Video Overview
"Abso’s Song for Horse" is widely known in the Zangkar area of Amdo.
- ཨ་སྐྱིད།བླ་མ་ཞིག་གི་ཆིབས་རྟ་འདྲོགས་ཏེ་མི་ཐུབ་པར།
- བླ་མས་ཨ་བསོད་ལ་ཨ་བསོད་ངའི་རྟ་འདྲོགས་ནས་མི་ཐུབ་པས་
- ཁྱོད་ཀྱིས་གླུ་ཞིག་ལེན་རོགས་ཞེས་པར། ཨ་བསོས་རྟ་ལ་གླུ་འདི་བླངས།
- འདིའི་གཡང་ཟོག་འདོ་བ་སྔོ་ནག འདོ་རྒོད་མའི་རྗེས་ན་ཡོད་དུས་སུ།
- ཁྱོད་མ་འོ་བདུད་རྩིའི་གསོས་ནི་རེད། ད་རྟ་ལོ་རྟ་མང་གྲས་ནས།
- ཁྱོད་གྲོ་དང་སྲན་མའི་གསོས་ནི་རེད། ད་སྐུ་ཡོན་ཏན་ཅན་གྱིས་བཅིབ་དུས་ན།
- ལ་ལུང་བར་འདྲོགས་གིན་མ་འདུག ལ་ལུང་བར་འདྲོགས་གིན་བསྡད་ན།
- གོང་རིན་ཐང་ཅན་རེ་ཁུག་ན། བཙོང་འཇོག་པར་ལ་ཐང་མེད་འདུག
- བཙོང་བཞག་གི་ཉི་མ་ཞིག་ལ། ཁྱོད་ལས་ངན་ཁྲམ་པའི་རྒྱུགས་རྟ་རེད།
- དགོང་རུབ་དུས་ས་མདོ་ཞིག་རེད། ནམ་ལངས་དུས་རྫ་རྩ་ཞིག་རེད།
- སྣ་རྔུལ་ཆུ་ཙར་སེ་སྙིང་རྗེ་རེད། དེ་བསམ་ན་འདོ་བའི་འདང་རྒྱོབ།
- དེའི་གླུ་བླངས་དུས་རྟའི་གོ་སོང་ནི་ཡིན་རྒྱུ་རེད། རྗེས་སུ་གཏན་ནས་མ་འདྲོགས་ནི་རེད།