02 Apr 2019
4 min 28 sec
Video Overview
Creators:
Tibetan and Himalayan Library
A tale of a family beset by a demon.
བདུད་ཀྱིས་བཟུང་བའི་ཁྱིམ་ཚང་ཞིག་གི་གནའ་གཏམ།
བརྙན་འདིར་གནའ་གཏམ་བུ་དགུ་ཚང་ཞེས་པ་བཤད་ཡོད། གནའ་གཏམ་འདིར་ཁྱིམ་ཚང་ཞིག་ལ་བུ་དགུ་ཡོད། བུ་ཆེ་བ་དེས་མནའ་མ་ཁྱད་འཕགས་ཅན་ཞིག་བླངས་མོད། ཁོ་ཚོའི་ཨ་མ་ནི་འདྲེ་ཞིག་ཡིན་པས་བུ་དག་རེ་རེ་བཞིན་བསད་དེ་ཟོས། མཐར་བུ་ཆུང་བར་ཐུག་དུས་མནའ་མས་རོགས་བྱས་ཏེ་འདྲེ་བཏུལ་བ་བརྗོད་ཡོད།
被恶魔困扰家庭的民间故事。
这段视频介绍 《九兄弟》的民间故事。 故事主要内容是 -在一个家庭里有九个儿子,大儿子的媳妇很能干,他们的母亲是一个恶魔,所以她把自己的儿子们一个接一个地吃了。但新娘帮了最小的儿子斩妖除魔。
- ཁྱིམ་ཚང་ཞིག་ལ་བུ་དགུ་ཡོད།
- བུ་ཆེ་བ་དེས་མནའ་མ་ཞིག་བླངས།
- མནའ་མ་དེ་བཟང་བོ་ཞིག་ཡིན།
- མ་རྒན་ལ་འདྲེ་གནས།
- མ་རྒན་གྱིས་རོགས་པ་ཚོར་བུ་ཆེ་བ་བསད་དེ་ཟ་རུ་བཅུག
- ངེད་ཚང་གི་མནའ་མས་བསད་སོང་ཞེས་འདྲེ་ཚོར་བཞིན།
- དེ་ལྟར་དུ་བུ་ཚོ་གཅིག་རེ་གཅིག་རེ་བྱས་ནས་
- བུ་ཆུང་བར་ཐུག མ་རྒན་གྱིས་དེ་ལྟར་འདྲེ་ཚོ་གསོས།
- ནུབ་རེ་རེར་དེ་ལྟར་བྱིན།
- ནུབ་ཞིག་ལ་བུ་ཆུང་བ་དེར་ཐུག་དུས་མནའ་མས་ཤེས།
- དེ་དགོང་འདི་ཁྱེར་འགྲོ་བསམ།
- མོ་རང་བུ་དགུ་བོར་རེ་རེ་བཞིན་མནའ་མ་བྱས་ཏེ་
- བསྡད་ནས་བུ་ཆུང་བར་ཐུག་དུས་དེ་དགོང་
- འདི་གསོད་རྒྱུ་རེད་བསམ་སྟེ་སེམས་སྡུག་བྱས།
- མོས་མགོན་པང་ཐོག་ཏུ་བཞག་ནས་
- ངུས་པར་མིག་ཆུ་ཁྱོ་གའི་སྟེང་དུ་ལྷུང་།
- ཁྱོ་གས་ཅི་ཡིན་དྲིས་པར་མོས་ཅི་ཡང་མིན་ཟེར།
- ཁྱོ་གས་ཅི་ཡིན་ཤོད་དང་ཟེར་བར་
- ད་སྔ་ཁྱོད་ཀྱི་ཕུ་བོ་ཚང་མ་ངས་ཟོས་སོང་ཟེར་མོད།
- ངས་ཟོས་པ་མིན། ཁྱེད་ཚང་གི་ཨ་མས་ཟོས་སོང་བ་ཡིན།
- ཁྱོད་ཀྱིས་མི་བདེན་བསམ་ན་དེ་དགོང་
- ངེད་གཉིས་གང་ཞིག་ལ་འགྲོ།
- ངས་ཁྱོད་ལྕང་སྡོང་ཞིག་གི་ངོར་སྐེད་རགས་ཀྱིས་
- འདོགས་ལ་དེ་ནས་ཁྱོད་ལ་
- རིག་རྒྱུ་ཞིག་དང་ཤེས་རྒྱུ་ཞིག་ཡོད་སྲིད་ཟེར།
- ལྕང་སྡོང་ཞིག་གི་མགོར་འཛེག་སྟེ་
- དེའི་སྟེང་དུ་ཁྱོ་ག་སྐེད་རགས་ལ་
- མདུད་པ་དགུ་བརྒྱབ་ནས་བཅངས།
- བཅངས་རྗེས་མོར་རང་ཕྱིར་ཡུལ་ལ་ལོག
- བར་སྐབས་ཤིག་ལ་འདྲེ་མང་པོ་འུར་ལོང་སེ་ཐོན།
- ཁོ་ཚང་གི་ཨ་མའི་ནུ་མ་གཡས་པ་ཕྲེག་ཏུ་ཁུར།
- ནུ་མ་གཡོན་པ་ས་ལ་དྲུད།
- སྐྲ་འཕྱང་མཆེ་བ་གཙིག་སྟེ་ཐོན།
- རོགས་པ་ཚོར་དེ་དགོང་ངའི་བུ་ཆུང་བ་ཁེར་བོ་ལས་མེད།
- དེས་ཁྱེད་ཅག་གསོ་རྒྱུ་ཡིན་
- དེ་ནས་ང་ལ་ཁྱེད་ཅག་གསོ་བྱེད་མེད།
- ངའི་བུ་དགུ་ལས་ཁྱེད་ཅག་གསོས་པ་ཡིན་
- དེ་ལས་ཁྱེད་ཅག་གསོ་བྱེད་མེད་ཟེར།
- ཞི་ལུས་དེ་དགོང་ཁོ་ཟ་རྒྱུ་རེད་བསམ་སྟེ་
- སྐྲ་དྲག་པས་ལྕང་སྡོང་ངོ་ནས་འདར།
- ཨ་མས་སྐྲ་ཉག་མ་རེ་བཅད་དེ་ངའི་བུ་འདི་
- ས་གང་ན་ཡོད་རུང་ཞེས་སར་གཅིག་རེ་
- བརྒྱབ་དུས་མེ་སྟག་གི་དམར་ཚུབ་ཚུབ་བྱས།
- བུའི་སྐེ་རགས་ཀྱི་མདུད་པ་དགུ་ལས་གཅིག་གྲོལ།
- ཡང་འདྲེ་མོས་ངེད་ཚང་གི་མནའ་མས་
- སྤྲུལ་བ་ཞིག་བྱས་འདུག་པས་དེ་དགོང་ངས་
- འདི་ལེན་ཐུབ་པ་མིན་ཟེར་བཞིན་ཡང་དེ་ལྟར་བྱས་ནས་
- བདུད་པ་གསུམ་ལས་གཞན་མདུད་པ་དྲུག་གྲོལ།
- ཚད་དེར་ངེད་ཚང་གི་མནའ་མས་
- སྤྲུལ་བ་བྱས་འདུག་པས་ཐབས་མེད།
- ཐོ་རེ་ང་མཛོ་མོ་ཞིག་ལ་སྤྲུལ་ནས་ཡོང་བས་
- ཁྱེད་ཚང་གི་མཛོ་མོ་བཙས་ཡོད་ཤོག་དང་
- མཛོ་མོས་བརྡུང་སྟེ་བསད་ཐུབ་རྒྱུ་རེད་ཟེར།
- ང་མཛོ་མོ་ཞིག་ལ་སྤྲུལ་ནས་ཡོང་ཞེས་ཟེར།
- ཁོ་རང་གིས་གོ་ཡོད་པས་ཕྱི་ཉིན་
- སྟ་རེ་ཞིག་ཡོད་པ་བརྡར་ནས་བསྡད།
- ཉིན་གུང་ཞིག་ལ་ཁྱེད་ཚང་གི་
- མཛོ་མོ་བཙས་འདུག་ལ་སྤྱིར་རྡུང་མི་དཔེ་མོད།
- ད་ལོ་རྡུང་བས་ཁྱེད་ཚང་གི་བུ་ཤོག་ལ་ལོངས་ཟེར།
- ཁྱེད་ཚང་གི་བུ་ལེན་ཏུ་ཤོག་ཟེར་བར་སོང་དུས་
- མཛོ་མོའི་མིག་གཉིས་དམར་ལྷོག་ལྷོག་ཁོ་བདའ་ནས་ཡོང་།
- ཁོས་ལག་གི་སྟེ་རེས་མཛོ་མའི་མགོ་ལ་བརྒྱབ།
- མཛོ་མོ་ས་ལ་འགྱེལ་རྗེས་ཁྱིམ་ཏུ་སོང་བ་ན་
- མ་རྒན་ཉལ་སའི་ནང་དུ་ན་བཞིན་འདུག
- འདྲེ་དེ་བུས་དེ་ལྟར་བཏུལ་ཐུབ་སོང་།
- མའི་མགོ་ལ་རྨ་ཤུལ་ཡང་ཡོད།
- འདྲེ་དེ་ལྟར་ཐུལ་ལོ།།