02 Apr 2019
10 min 55 sec
Video Overview
Creators:
Tibetan and Himalayan Library
A folktale about the complications of appearances.
རྟ་རྫི་ཞིག་ཡོད་པར་ཁྱི་མོ་དམར་པོ་ཞིག་ཡོད། རྟ་རྫིས་ཁྱི་ལྤགས་མེར་བསྲེག་པ་ལས་ཆག་སྒོ་ཆེན་པོ་བྱུང་བར་མོས་ཀླུ་ཡུལ་ནས་དཔུང་རོགས་མངགས་ཏེ་སེལ་བ།
བརྙན་འདིར་གནའ་གཏམ་ཁྱི་མོ་དམར་ལུ་མ་ཞེས་པ་བཤད་ཡོད། གནའ་གཏམ་འདིར་ལུང་པ་ཞིག་གི་མགོ་ན་རྟ་རྫི་ཞིག་ཡོད་པར་ཁྱི་མོ་དམར་པོ་ཞིག་ཡོད། ཁྱི་མོ་དེ་ནི་ཀླུའི་བུ་མོ་བྱད་གཟུགས་མཛེས་པ་ལྷ་མོ་ལྟ་བུ་ཞིག་ཡིན། རྟ་རྫིས་ཁྱི་ལྤགས་མེར་བསྲེག་པ་ལས་ཆག་སྒོ་ཆེན་པོ་བྱུང་བར་མོས་ཀླུ་ཡུལ་ནས་དཔུང་རོགས་མངགས་ཏེ་སེལ་བ་བྱས་པ་བརྗོད་ཡོད།
马夫有一只红色的母狗。 因为马夫烧狗皮而面临了巨大的灾难。红狗到龙官助求并消除灾难。
这段视频介绍 《红狗》的民间故事。 故事主要内容是 -马夫有一只红色的母狗。 因为马夫烧狗皮而面临了巨大的灾难。红狗到龙官助求并消除灾难。
- ཁྱི་མོ་དམར་ལུ་མ་ཞེས་པའི་གནའ་བཤད་བཤད་རྒྱུ་ཡིན།
- ལུང་བ་ཞིག་གི་ཕུ་ན་རྟ་རྫི་ཞིག་ཡོད།
- ཁོ་ལ་སྒོ་ཁྱིར་ཁྱི་མོ་ཞིག་ཡོད་པ་དམར་བོ་
- ཡིན་པས་མིང་ལ་ཁྱི་མོ་དམར་ལུ་མ་ཟེར།
- ཁོ་རང་རྟ་རྫིར་འགྲོ་དགོས།
- ལུང་བའི་མདའ་ན་གྲོང་སྡེ་ཆེན་པོ་ཞིག་ཡོད།
- ཁོ་རང་ཉིན་ལྟར་རྟ་རྫི་སོང་སྟེ་ཕྱིར་ཁྱིམ་དུ་
- ཐོན་དུས་ཐབ་ན་མེ་འབར་བཞིན་པ་དང་ཇ་ཁོལ་ལ་
- རྩམ་པ་དང་གྲོ་མ་མར་ཁུ་སོགས་ཟ་རྒྱུ་སྣ་ཚོགས་
- གྲ་སྒྲིག་བྱས་ཡོད་པས་ཤིན་ཏུ་ནས་ཡ་མཚར་ཞིག་ཡིན།
- དེ་རིང་སོང་ན་ཡོད་ལ་སང་ཉིན་སོང་ཀྱང་ཡོད།
- ཉིན་ཞིག་ལ་རྒད་པོས་འདི་འདྲིའི་ཡ་མཚན་པ་ཅི་ཞིག་
- ཡིན་བསམ་སྟེ་ཟ་རྒྱུ་འཐུང་རྒྱུ་ཡོད་པར་ཡིད་མ་ཆེས་
- ཟས་ཆུ་ཟ་མ་དང་མེ་ལ་སོགས་གྲ་སྒྲིག་བྱས་ཡོད་པ་
- ཅི་ཡིན་སྙམ་སྟེ་ལྐོག་ལྟ་བྱས་ནས་བསྡད།
- ཉམས་ཉོས་བྱས་ནས་བསྡད་དུས་ཁྱི་མོ་དམར་ལུ་མ་དེ་
- ཕྱི་ལ་ཁྱི་ལྤགས་དམར་པོ་ཞིག་གོན་པ་ལས་ནང་ལྷ་མོ་
- བཅོ་ལྔའི་དུང་ཟླ་ལྷ་བུའི་མཛེས་མ་ཡིད་དུ་འོངས་བ་
- སྐྲ་གཡུ་ལས་གྲུབ་པའི་མཛེས་མ་ཞིག་ཡིན།
- རྒད་པོ་ཅི་བྱེད་མི་ཤེས་པར་རྒྱུགས་ཐེངས་གཅིག་གིས་
- ཁྱི་མོ་དམར་ལུ་མའི་ཁྱི་ལྤགས་དེ་མེ་ལས་བསྲེག
- ལྷ་མོས་དེ་སྲེག་མི་རུང་བས་དེ་བསྲེག་ན་ངེད་གཉིས་ལ་
- ཡག་པོ་ཞིག་ཡོང་མི་སྲིད་ཞེས་ཟེར་མོད།
- ཁོས་མེ་ལ་བསྲེག་ཚར་བརླག་ཟིན།
- དེ་ནས་ལྷ་མོ་ཆུ་ཁར་ཆུ་ལེན་དུ་སོང་སྟེ་
- སྐྲ་བཀྲུས་པ་ན་སྐྲའི་ལན་བུ་
- ལས་གཡུ་ཡག་པོ་ལྡོག་གཅིག་ཆད་དེ་ཆུས་ཁྱེར་སོང་།
- ལུང་གསུམ་མདོའི་རྒྱལ་པོའི་གཡོག་མོ་རྣམས་
- ཆུ་ལེན་པར་སོང་བ་དང་གཡོག་མོ་གཅིག་གིས་
- ཆུ་སྐྱོགས་ནང་དུ་ཆུ་བཅུ་སྐབས་གཡུ་དེ་བཅུས།
- ཁོ་ཚོས་ཆུ་ཟོམ་ཁུར་དེ་རྒྱལ་པོའི་ཕོ་བྲང་དུ་འབྱོར་རྗེས་
- ཆུ་ཟངས་ནང་དུ་བླུགས་པར་ཁྱིམ་ལ་འོད་འཚེར་བ་བྱེད།
- རྒྱལ་པོས་དེ་ཅི་ཡིན་དྲིས་ཏེ་བལྟས་དུས་ཆུ་ཟངས་ནང་དུ་
- གཡུ་ཡི་སྒྲ་ཡག་པོ་ཞིག་འདུག་པ་མཐོང་རྗེས་དེ་ནི་བུད་མེད་
- ཁྱད་དུ་འཕགས་པའི་མཛེས་མ་ཞིག་གི་སྐྲ་ཡིན་པ་
- ཤེས་རྗེས་རྒྱལ་སྲས་ལ་ཡུམ་བྱེད་པར་དགོས་སེམས་ཏེ།
- རྒྱལ་བློན་ཚང་མར་སྐད་བརྒྱབ་ཏེ་
- བོས་ནས་ཕྱོགས་སོ་སོར་འཚོལ་བར་སོང་།
- དེའི་རྒྱལ་སྲས་ཀྱི་རྒྱལ་ཡུམ་བྱེད་དགོས་ཞེས་བཀའ་ཕབས།
- དམག་བློན་ཚང་མ་ཕྱོགས་སོ་སོར་སོང་སྟེ་བཙལ་མོད་མ་རྙེད།
- མ་རྙེད་དུས་གཅིག་གིས་ལུང་བ་འདིའི་ཕུ་ན་
- རྒད་པོ་རྟ་རྫི་ཞིག་ཡོད་པར་དེ་ན་འདུག་གམ་
- ཞེས་པར་དམག་བློན་ཚང་མས་ལྟ་རུ་འགྲོ་ཞེས་སོང་།
- ཉིན་དེའི་སྔ་མོའི་དུས་ལ་ལྷ་མོས་གནས་ཚུལ་ཚང་མ་
- མཁྱེན་ཡོད་པས་རྟ་རྫི་རྒད་པོར་དེ་རིང་ཁྱོད་ཀྱིས་
- བཟའ་སྡུག་བྱེད་མི་རུང་ལ་ཁྱིམ་དུ་འགྲུལ་བ་སོགས་
- སུ་ཐོན་རུང་དགའ་བའི་ངང་ནས་བསུ་དགོས།
- ངས་ཀྱས་དགའ་བས་བསུ་ཞེས་བཤད་རྗེས་མོ་རང་གི་
- ངོ་དང་སྐྲ་ལ་སོལ་བ་དང་དྲེ་ནག་ཕྱིས།
- སྐྲ་སོགས་མདོག་ནག་ཅིང་བཙོག་པར་བསྒྱུར།
- དེ་རིང་ཐོན་རྒྱུ་ཡིནཔ་མཁྱེན་ཡོད།
- དེ་ནས་མཛེས་མ་འཚོལ་མཁན་དེ་ཚོ་སླེབས་པ་ན།
- རྟ་རྫིས་ལྷ་མོ་ལ་ཁྱོད་ཀྱིས་འགྲུལ་བ་རྣམས་སྣེ་ལེན་
- ལེགས་པོ་མི་བྱེད་པར་ཟེར་བཞིན་ཁྲོས་ཏེ་
- ཇ་ཅ་ནེ་གང་བོ་ལྷ་མོའི་གདོང་ལ་འཕང་རྗེས་
- ཇ་དེས་ལྷ་མོའི་ངོ་གདོང་དག་པ་མ་ཟད་
- སྐྲ་ཡང་དག་པར་གྱུར་ཏེ་མཛེས་མའི་གདོང་མངོན།
- མཛེས་མ་འཚོལ་མཁན་དག་གིས་ཀྱང་འཚོལ་བཞིན་པ་ནི་
- ཁོ་མོ་ཡིན་པ་ཤེས་ཏེ་ཕོ་བྲང་ཏུ་འགྲོ་དགོས་ཚུལ་བཤད་པར།
- རྟ་རྫི་རང་གིས་རྒྱལ་པོའི་དོ་ཟླ་མི་ཡོང་བས་ཐབས་གཞན་
- ཅི་ཡང་མ་རྙེད་པར་འགྱོད་པ་སྐྱེས་ཏེ་ངུས།
- དེ་ནས་རྟ་རྫི་ཕོ་བྲང་དུ་གདན་དྲངས་ཏེ་རྒྱལ་པོས་ཁོ་ལ་
- ལྷ་མོ་མཛེས་མ་དེ་རྒྱལ་སྲས་ལ་མནའ་མར་སྟེར་དགོས་མོད་
- གཞན་ཁྱོད་ལ་རྒྱུ་ནོར་ལོངས་སྤྱོད་སོགས་
- གང་འདོད་སྟེར་ཆོག་ཟེར་བར།
- རྟ་རྫིས་མོ་ནི་རང་གི་གཡོག་བྱེད་མཁན་ཡིན་པས་
- མི་སྟེར་ཐག་ཆོད་ཡིན་ཟེར་བ་ལ།
- རྒྱལ་པོས་དེས་ན་སང་ཉིན་ང་ཚོས་རི་འདིའི་
- ནགས་གཅོད་རྒྱུ་འགྲན། ནགས་བཅད་པ་སུས་མང་ན་
- མང་བ་དེ་ལ་སྟེར་རྒྱུ་ཡིན། ཁོང་གི་མང་ན་དེར་སྟེར་དགོས།
- རྒྱུ་ལོངས་སྤྱོད་སོགས་ཁྱོད་ལ་སྟེར་ཆོག
- དེ་མིན་པར་ཁྱོད་རང་རྒྱལ་ན་རང་གིས་བྱོས་ཟེར།
- རྟ་རྫི་ཕྱིར་ཁྱིམ་ལ་སོང་སྟེ་རྒྱུ་མཚན་ལྷ་མོར་བཤད་ནས་
- ང་མི་གཅིག་གིས་རྒྱལ་པོའི་དོ་ཟླ་མི་ཡོང་ཞེས་བཤད་དུས།
- ལྷ་མོས་ཁོ་ལ་ལེ་བདའ་བྱས་ཏེ་
- ཁོ་ལ་ཁྱོད་མཚོ་ཁར་སོང་ཏེ་ཨ་ཁུ་ཚང་གི་མི་སྒམ་
- གཡོར་ཤོག་ལ་ལམ་བར་ནས་ཁ་མ་ཕྱེ་ཟེར།
- རྟ་རྫིའི་ཁོ་མོའི་བཤད་པ་ལྟར་མཚོ་ཁར་སོང་ནས་མི་སྒམ་
- གཡར་ནས་ཡོང་དུས་ལམ་བར་ནས་འདི་ཅི་ཡིན་སྙམས་ཏེ་
- སྒམ་ཁ་ཕྱེ་མ་ཐག་སྒམ་ནང་ནས་གསར་བུ་
- སྟོབས་ཆེན་ལྔ་དྲུག་ཞིག་ནང་ནས་ཤོར།
- ལག་ཏུ་སྟ་རེ་ཐོགས་པའི་ཕོ་རྒོད་སྟོབས་ཆེན་ཏག་ཏག་ཡོད།
- དེ་ནས་ཡར་ཐོན་པར་རུ་སྡེ་ཞིག་གི་མི་མངགས་པ་ལས་
- སྒམ་ནགས་ནང་དུ་ཁྱེར་ཡོང་སྟེ་ཁ་ཕྱེ་པ་ན་
- སྒམ་ནང་ནས་མི་མང་པོ་ཐོན་ཏེ་ཤིང་བཅད་པས་
- རྟ་རྫི་ལ་རྒྱལ་ཁ་ཐོབ་མོད་
- རྒྱལ་པོས་དེ་མིན། སང་ཉིན་རི་མགོ་དཀར་བོར་སྒྱུར་རྒྱུ་
- འགྲན་དགོས་པས་སུ་རྒྱལ་ན་དེ་ལ་སྟེ་དགོས་ཟེར།
- རྟ་རྫི་ཡང་ཨ་ཁུ་ཚང་ལ་གོས་སྒམ་གཡར་དུ་སོང་།
- ཡང་གོས་སྒམ་ཡར་ཁྱེར་ཏེ་ཐོན་པར་
- རི་མགོ་དཀར་པོ་བྱེད་རྒྱུར་ཡང་རྒྱལ་ཁ་ཐོབ།
- མཇུག་ཏུ་རྒྱལ་པོ་ཕམ་ལ་རྟ་རྫིར་རྒྱལ་ཁ་ཐོབ།