02 Apr 2019
3 min 15 sec
Video Overview
Creators:
Unknown
Four folk songs as performed in Zangkar.
This video includes four songs: Abso's Song for a Poor Woman, Unwilling, A Song for Mother and A Song for Lingwa.
མདོ་སྨད་ཁྱུང་མཆུའི་ཟངས་དཀར་ཡུལ་གྱི་འབྲོག་པའི་ས་ཆར་དར་བའི་དམངས་གླུའི་རིག་གནས་སྐོར་ལས་ཨ་བསོའི་རྒན་མོ་དབུལ་བོར་བླངས་པའི་གླུ་སོགས་གླུ་བཞི་ཡོད།
བརྙན་འདིར་ཡ་རིས་ཨ་བསོའི་གླུ་བཞི་ཡོད་ལ་སོ་སོའི་ཁ་བྱང་ནི།1 རྒན་མོ་དབུལ་བོར་བླངས་པའི་གླུ། 2 མི་འདོད་པའི་གླུ། 3 ཨ་མར་བླངས་པའི་གླུ། 4 གླིང་བར་བླངས་པའི་གླུ།
在藏族安多邛溪壤噶地区广为流传的传统牧民民歌 -《阿索的女穷人》之歌等四首歌。
视频中的歌曲有: 《女穷人之歌》《无愿之歌》《唱给母亲的歌》《朗瓦之歌》等四首歌。
- ཨ་སྐྱིད།བཟང་ངན་ཅི་ཞིག་བཤད་རུང་དེའི་བཤད་ཐོག་ལ་འགྲོ་ནི་རེད་ཟེར།
- བཤད་ཐོག་ལ་འགྲོ་བས་ཁོ་གཉིས་ཀྱང་རྒྱུ་མེད་ཞིག་ཡིན་ནི་རེད།
- འགྲོ་ཞོར་འདུག་ཞོར་དུ་སྒོ་ཁར་སོང་ཡང་ཡར་ཐོན་དུས་
- མ་རྒན་ལ་གླུའི་ཚུལ་དུ་བཤད་གྱིན་འདུག་ནི་རེད་ཟེར།
- ཁ་ཐོག་ལ་འགྲོ་ནི་རེད་མོད་གླུ་ལེགས་པོ་ཞིག་བླངས་ན་ཡང་ཁ་ཐོག་ཏུ་འགྲོ་ལ།
- ངན་པ་ཞིག་བླངས་རུང་ཁ་ཐོག་ཏུ་འགྲོ་ནི་རེད།
- རྒན་མོ་ཁེར་འདུག་ཅི་ཡང་མེད་ས་ཞིག་ཡིན་པས་ཡ་རའི་ཨ་བསོད་ཡོང་བ་མཐོང་བས།
- ཡ་རའི་ཨ་བསོད་ཡོང་བ་ན་མོ་ལ་ངན་སྨད་བྱེད་པར་དོགས་ཏེ་
- མོ་རང་ལ་མར་ལོ་ཞིག་ཡོད་པ་བཟུང་ནས་བརྒྱུགས།
- ཡ་རའི་ཨ་བསོད་བཞིན་པས་ཁོས་གླུ་ལེགས་པོ་ཞིག་བླངས།
- ཨ་ནེ་བཞིན་ལ་དགའ་བོ། སློང་མི་དགོས་བརྒྱ་རེ་བཞིན་པས།
- ངོ་ཛམ་སྐུ་ཞིག་ལ་རིག་ནས། ཁྱོད་ཛམ་པ་ལའི་གཏེར་བདག་གི་སྲུང་།
- ཞེས་པས་རྒན་མོ་ཕྱུག་པོར་གྱུར་སོང་ནི་རེད་ཟེར་དཔེ།
- དེ་འདྲ་ཟེར་དཔེ་ཁ་ཐོག་ཏུ་འགྲོ་ནི་རེད་ཟེར།
- དཔོན་ཚང་ཞིག་གྱོད་དོན་ལ་ཐུག་ནས་གྱོད་མ་བཤད་པར་བསྡད་དུས།
- ཁོའི་ཐལ་ཞིག་བྱུག་ནས་བསྡད་འདུག་པར་
- ཨ་བསོད་ཁྱོད་ཀྱི་སྨིན་མའི་ནང་དུ་ཐལ་ཞིག་བྱུག་ཡོད་ཟེར་བར།
- ཁོའི་ཁ་རྩེད་ཀྱི་ཚུལ་དུ་ཁ་ཡ་ལོ་ཡ་རའི་ཨ་བསོད། མིག་རྫི་མ་མན་ཆད་ཐལ་རེད།
- གྱོད་བཤད་འདོད་དཔོན་ལ་མེད་ན། ཐལ་ཕྱི་་འདོད་ཡ་ལོར་མེད་འདུག
- ཞེས་ཁ་མཚར་བཤད་གྱིན་འདུག
- ཡང་ཐེངས་ཤིག་མ་རྒན་གྱིས་ཁྱོད་སྒོར་སོང་དང་ཁྱི་ཟིག་གིན་འདུག་ཟེར་བར།
- ཁོ་རང་སྒོར་སོང་སྟེ་ཕྱིར་ཁྱིམ་དུ་ཐོན་ནས་མ་རྒན་ལ་གླུ་བླངས་པར།
- ཁྱི་ཁྲ་ཚེ་སྒོ་ན་ཡོད་འདུག འབྲུ་མོ་གཉིས་མཐའ་ན་ཡོད་འདུག
- རྟ་རྒྱ་ལོ་ཕུགས་ན་ཡོད་འདུག སྦྲ་འདབས་ཟེད་ཀླད་ན་ཡོད་འདུག
- ངེད་མོ་གཉིས་ཁྱིམ་དུ་ཡོད་འདུག ངེད་མ་ཚང་རྒྱུ་བོ་ཅི་རེད། ཟེར།
- ལྷམ་ཡང་ཐུན་མོང་ཞིག་ལས་མེད་ནི་རེད་ཟེར།
- ཁོས་གླུ་རྐྱང་རྐྱང་བླངས་འཇོག་ནི་རེད་ཟེར། ཨ་མཚར་བཤད་འཇོག་ནི་རེད།
- བླ་མེད་གླིང་བ་ཞེས་པའི་སྡེ་བར་གླིང་ས་སྐྱ་གདན་འདྲེན་ཞུས་ཏེ།
- དབང་སྐུར་བྱས་པར་་ཁོ་གཉིས་ལ་སྦྲའང་མེད་པར་འདུག
- ཆར་བ་སོགས་ནང་དུ་བབས།
- བླ་མེད་གླིང་བ་སྡེ་བ་ཟེར་མོད་ནང་དོན་གསལ་བོ་མི་ཤེས།
- བླ་མེད་གླིང་བ་སྡེ་བས། གླིང་ས་སྐྱ་གདན་འདྲེན་ཞུས་ཏེ།
- གླིང་རྡོ་རྗེའི་ཕྲེང་བ་བསྐོར་ཐལ། ངའི་མ་རྒན་རྣམ་འབྱོར་བ་རེད།
- ཆར་ཆུ་བབས་ནང་ཏུ་བབས་ཐལ། ཟེར། ཁོ་གཉིས་ལ་ཐིགས་ཆུ་བབས་ནི་རེད་ཟེར།