་ལུ་འདི་ ཡར་ལས་ ཁོང་གིས་ རི་ཀབ་ཏོང་ དམག་སྒར་ནང་ལས་རང་ ཕྲང་སྟེ་ ཡར་ལས་མར་ རི་ལས་མར་འབབ་བྱོན་ཏེ་ མར་ལྟག་ དྲུང་ཁག་ནང་ཐོན་ཏེ་བྱོན་ནུག་ཟེར་ཞུ་ནི་ལགས།
  • སེམས་དཔའ་ཆོས་གྲུབ་
    དེ་བསྒང་མཇལ་མ་ཚུགས་ དེ་ལས་ ཚར་བཞི་ཟེརཝ་ད་ལུ་འདི་ མར་ཚྭ་ལ་ལུ་ ལྷ་ཁང་གཅིག་ཡང་ འབྲུག་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ བསྟན་བཅོས་སྐུ་རིམ་ལུ་དམིགས་ཏེ་ མི་དབང་མངའ་བདག་རིན་པོ་ཆེའི་བཀའ་དང་འཁྲིལ་ཏེ་ མར་ཚྭ་ལ་གཡུས་སྟོད་ལུ་ཡང་ ལྷ་ཁང་གསར་བཞེངས་གཅིག་བཞེངས་ཏེ།
  • སེམས་དཔའ་ཆོས་གྲུབ་
    ཏེ་དེ་གི་ མ་དངུལ་ཚུ་གཞུང་གིས་གནང་སྟེ་ འ་ནཱི་སྒྲུབ་དང་འབྲེལ་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་ ཐེངས་བཞི་པ་བྱོན་པའི་སྐབས་ལུ་ ཏེ་ཨལ་ཕ་དང་གཅིག་ཁར་ དམག་རྐྱབ་པའི་དུས་ཚོད་འདི་ དབྱིན་ལོ་འབད་བ་ཅིན་ གཉིས་སྟོང་གསུམ་ལུ་ཨིན་མས།
  • སེམས་དཔའ་ཆོས་གྲུབ་
    སྨོ་ཤིག་ གཉིས་སྟོང་གསུམ་གྱི་སྐབས་ལུ་འདི་ ཁོང་གིས་ མ་པ་ལས་ར་འགྱོ་མ་བཏུབ་པ་ཅིན་ ད་ དམག་རྐྱབ་ནི་གི་ཨིན་ཟེར་ ཧེ་མ་ལས་ར་གསུངས་ཡི་ ཏེ་དེ་བསྒང་ལས་ མ་པ་ལས་ར་ ཁོང་འགྱོ་མ་བཏུབ་ལས་ ང་བཅས་འདི་མ་ཤེས་ གསང་བ་ཐོག་ལས་ མི་དབང་མངའ་བདག་རིན་པོ་ཆེ་ ཁོ་རའི་ཐུགས་འཆར་ལས་སྦེ་ འཆར་གཞི་འདི་བཟུམ་མ་འདྲཝ་སྦེ་བརྩམས་ནུག
  • སེམས་དཔའ་ཆོས་གྲུབ་
    ཏེ་འ་ནཱི་ལྷ་ཁང་གི་སྒྲུབ་ལུ་ཡང་ ཏེ་སྐུ་རིམ་དང་འབྲེལ་ཏེ་ སྒྲུབ་གནང་ནིའི་དོན་ལུ་ དབུ་ལྷ་སྦེ བླ་མ་ག་ཞུ་ནི་ཨིན་ན་ རང་ནཱ་ལས་ ཁོང་རྒཔོ་དང་སྤྱི་མི་ཚུ་ དྲུང་ཁག་ལས་དྲུང་པ་ དྲུང་པ་ཚུ་ ཕར་ རྫོང་ཁག་གི་རྫོང་བདག་ཚུ་ ག་གི་ཡང་མ་ཤེས་པར་ ཨ་ནཱེ་སྦེ་སྡོད་ཡི།
  • སེམས་དཔའ་ཆོས་གྲུབ་
    མི་དབང་མངའ་བདག་རིན་པོ་ཆེ་ ཕྲང་ཕྲང་ར་ཁོ་རའི་ཐུགས་འཆར་དང་འཁྲིལ་ ཧེ་མ་ར་ ཕར་ལུ་བླ་མ་ག་ཞུ་ནི་ཟེར་ དེ་སྦེ་གསུངསམ་ད་ གཞན་ཚུ་གིས་ ཞུ་མ་ཤེས་པར་སྡོདཔ་ད་ བུམ་ཐང་གི་ ཐུགས་སྲས་རིན་པོ་ཆེ་སྟེ་ཡོད་སྨོ་ཟེར།
  • སེམས་དཔའ་ཆོས་གྲུབ་
    མི་དབང་མངའ་བདག་རིན་པོ་ཆེ་གིས་ བཀའ་འ་ནཱེ་སྦེ་གནངམ་ལས་ ཐུགས་སྲས་རིན་པོ་ཆེ་ནཱ་ཞུ་སྟེ་ དེ་བསྒང་ལུ་ སྐུ་རིམ་ལུ་ དབུ་ལྷ་ཡང་ བླ་མ་ཡང་ ཐུགས་སྲས་རིན་པོ་ཆེ་ཞུ་སྟེ སྐུ་རིམ་ཉིནམ་གསུམ་ སྲིན་བཟློག་པར་ཁ་འཁོར་ལོ་གི་ གཏོར་ཟློགས་ཅིག་གནང་སྟེ་ སྡོད་པའི་སྐབས་ལུ།
  • སེམས་དཔའ་ཆོས་གྲུབ་
    མཇུག་གི་ འ་ དབྱིན་ཟླ་བཅུ་གཉིས་པ་ སྤྱི་ཚེས་ ༡༤ གི་ཉིནམ་ལུ་འདི་ འབྲུག་རྒྱལ་བཞི་པ་ཡང་ ཕར་ ཞབས་ཀྱིས་བཅགས་སྟེ་ ད་ ལྷ་ཁང་ནང་ན་ཡང་ ཐུགས་སྨོན་གནང་ཞིནམ་ལས་ ད་ ང་བཅས་ མི་སེར་དང་མཇལ་ཁ་གནང་ཞིནམ་ལས་ ཡར་ལྟག་ཀེབ་ཏང་ལུ་ བྱོན་ཡི་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ཏེ་དེ་བསྒང་ དམག་མི་ཚུ་ཡང་ གནམ་མེད་ས་མེད་ འ་འུར་ཚབ་ཚབ་ དེ་བཟུམ་ཏེ་ རྒྱ་གར་དང་གཅིག་ཁར་ཡང་ གནམ་མེད་ས་མེད་ དམ་དམ་གསང་བའི་ཐོག་ལས་ ང་བཅས་མི་སེར་ཚུ་ཡང་ གནམ་མེད་ས་མེད་ དེ་བཟུམ་འབད་དགོ་མི་ གནམ་མེད་ས་མེད་ མི་དབང་མངའ་བདག་རིན་པོ་ཆེ་འདི་ ག་དེམ་ཅིག་དཀའཝ་སྤྱདཔ་ཨིན་འོང་ ང་བཅས་ནཱ་ མི་སེར་ཚུ་ཡང་ གནམ་མེད་ས་མེད་ དཀའཝ་སྤྱད་ཅི་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ག་ཅི་སྦེ་ཟེར་བ་ཅིན་ དང་པར་ར་ མར་ ཚོང་ཁང་ལས་ ཟ་སྤྱོད་ལས་ཁུངས་ཀྱི་ཚོང་ཁང་ནང་ལས་ ད་ མར་དང་ གུ་རམ་ ཆུམ་ དེ་བཟུམ་མའི་འབག་མ་ཆོག་པས་ ཤོག་འཛིན་གྱི་ལས་རིམ་ཅིག་བཟོ་སྟེ་ འ་ནཱི་ཤོག་འཛིན་གྱི་ཐོག་ལས་ བདུན་ཕྲག་རེ་ལུ་ སྲང་གསུམ་གསུམ་བཞི་བཞི་རེ་སྦེ་ ལེན་བཟའ་སྟེ་ དཀའཝ་སྤྱད་ཅི་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    འཆར་གཞི་གི་ལས་ར་འབད་རུང་ གཞུང་གི་འཆར་གཞི་གི་ལས་ར་ཨིན་རུང་ དེ་བསྒང་ འགོ་བཙུགས་མ་ཚུགས་པར་ ཤུལ་མ་ལུས་སོང་ཡི་ ཏེ་འཇུག་ར་དེ་བསྒང་ ཁོང་དམག་མི་ཚུ་ཡང་ ཉི་མ་མཐོང་ནི་མེད་པར་ ནུབ་མོ་འདི་ གནམ་མེད་ས་མེད་ ཁོང་གིས་ རྫས་བམ་དང་ དེ་ཚུ་སྐྱེལ་ཏེ་ གནམ་མེད་ས་མེད་ དཀའཝ་སྤྱད་དེ་འདུག
  • སེམས་དཔའ་ཆོས་གྲུབ་
    ཏེ་ང་བཅས་ ཕར་མར་ཚྭ་ལའི་ཧོངས་ལུ་འབད་བ་ཅིན་ བམ་ ཁོང་ མོ་ཀྲར་ཟེར་སླབ་མས་ འ་ནཱི་མོ་ཀྲར་བམ་གྱི་རྫས་ཚུ་ འབག་ནི་གི་གནས་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་ཁོ་རའི་ ཐུགས་འཆར་གྱི་སྒོ་ལས་སྦེ་ དཔེ་ཆ་པོ་ཏི་བཟུམ་སྦེ་བཟོ་སྟེ་ ཕྱི་ལས་ཁ་ཤ་གིས་བསྡམས་ཏེ།
  • སེམས་དཔའ་ཆོས་གྲུབ་
    འ་ནཱེ་སྦེ་རྟ་གུ་བཀལ་ཏེ་ མར་ལས་ཡར་ལྟག་ བསམ་གྲུབ་ཆོས་གླིང་དམག་ཁང་ལས་ཡར་ལྟག་ ག་ཅི་སྨོ་ཟེར་བའི་སྐབས་ བཀའ་འགྱུར་ཨིན་ བསྟན་འགྱུར་ཨིན་ཟེར་ པོ་ཏི་པོ་ཏི་ཚུ་ འ་ནཱེ་སྦེ་ཏེ་མ་པ་ལས་ ཀྲོམ་མདའ་ མོ་ཀྲར་འབག་ནི་གི་ འ་ནཱི་མོ་ཀྲར་ ངོ་མ་ཡོདཔ་མས་མེན་ན་ འ་ནཱི་འདི།
  • སེམས་དཔའ་ཆོས་གྲུབ་
    མ་ཎི་དུང་འཁོར་གྱི་ སྲོག་ཤིང་ཨིན་ཟེར་ ད་དེ་བཟུམ་སྦེ་སླབ་སྟེ་ དེ་སྦེ་བཟོ་རྫུས་མ་བཟོ་སྟེ་ དེ་སྦེ་སྐྱེལ་ནུག་ ཏེ་ང་བཅས་ཀྱིས་འདི་ དམག་ནངས་པ་རྐྱབ་ནི་ཟེར་ རེ་རེ་གཉིས་གཉིས་ཀྱིས་ དེ་སྦེ་སླབ་ད་ བློ་ར་མ་བདེ་ ལོ་ཨ་རྟག་ར་གསུངས་ནི་ཡོད།
  • སེམས་དཔའ་ཆོས་གྲུབ་
    འབྲུག་རྒྱལ་བཞི་པ་གིས་ འ་ནཱི་བཟུམ་སྦེ་དམག་གནང་ནི་ཟེར་ ཨིན་རུང་གནང་ནི་འདི་མེད་ ཁོ་ཐུགས་བྱང་ཆུབ་སེམས་དཔའ་ཡོདཔ་ལས་བརྟེན་ཏེ་ ཏེ་ཨལ་པ་ཚུ་ འགྱོ་བ་ཅིན་འགྱོ་བཅུག་ཟེར་ འཇིགས་སྐྲག་གི་དོན་ལུ་ གསུངས་གསུངསམ་མས་ཟེར་་སླབ་དེས་ བློ་ར་མ་བདེ།
  • སེམས་དཔའ་ཆོས་གྲུབ་
    ཏེ་སྤྱི་ཚེས་བཅུ་བཞི་གི་ཉིནམ་ལུ་ ཕར་ མཇལ་ཁ་གནང་སྟེ་ ཡར་ཀེབ་ཏང་ལུ་བྱོན་ཡི་ ང་བཅས་ཡང་ ཐུགས་སྲས་རིན་པོ་ཆེ་ལས་ མཇུག་གི་ཁྲོམ་དབང་ཅིག་ཞུ་སྟེ་ ཏེ་དེ་བསྒང་ ཕར་ལུ་ སྐུ་རིམ་འདི་མཇུག་བསྡུ་སྟེ་ ནངས་པ་བཟུམ་ཅིག་ཁར་ ང་བཅས་ཡང་ གཡུས་ཁར་འོང་ནི་ཟེར་ སྒྲ་སྒྲིག་འབད་སྡོད་ཅི།
  • སེམས་དཔའ་ཆོས་གྲུབ་
    ཏེ་གཡུས་ཁར་འོང་ནི་ཟེར་ གྲ་སྒྲིག་འབདཝ་ད་ལུ་ ང་བཅས་རའི་ ནཱ་ལས་འརི་ནི་གི་རྒྱ་གླིང་འདི་ ང་བཅས་རའི་ནཱ་ལས་འབག་སྟེ་ཡོད་ འ་ནཱི་རྒྱ་གླིང་ རིན་པོ་ཆེའི་ཞབས་ཕྱིད་ཀྱི་དོན་ལུ་ རྒྱ་གླིང་འརི་ནི་གི་མར་ར་འབག་སྟེ་ འ་ནཱི་རྒྱ་གླིང་ལུ་བསྒུགས་སྡོདཔ་ད་ལུ་ཏེ་ ཧ་ལམ་དྲོ་པ་ ཆུ་ཚོད་དགུ་ལང་སོང་ནུག་མེན་ན།
  • སེམས་དཔའ་ཆོས་གྲུབ་
    ཏེ་ཆུ་ཚོད་དགུ་ལངམ་ཞིནམ་ལས་ སོང་ཞིནམ་ལས་ བམ་དང་ཀྲོབ་མདའི་ སྐད་རྐྱབ་ནི་འགོ་བཙུགས་ཏེ་ ད་ དར་དར་དུར་དུར་འབད་དེ་ གནམ་མེད་ས་མེད་ ཏེ་ག་ཅི་ཅིག་འབད་དེ་འདྲོག་སྟེ་ སེམས་མ་ཆགས་པ་ཏེ་ བར་ན་ ནཱ་ མར་ཚྭ་ལ་ལས་ ཕར་ལྟག་ མི་རུ་ལུ་ བམ་བཀོ་མི་ཡང་མཐོང་མས།
  • སེམས་དཔའ་ཆོས་གྲུབ་
    ཏེ་ནཱ་ ཕུ་ཀབ་ཏོང་ལུ་ཡང་ བམ་བཀོ་ས་མཐོང་མས་ བར་ན་ ཕར་དང་ཚུང་ར་མཐོང་མས་ ང་འདི་ ཨ་ལུ་ཚུ་ག་ར་གཅིག་ཁར་མེད་ལགས་ ཏེ་ཨ་ལུ་གཅིག་ རྒྱལ་པོ་ཞིང་ལུ་ དཔེ་ཆ་ལྷབ་ཨིན་ གཅིག་བཀྲ་ཤིས་སྒང་ལུ་ལྷབ་ཨིན།
  • སེམས་དཔའ་ཆོས་གྲུབ་
    འ་ནཱི་བཀྲ་ཤིང་སྒང་ལུ་ལྷབ་མི་འདི་ ཁོང་ ཟད་འགྲོ་འཚོལ་ནིའི་དོན་ལུ་ ཏེ་ང་བཅས་རའི་ནཱ་ བདེ་བ་ཐང་གི་གཞུང་ལམ་ཁར་ ལམ་སེལ་ལས་ཁུངས་ནང་ གནས་སྐབས་ཀྱི་ལཱ་ཅིག་འཚོལ་ཏེ་ དེ་སྦེ་སོང་སྟེ་ཡོད།
  • སེམས་དཔའ་ཆོས་གྲུབ་
    ཏེ་བུམོ་གཉིས་ནཱ་ ནོར་འཚོ་སྟེ་ རིན་པོ་ཆེ་མཇལ་ནིའི་དོནལུ་ ཧེ་མ་ར་ བུམོ་གཉིས་འོང་སྟེ་ མཇུག་ལུ་འདི་ ཨ་མ་སོར་ཏེ་ལྷོད་ཅིག་ ང་བཅས་ཨ་མ་དང་ཨ་པ་ ཕར་མར་ཚ་ལ་ བམ་རྐྱབ་སྟེ་དེ་སྦེ་འབདཝ་ད་ལུས་སོང་ཡང་ བུམོ་གཉིས་ནཱ་ལུ་ གནམ་མེད་ས་མེད་ མགུ་ཡུ་འཁོར་ཡི་ཟེར་ཞུ་ནི་ལགས།
  • སེམས་དཔའ་ཆོས་གྲུབ་
    ཏེ་ཨིན་ཏེ་ར་འབད་རུང་ར་ དམག་དེམ་ཅིག་རྐྱབ་རུང་ ང་བཅས་ར་ནཱ་ མི་དབང་མངའ་བདག་རིན་པོ་ཆེའི་ ཐུགས་རྗེ་བྱིན་རླབས་དང་ དཀོན་མཆོག་གི་ཐུགས་རྗེ་གིས་སྦེ་ སེམས་ཅན་འབུབ་ཆུང་ཀུ་ཅིག་ལུ་ཡང་ སྐྱོན་ག་ནི་ཡང་མ་ཕོག་ཟེར་ ནཱ་ལས་ ང་བཅས་རའི་ནཱ་ སྦོག་ལོག་ཁར་འབད་རུང་ དམག་འདི་མཇུག་བསྡུ་ཡི་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ཏེ་དམག་གནང་བའི་བསྒང་ཡང་ མི་དབང་མངའ་བདག་རིན་པོ་ཆེ་གིས་ ཁོ་ར་རང་དམག་དཔོན་སྦེ་ ཁོ་ར་ར་མཛད་དོ་བཟུམ་འདི་ ཧེ་མའི་རྒྱལ་བརྒྱུད་ རྒྱལ་རབས་དང་པ་གཉིས་པ་གསུམ་པ་ཚུ་གི་ཡང་ དམག་གནང་ནི་འདི་གནང་ནུག
  • སེམས་དཔའ་ཆོས་གྲུབ་
    གནང་ཏེ་ར་འབད་རུང་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་གི་ ནང་འཁྲུག་གི་སྐབས་ གནང་གནངམ་མ་གཏོགས་ འབྲུག་རྒྱལ་བཞི་པ་བཟུམ་སྦེ་ འདི་བཟུམ་སྦེ་ ཕྱིའི་རྒྱལ་ཁབ་སོ་སོར་དང་གཅིག་ཁར་ དམག་གནང་མི་འདི་ མ་ཤེས་མ་མཐོང་།
  • སེམས་དཔའ་ཆོས་གྲུབ་
    ད་ལྟོ་ང་བཅས་རའི་ འབྲུག་རྒྱལ་བཞི་པ་གིས་འདི་ ང་བཅས་ཀྱིས་དངོས་སུ་སྦེ་ར་ དམག་གནང་གནངམ་གྱི་གཏམ་སྒྲ་དང་ མིང་གཏམ་གྱི་ཐོག་མེན་པར་ དངོས་སུ་སྦེ་ ཁོ་ར་ར་དམག་དཔོན་སྦེ་བྱོན་ཏེ་ གནང་མི་འདི་ ངེས་ཏིག་མཇལ་མཇལཝ་ཨིན་ ང་བཅས་ཀྱི་ མིག་མཐོང་ལགཔ་བཟུང་ཨིན་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ད་ཁོ་རའི་སྲས་ འཇིགས་རྒྱལ་ཟེར་མི་འདི་ཡང་ གཅིག་ཁར་ཕྱག་ཞུ་སྟེ་འདུག་ ཏེ་ང་འདི་གཅིག་ཁར་མེད་ ཀེབ་ཏང་ལུ་ ཕྱག་མདའ་གནངམ་ད་ འཇིགས་རྒྱལ་འདི་ཧེ་མ་ཧེ་མ་ཐོན་བྱོནམ་ད་ འབྲུག་རྒྱལ་བཞི་པ་ཁོ་ར་གིས་ ཁྱོད་མིན་དགོ་ ཧེ་མ་ར་ཁོ་བྱོན་ཏེ་ ཕྱག་མདའ་གནང་གནངམ་འདི་ ཁོང་བལྟ་གཏོགས་པ་ཚུ་གིས་ འ་ནཱི་ལོ་རྒྱུས་ཚུ་ ཞུ་ནི་འདུག་ཟེར་ཞུ་ནི་ལགས།
  • སེམས་དཔའ་ཆོས་གྲུབ་
    ཏེ་ཆུ་ཚོད་གཅིག་གི་བར་ན་ འ་ནཱི་མཚོན་ཆའི་སྒོ་ལས་ གནམ་མེད་ས་མེད་ བམ་རྐྱབ་ཀྲོབ་མདའ་རྐྱབ་སྟེ་ དུས་ཡུན་ཆུ་ཚོད་གཅིག་ཚུན་ཚོད་ དང་དང་དུང་དུང་འབད་དེ་ ས་ཆགས་ག་ར་ མེ་རི་རི་འབད་དེ་ འབད་ཡི་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ཆུ་ཚོད་གཅིག་གི་རྒྱལ་ལས་འབདན་ ཁོ་ར་གིས་ར་ འབྲུག་རྒྱལ་བཞི་པ་གིས་ འགོ་བཙུགས་ཏེ་ དབུ་གཙོས་ཏེ་ ནཱ་ལས་ སྒར་ནང་འཛུལ་ཏེ་ སྒར་ནང་འཛུལ་ཏེ་ དམག་སྒར་ནང་ན་འཛུལ་ཏེ་ འ་ནཱི་བཟུམ་འབད་དེ་ བྱོན་ཏེ་ཕར་གཟིགསཔ་ད་ལུ་ ཁོང་གཡིག་དམག་ ཨལ་ཕ་ག་ར་ བྱོག་འགྱོ་ཚར་ནུག
  • སེམས་དཔའ་ཆོས་གྲུབ་
    མེད་པར་ཏེ་ ད་ལྟོ་ རྒྱལ་ཁ་ཐོབ་ཅི་ཟེར་ ནཱ་ལས་ ལེན་པར་བཏང་སྟེ་ ང་བཅས་རའི་ འབྲུག་གི་རྒྱལ་དར་གཅིག་མེད་ག་ཟེར་གསུངས་ཏེ་ བཀའ་གནང་སྟེ་ཡོདཔ་ལས་ འབྲུག་གི་རྒྱལ་དར་འདི་ ལེན་པར་མར་ཚ་ལ་ ང་བཅས་མར་སྡོདཔ་ད་ར་ རྒེད་འོག་གི་ རྒྱལ་དར་ལེན་པར་ལྷོད་དེ་ ཕར་ལས་རྒྱལ་དར་ལེན་འབག
  • སེམས་དཔའ་ཆོས་གྲུབ་
    ནཱ་ ཁོང་གི་དམག་སྒར་ རི་ཀབ་ཏོང་ཟེར་སར་ལུ་ རྒྱལ་དར་ཡང་འཕྱར་་ཏེ་ དེ་ནང་ལུ་ རྒྱལ་པོའི་བསྟན་ཞུ་ཡང་གནང་ཡི་ཟེར་ ཁོང་ ལམ་སྟོན་པ་ཚུ་གིས་ དེ་སྦེ་བློ་རྒྱུས་ཞུ་ནི་འདུག
  • སེམས་དཔའ་ཆོས་གྲུབ་
    དེའི་སྐབས་སུ་ དེམ་ཅིག་སྦེ་ ཕར་ དམག་སྒར་ནང་ལུ་སྦེ་ བསྟན་ཞུ་གནང་ཞིནམ་ལས་ཏེ་ ཕར་ལས་མར་ལྟག་རི་འབབ་སྟེ་ བམ་རྐྱབ་ཅི་རྐྱབ་ཅི་ མར་ལྟག་རི་ལས་འབབ་སྟེ་ར་ མར་བྱོན་ཡི་ལགས་དེ་ལས་འདི་ དྲུང་ཁག་ནང་བྱོན་ཏེ་ ཏེ་དྲུང་ཁག་ནང་བྱོན་ཏེ་ དེ་ལས་ ང་བཅས་ཀྱིས་འདི་ ག་ཅི་ཡང་མ་ཤེས།
  • སེམས་དཔའ་ཆོས་གྲུབ་
    དེ་ལས་ང་བཅས་ཡང་ ནངས་པར་ཟེརཝ་ད་ སྤྱི་ཚེས་བཅུ་དྲུག་ཟེརཝ་ད་ ཚུར་ཁྱིམ་ནང་འོང་ལྟཝ་ད་ དམག་མི་ སྐུ་སྲུང་དམག་མི་ཚུ་གིས་ ནཱ་འབད་ཚར་ཏེ་ ང་བཅས་རའི་ གཡུས་ག་ར་གང་ཚར་ཏེ་ དེ་བཟུམ་འབད་འདུག་ལགས།
  • སེམས་དཔའ་ཆོས་གྲུབ་
    དེ་ལས་ སྤྱི་ཚེས་བཅུ་དྲུག་བཅུ་བདུན་ཟེརཝ་ད་ ངེ་འ་ནཱི་ ཨ་ལོ་ཚུའི་བློ་ཉན་ནི་ཟེར་ མར་དྲུང་ཁག་འོག་ དྲུང་ཁག་ཧོངས་་ལུ་འགྱོཝ་ད་ལུ་ ཏེ་དྲག་ཤོས་དྲུང་པ་ ནཱ་མཚོ་སྐྱིད་རྡོ་རྗེ་ཟེར་སྡོད་ཡི་དེ་སྐབས་ལུ་ དྲུང་པ་ ཁོ་བཞུགས་སྟེ་ཡོད་ ཏེ་དྲག་ཤོས་མཚོ་སྐྱིད་རྡོ་རྗེ་ མར་ལམ་བར་ན་མཇལ་ཡི་ལགས།
  • སེམས་དཔའ་ཆོས་གྲུབ་
    ཏེ་ཡ་ དྲག་ཤོས་ ག་ཏེ་བྱོན་སྨོ་ཟེརཝ་ད་ ཏེ་ད་མ་པ་ཁོང་ འ་ནཱི་ཨལ་ཕའི་འགོ་དཔོན་གྱི་མིང་འདི་ མ་མ་མ་མ་ཟེར་སླབ་དེས་ ད་ འ་ནཱི་མ་མ་འདི་ མ་ཐོན་ད་འབདན་ ག་ཏེ་ཡར་སོངཔ་ཨིན་ན་ ད་འ་ནཱི་ མ་མ་འདི་ མ་མཐོང་ཚུན་ཚོད་ འཚོལ་མ་ཐོབ་ཚུན་ཚོད་ ང་བཅས་ཚུ་འདི་ མི་བཏུབ་ནི་མས།
  • སེམས་དཔའ་ཆོས་གྲུབ་
    ང་འདི་ འ་ནཱི་ མ་མ་མ་མ་ མ་ཐོབ་པ་ཅིན་ མར་ ཟམ་པའི་སྒོ་ཁར་ བོ་ར་གཅིག་འབག་བཞག་སྦེ་ ཟམ་པའི་སྒོ་ཁར་བསྒུག་སྡོད་ཟེར་ འབྲུག་རྒྱལ་བཞི་པ་གིས་ འ་ནཱེ་སྦེ་བཀའ་གནང་སྟེ་ཡོད་ཟེར་ གནམ་མེད་ས་མེད་ སེམས་ཤི་སོང་ཡི་ཟེར་ དྲག་ཤོས་དྲུང་པ་ཡང་ དེ་སྦེ་ འགྱོ་སྡོད་ནུག་ལགས།
  • སེམས་དཔའ་ཆོས་གྲུབ་
    ཕར་ལས་ཡར་ལྟག་ང་ དྲག་ཤོས་འདི་བཟུམ་ཅིག་ ངེའི་ཨ་ལོ་ཚུའི་བློ་ཉན་ནི་སྦེ་ དྲག་ཤོས་ཚུ་གིས་ མཁྱེན་མཁྱེནམ་འོང་ཟེར་འདྲི་ལྟཝ་ད་ དྲག་ཤོས་ཀྱིས་ ངེ་ཨ་ལོ་ལུ་འདི་ སྡུག་བསྔལ་ར་མེད་ ག་ཅི་ཡང་མ་འབདཝ་འོང་ཟེར་ ལེགས་ཤོམ་སྦེ་ར་ཡོདཔ་འོང་ འགྱོ་ཨལ་ཕ་ རྒྱ་གརཔ་ཚུ་ལུ་ ལྟོ་མ་བྱིན་སྨ་རེ།
  • སེམས་དཔའ་ཆོས་གྲུབ་
    འགྱོ་ ལོག་འགྱོ་གེ་ གཡུས་ཁའི་ནང་ན་ ང་ཕར་ལས་ལོག་འབག་འོང་ཡི་ལགས་ འོང་སྟེ་ དྲག་ཤོས་དང་གཅིག་ཁར་ ང་བཅས་རའི་ ནཱ་དགའ་གླིང་མཁར་དང་ ཝང་རི་ཟེར་ ཉིནམ་གཅིག་བསྐོར་ཏེ་ རྒྱ་ག་ཚུ་ཐོན་ག་མ་ཐོན་ལྟ་སྟེ་སྡོད་ཅི།
  • སེམས་དཔའ་ཆོས་གྲུབ་
    རྒྱ་ག་ཚུ་འདི་ནང་ལས་འདི་མ་འཐོན་ ཤུལ་ལས་ ཉིནམ་གཅིག་ གཉིས་ཟེརཝ་ད་ལུ་འདི་ ཀེབ་ཏང་ལུ་ཐོན་ནུག་ དེ་ལས་ཏེ་ ཁོང་འ་ནཱི་ མ་མ་དང་ ཕ་དཱར་གྱིས་འཁྱིད་དེ་ ཏེ་ཁོང་བཅུ་བརྒྱད་གཅིག་ཁར་ཐོན་འོང་སྟེ་ དེ་ལས་ད་རུང་ རྒྱགས་སྐལ་བསྡུ་དགོ་པས་ཟེར་ ཧེ་མ་ལས་ ལྟོ་རྒྱགས་མ་བྱིན་ཟེར་ ཆུ་ཅིག་ཡང་མ་བྱིན་ཟེར་ བཀའ་ཡོད།
  • སེམས་དཔའ་ཆོས་གྲུབ་/ Sempa Chedrup ཏེ་དེ་བསྒང་ལས་ཏེ་ ལྟོ་བྱིན་ཟེར་ ནཱ་ཁོང་སྤྱི་དཔོན་གྱིས་ ཚོགས་པ་ཚུ་གིས་ དེ་སྦེ་ལྷོད་དེ་ ད་ ང་འདི་ རྒོལ་ཏེ་ མ་བྱིན་ཟེར་བཀའ་ཡོད་ ད་ལྟོ་སྦྱིན་པ་ཅིན་མི་བཏུབ་ཟེར་ རྒོལ་ཏེ་ མི་བྱིན་ནི་སྦེ་ཐག་གཅད་ཡི།
  • སེམས་དཔའ་ཆོས་གྲུབ་
    ཨིན་རུང་ འ་ནཱི་འདི་ འབྲུག་རྒྱལ་བཞི་པའི་བཀའ་ཨིན་ཟེར་ ལྟོ་ བསྡུ་སྟེ་བྱིན་ཟེར་གསུངས་སྟེ་ཡོད་ཟེར་སླབ་ལས་ ནཱ་ ནང་ལས་ ཆུམ་ ཁ་རངས་ ཚོད་བསྲེ་ག་ཅི་ཡང་ ནཱ་ལས་བསྡུ་སྟེ་འབག་སྟེ་ ཡར་ཀེབ་ཏང་ ལྷ་ཁང་ནང་བསྡུ་སྟེ་བསྡུ་འབག་སྟེ་ ཕར་ལས་ཡང་ ཕར་ རི་ཆང་ལུ་ སྤྱི་འོག་ལས་ཡང་བསྡུ་སྟེ་ ཁོང་ དེམ་ཅིག་ཁར་ ད་ ལྟོ་རྒྱགས་བྱིན་ཏེ་ ང་བཅས་ཀྱིས་ གསོ་ཡི་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ཏེ་ང་བཅས་ཡར་ལུ་ ལྟོ་རྒྱགས་འབག་འགྱོཝ་ད་ལུ་ ལམ་ཁར་ ལ་ལུ་ནདཔ་ཐོན་ཏེ་ ཀྲོབ་མདའ་གི་ཕོག་མི་ཚུ་ཡང་འབག་སྟེ་ ང་བཅས་ར་གིས་ར་ ང་བཅས་ནཱ་ མི་སེར་ཚུ་གིས་ར་ མར་ སྨན་ཁང་ནང་སྐྱེལ་དགོཔ་འབྱུང་ཡི་ལགས་ འ་ནཱི་ནདཔ་ཚུ།
  • སེམས་དཔའ་ཆོས་གྲུབ་
    ཁོང་ ང་བཅས་རའི་ ཀྲོབ་མདའ་གིས་ཕོག་སྟེ་ ག་ཅི་ཅིག་འབད་མི་ཚུ་ ནདཔ་ཐོན་མི་ཚུ་ མར་བཀལ་ཏེ་ ད་ ཡར་ལྷོད་ལྟཝ་ད་ ཁོང་ག་ར་ འ་ནཱི་མ་མ་གི་འཁྱིད་དེ་སྦེ་ སྡེ་ཚན་གཅིག་སྡོད་ནུག་ལགས་ ཁོང་ ང་བཅས་ཀྱི་ཞབས་བཞུགས་སར་བཅར་བར་འགྱོ་ནི་ཟེར་ ཏེ་ཁོང་གིས་ དེ་སྦེ་སླབ་དེས་ལགས་ མར་ལས་ མར་ ཉན་ཞུ་འབདཝ་ད་ མཚོན་ཆ་ཚུ་རྩིས་སྤྲོད་འབད་ཟེར་བཀའ་ཨིན་མས།
  • སེམས་དཔའ་ཆོས་གྲུབ་
    ཏེ་མཚོན་ཆ་འདི་ ཁོང་གིས་ རྩིས་སྤྲོད་འབད་མ་བཏུབ་པར་ ཉིན་ནུབ་གསུམ་བཞི་ ཀེབ་ཏང་ལུ་འགོར་ཡི་ལགས་ ཏེ་མཐའ་མཇུག་ལུ་ མཇུག་ལུ་དེ་ མཚོན་ཆ་ཚུ་ རྩིས་སྤྲོད་འབད་དེ་ ཏེ་ཁོང་ཚུ་མར་ལྟག་འཁྱིད་འབག་ཡི་ ཏེ་འཁྱིད་འགྱོཝ་ད་ཡང་ མ་མ་དང་ ཕ་དཱར་ཟེར་མི་འདི་ ཆིབས་པ་ལུ་ར་འབག་དགོ་ཟེར་ ད་ དཔོན་གྱིས་བཀའ་དེ་སྦེ་གནང་ཡོདཔ་ལས་ ཏེ་ཆིབས་གུ་ར་སྐྱེལ་ཏེ་ ནཱ་ལས་འབག་ མར་བཀལ་བཀལཝ་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    བཀལ་ཏེ་ ཏེ་མར་ ང་བཅས་རའི་ བསམ་གྲུབ་ཆོས་གླིང་དྲུང་ཁག་ལུ་ ནཱ་ལས་སྦེ་ རྒེད་འོག་ལུ་རྩིས་སྤྲོད་འབད་དེ་ ཁོང་ དམག་མི་ལུ་རྩིས་སྤྲོད་འབད་དེ་ དེམ་ཅིག་ཚུན་ཚོད་ ང་བཅས་ཀྱིས་ ཁོང་ ཨལ་ཕའི་བློ་རྒྱུས་ཚུ་ ངོ་མ་མཐོང་མི་ཟེར་རུང་དེམ་ཅིག་ཤེས་ དེ་ལས་ཚུར་རེ་རེ་གཉིས་གཉིས་ ཤུལ་ལས་ཐོན་མི་ཚུ་ ཤུལ་མ་ཤུལ་མ་ དེ་སྦེ་འབག་སྟེ་བཀལ་ཏེ་ ཏེ་བཀལ་ཡི་ལགས།
  • སེམས་དཔའ་ཆོས་གྲུབ་
    ཏེ་ད་མ་གཞི་གི་ ཧེ་མ་ ཐེངས་དང་པ་གཉིས་པའི་ནང་ལུ་ ཞབས་དང་གཅིག་ཁར་ཕྱག་ཞུ་སྟེ་ ཁོ་རའི་སྐུ་སྲུང་གི་ དྲུང་མཚོ་ཅིག་ཡོད་ འ་ནཱི་འདི་ངོ་ཤེས་ ཏེ་ངང་ལམ་པ་ཅིག་ཡོད་ ཏེ་འ་ནཱི་འདི་ དམག་རྐྱབ་པའི་སྐབས་ལུ་ ཕར་མར་ཚ་ལ་ལུ་མཇལ་དེས།
  • སེམས་དཔའ་ཆོས་གྲུབ་
    ཡ་ ག་དེ་སྦེ་སྨོ་དྲག་ཤོས་ ག་དེ་སྦེ་འགྱོ་ཡི་ཟེར་ ང་བཅས་ཀྱིས་ཞུཝ་ད་ ཨ་ ཡར་གྱི་སྒར་ནང་ ཉ་བསད་དོ་བཟུམ་སྦེ་བཏང་ད་ཡི་ཟེར་ ཁོ་གིས་དེ་སྦེ་གསུངས་དེས་ ཏེ་ཤུལ་ལས་ ཁོང་དམག་མི་ཚུ་གིས་ ལམ་སྟོན་པ་སྦེ་འགྱོ་མི་ ང་བཅས་རའི་ ནཱ་གཡུས་ཁར་ཨིན་པ་ཅིན་ ཧེ་མ་འདི་ སྒར་ནང་ན་ ཨལ་ཕ་ངོ་མ་སྦེ་ཏེ་ གཉིས་རྐྱངམ་ཅིག་ཤི་ནུག་ཟེར་ཨིན་མས།
  • སེམས་དཔའ་ཆོས་གྲུབ་
    ད་ ལེ་ཤ་སྦེ་འདི་ མ་ཤི་བའི་ཟེར་མས་ ཏེ་དེ་ལས་ཏེ་ དེ་སྦེ་འདུག་ ཏེ་ནཱ་ལས་ཕར་ ནགས་ཚལ་ཚུ་ག་ར་ ཁོང་དམག་མི་གིས་ སྡེ་ཁག་སྡེ་ཁག་སྦེ་འཛུལ་འཚོལ་ཏེ་ ཅ་ལ་ག་ཅི་ཡོདཔ་མེདཔ་འཚོལ་འབག་ཅི་ལགས་ ལ་ལུ་གིས་ཀྲོབ་མདའ་ཚུ་མཐོང་སྟེ་ དེ་སྦེ་ ཏེ་ཤུལ་ལས་ད་རུང་ར་ འཇུག་ར་ ཕར་ལས་ ནཱ་ལས་བཟུང་སྟེ་དེ་སྦེ་ ཁོང་ ག་ཅི་ཅིག་འབད་ཡི་ཟེར་ འགྱོ་མི་ཚུ་མར་ཁོང་གིས་ དྲི་བ་བཀོདཔ་ད་ལུ་ སླབ་སླབ་འདྲས།
  • སེམས་དཔའ་ཆོས་གྲུབ་
    ཏེ་ནཱ་ ཏི་རུ་ཡོད་ཟེར་ ནཱ་ རི་ཀབ་ཏོང་ལུ་ ཏི་རུ་ཡོད་ཟེར་སླབ་སྟེ་ ཁོང་རྒྱ་གཞུང་གིས་ དམག་མི་དང་ ང་བཅས་རའི་ འབྲུག་གི་དམག་མི་གཉིས་བསྡོམས་ཏེ་འཚོལ་ཏེ་ ཏི་རུ་ཡང་ སྒྲོམ་ ལྕགས་སྒྲོམ་གཅིག་མཐོང་སྟེ་ འབུམ་བརྒྱ་གཅིག་མཐོང་སྟེ་ ཏི་རུ་ཡང་དེ་སྦེ་འབག་ཡི་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    མཇུག་ར་ ནཱ་གི་ས་གནས་ནང་གི་འདི་ ཁོང་གིས་ ད་རྒྱ་གར་གཞུང་གི་དམག་མི་གིས་ ཏི་རུ་དེ་སྦེ་འཚོལ་འབག་སྟེ་འཇུག་བསྡུ་ཡི་ལགས་ ཏེ་ཤི་རྐྱེན་ལུ་ལྷོདཔ་ད་ ཕར་ ནཱ་ལས་ཕར་ ཐོང་པ་ཤིང་ཟེར་ཡོད་ ལྷ་ཁང་གི་དཀོན་གཉེར་གཅིག་ དྲོ་པ་ བསང་བཏང་པར་འགྱོཝ་ད་ལུ་ཏེ་ ཁོང་དམག་མི་ཚུ་འདི་ ས་སྒོ་ནང་ན་འཛུལ་ཚར་ཚརཔ་འདྲས་མེན་ན།
  • སེམས་དཔའ་ཆོས་གྲུབ་
    ཏེ་ཕར་ ཀྲོབ་མདའ་སྐད་རྐྱབ་སྟེ་ བམ་གྱི་སྐད་རྐྱབ་ད་ བསང་བཏང་སྟེ་ དཀོན་གཉེར་འདི་ ཁྱིམ་ནང་ལོག་འགྱོ་འགྱོཝ་ཨིན་མས་ ཁོ་གིས་གོ་ལ་ཡང་ ང་བཅས་རའི་ འབྲུག་པའི་གོ་སྦེ་མེན་པར་ འ་ནཱི་དམག་མི་གི་ ཁྲ་གོ་ལ་ ཁེན་ཇ་དོརམ་སྦེ་གྱོན་ཡོདཔ་ཨིན་མས།
  • སེམས་དཔའ་ཆོས་གྲུབ་
    ཏེ་དམག་མི་ཚུ་གིས་ བསྒུག་བསྒུག་ཟེརཝ་ད་མ་ཉན་པར་ ཁོ་ར་ཡང་ག་ཅི་གི་ རྣམ་རྟོག་ཆགས་ཏེ་ཡོདཔ་ཨིན་ན་ ཁོ་རའི་དུས་ཚོད་དེམ་ཅིག་སྦེ་རྫོགསཔ་ཨིན་འོང་ བྱོག་འགྱོཝ་ད་ལུ་ དམག་མི་ཚུ་གིས་ ཀྲོབ་མདའ་རྐངམ་གུ་རྐྱབ་སྟེ་ ཏེ་རྐངམ་ཞཝ་སྦེ་ ཞ་ཐེམ་རྐྱབ་སྟེ་ རྐངམ་ཡ་གཅིག་གིས་སྦེ་ བྱོག་འགྱོཝ་ད་ ནཱ་ཉན་ས་ལུ་ར་རྐྱབ་སྟེ་ གཅིག་འ་ནཱི་སྦེ་ ཐད་ཁར་དུ་སྦེ་ ཤི་སོང་ཡི་ལགས།
  • སེམས་དཔའ་ཆོས་གྲུབ་
    ཏེ་སོ་སོར་གཞན་འདི་ ག་ཅི་ཡང་ ང་བཅས་རའི་ནཱ་ འབྲུག་མི་དབང་མངའ་བདག་རིན་པོ་ཆེའི་ སྐུ་དང་གྲིབ་མ་གིས་སྦེ་ གནོད་པ་དང་ སྐྱོན་འབྱུང་ལ་སོགས་པ་འདི་ ག་ཅི་ཡང་མ་འབྱུང་ ཁོང་སོ་སོར་ མར་པདྨ་ཐང་དང་ བསམ་གྲུབ་ཆོས་གླིང་ནང་འབད་བ་ཅིན་འདི་ ལོ་ཐོག་ཚུ་ ཨ་ཙི་རེ་སྐྱོན་བྱུང་སྟེ་ ནོར་སེམས་ཅན་ཚུ་ ང་བཅས་རའི་ནཱ་འདི་ ཐོག་ལུ་ཡང་སྐྱོན་མ་འབྱུང་།
  • སེམས་དཔའ་ཆོས་གྲུབ་
    ནོར་ཡང་བཏང་བཞག་སྟེ་ ད་ ཐོམ་ཐོམ་ཐོམ་སྦེ་ དེ་སྦེ་ ལྷམ་བཅགས་ཏེ་ ཐོམ་ཐོམ་ཐོམ་སྦེ་ དེ་སྦེ་སྡོད་དེ་འདུག་ལགས་ ང་བཅས་རའི་ནཱ་ལུ་འདི་ ག་ཅི་ཡང་སྐྱོན་མ་འབྱུང་ཟེར་ཞུ་ནི་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    ད་ནཱ་ལུ་དམག་རྐྱབ་པའི་སྐབས་ལུ་ཡང་ ནཱ་ལུ་ ང་བཅས་རའི་ ང་བཅས་ཀྱིས་འདི་ ང་གིས་འདི་ ཁོང་གི་སྒར་ནང་འདི་མ་ལྷོད་ ཏེ་ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་རའི་ནང་ས་ཆགས་ནང་ལུ་ དབང་ཚེ་ཁོང་ལུ་མ་གཏོགས་ ང་བཅས་ལུ་དབང་ཚེ་ཡོད་ར་མེདཔ་སོང་སྟེ་ཡོད་ལགས།
  • སེམས་དཔའ་ཆོས་གྲུབ་
    ག་ཅི་སྦེ་ཟེར་བ་ཅིན་ ས་སྒོ་འདི་ ང་བཅས་རའི་བ་ཁྱིམ་ཨིན་ འ་ནཱི་ས་སྒོ་འདི་ ཁོང་ཆགས་ཞིནམ་ལས་ཏེ་ ད་ ཁོང་གི་ས་སྒོ་བཟུམ་ཅིག་སོང་སྟེ་ ཁོང་གིས་ སྒོ་ར་བཟོ་སྟེ་ ང་བཅས་ དོན་དག་མེད་པར་ དེ་ནང་འགྱོ་ར་མི་བཅུག་ལགས།
  • སེམས་དཔའ་ཆོས་གྲུབ་
    ཏེ་ག་དེམ་ཅིག་སྦེ་ ཏེ་ཁོང་གིས་ འདི་བཟུམ་སྦེ་ ལྟ་གཏོགས་པ་ཚུ་འགྱོ་རུང་ར་ ནོར་རྫིཔ་བཟོ་སྟེ་ ནོར་ཚུ་བཏང་སྦེ་འཁྱིད་དེ་ ནོར་དང་གཅིག་ཁར་འ་ནཱེ་སྦེ་འགྱོ་བ་ཅིན་ ཏེ་ཁོང་གིས་ཡང་ ནང་ན་བཙུགས་ཏེ་ ཇ་འཐུང་ནི་དང་ འདི་བཟུམ་བྱིན་ཏེ་ ལེགས་ཤོམ་སྦེ་བཏང་སྟེ་འོངམ་ཨིན་ལགས།
  • སེམས་དཔའ་ཆོས་གྲུབ་
    སོ་སོར་སྦེ་ གནད་དོན་ག་ཅི་ཡང་མེད་པར་ འ་ནཱི་འདི་ནང་ འགྱོ་མ་ཆོགཔ་སྦེ་ སྒོ་ར་དང་པ་གཉིས་པ་སྦེ་བཟོ་སྟེ་ ཁོང་ཚུ་ འ་ནཱེ་སྦེ་སྡོད་ཡི་ལགས་ འ་ནཱེ་འབདཝ་ལས་ ཁོང་གིས་ ལྟ་གཏོགས་པ་ཚུ་གིས་ སླབ་མི་འདི་ གོ་གོཝ་ཅིག་ཨིན་ ང་འདི་ ཧེ་མ་ ནོར་ལྟ་སྟེ་ བ་ཁྱིམ་སྦེ་སྡོདཔ་ད་ ལྷོད་ལྷོདཔ་མ་གཏོགས་ ཤུལ་ལས་ ཁོང་ཨལ་ཕ་ཆགས་ཞིནམ་ལས་འདི་ མ་ལྷོད་ལགས།
  • སེམས་དཔའ་ཆོས་གྲུབ་
    ཏེ་དམག་རྐྱབ་པའི་སྐབས་སུ་ འབྲུག་རྒྱལ་བཞི་པ་ཁོ་རའི་གནས་སྐབས་ ཐུགས་ལུ་ཐུགས་འཆར་ དེ་བཟུམ་མའི་སྡོད་སྡོདཔ་མས་ ང་བཅས་ཀྱིས་འདི་མ་ཤེས་པར་ ཏེ་མར་ལུ་ བསམ་གྲུབ་ཆོས་གླིང་ལས་ཡར་ལྟག་ཏེ་ ཁོ་རའི་སྐུ་སྲུང་དམག་མི་ མདོ་འཛིན་ཅིག་དང་སྦྲགས་ཏེ་ ནཱ་ལས་ ཀེབ་ཏང་ལས་ མེ་མེ་སེར་བུ་ཟེར་སླབ་ཨིན་ལགས་ ལམ་སྟོན་པ་སྦེ་ མེ་མེ་སེར་བུ་བཏང་ནུག་ལགས།
  • སེམས་དཔའ་ཆོས་གྲུབ་
    མར་ལས་ ཏེ་མངའ་བདག་རིན་པོ་ཆེ་ ཁོ་གི་ཁྱོསམ་ཟེར་ ནངས་པ་ཆུ་ཚོད་དགུ་ལུ་ ཀྲིག་ཀྲི་སྦེ་འཛོམས་སྡོད་ཟེར་སླབ་ད་ཟེར་ ང་ ཆུ་ཚོད་དགུ་ལུ་ལྷོད་འོང་མས་ ང་བཅས་ཚུ་ཞལ་འཛོམས་ཡོད་ཟེར་ ཏེ་ད་ལྟོ་འདི་ ངེ་གི་འ་ནཱི་ཁྱོསམ་ཨིན་ཟེར་ རྒྱ་ག་ག་དེམ་ཅིག་ཡོདཔ་ཨིན་ན་ གྱངས་ཁ་ཙ་མ་ཆོདཔ་ལས་ གྱངས་ཙ་ཆོད་ནིའི་དོན་ལས་ ཚལ་ལུ་པཱོན་ མར་ལས་ གྱངས་ཁ་རྐྱབ་སྟེ་སྐྱེལ་བཏང་ནུག་ལགས།
  • སེམས་དཔའ་ཆོས་གྲུབ་
    ཏེ་ཡར་ལུ་ལྷོདཔ་ད་ རེ་རེ་རེ་སྦེ་གནང་སྟེ་ ཁོང་གཉིས་ཀྱིས་གནང་སྟེ་ བྱིན་ཞིནམ་ལས་ དེ་སྦེ་སོང་སྟེ་འདུག་ལགས་ ཏེ་དམག་རྐྱབ་ཚར་ཞིནམ་ལས་ འ་ནཱི་ཀེབ་ཏང་ལུ་ཐོན་མི་ ཤུལ་ལས་དམག་རྐྱབ་ཚར་ཞིནམ་ལས་ ཀེབ་ཏང་ལུ་ཐོན་མི་ཚུ་གིས་ ང་བཅས་ལུ་འ་ནཱེ་སྦེ་སླབ་དེས།
  • སེམས་དཔའ་ཆོས་གྲུབ་
    ག་ཅི་སྦེ་ཟེར་བ་ཅིན་ ད་ཁྱེད་འབྲུག་གི་དཔོན་འདི་ ར་ཛ་འདི་ གནམ་མེད་ས་མེད་ཀྱི་གནས་སྐབས་སྦོམ་འདུག་ ང་བཅས་ཀྱིས་ གནས་སྐབས་བདའ་ཟུན་མ་ཚུགས་ཟེར་ ཆུ་ཚོད་དགུ་ལུ་ཀྲིག་ཀྲི་སྡོད་ཟེར་ ང་བཅས་ཚུ་ ཞལ་འཛོམས་ཡོད་ཟེར་ འདི་བཟུམ་སྦེ་ ང་བཅས་ཞལ་འཛོམས་ནང་ལྷོད་འོང་ཟེར་ བྱོན་འོང་ཟེར་ མནོ་བསམ་སྡོད་ཡི།
  • སེམས་དཔའ་ཆོས་གྲུབ་
    འ་ནཱི་བཟུམ་འདི་ འབད་འོང་ཟེར་མ་མནོ་ཟེར་ གནམ་མེད་ས་མེད་སྔུ་དེས་ལགས་ སྔུ་སྟེ་དེ་སྦེ་ ག་ཅི་འབད་དེ་ལགས་ ཏེ་ ཁོང་ཆགས་ཏེ་ འ་ནཱེ་སྦེ་ འ་ནཱི་རིའི་རྩེ་ལུ་ ཁོང་ལོ་དག་པ་ཅིག་ཆགས་སྡོད་དེ་ ང་བཅས་རའི་ གནས་སྟངས་ག་ར་ཧ་གོ་ཚར་ནུག
  • སེམས་དཔའ་ཆོས་གྲུབ་
    རང་བཞིན་གནས་སྟངས་ག་ར་ ཧ་གོ་ཚར་ཏེ་ ཏེ་ཁོང་ཆགས་ཞིནམ་ལས་ ཤུལ་ལས་ ང་བཅས་རའི་ནཱ་ གཞུང་ཆུ་ གཞུང་ཆུ་ ཨ་རིང་གི་ཆུ་ཡང་ལངམ་སྦེ་མེད་ ག་ཅི་སྦེ་ཟེར་བ་ཅིན་ ཆུ་ཆུང་ཀུ་སོང་སྟེ་ ཁོང་གི་ཡར་ རི་ཁར་སྡོད་དེ།
  • སེམས་དཔའ་ཆོས་གྲུབ་
    ང་བཅས་རའི་ ནགས་ཚལ་གི་མི་ཚུ་ཡང་འགྱོ་མ་བཅུག་པར་ ང་བཅས་ཡང་འགྱོ་མ་བཅུག་པར་ ཤིང་བཏོག་སྟེ་ ཁོང་ག་དགའ་སྦེ་ ཤིང་བཏོག་སྟེ་ འ་ནཱེ་སྦེ་འབད་ཚར་ཏེ་ རི་འདི་ཡང་ གནམ་མེད་ས་མེད་ གནམ་མེད་ཉམས་སོང་སྟེ་ཡོད་ཟེར་ཞུ་ནི་ལགས།