02 Apr 2019
12 min 57 sec
Video Overview
Creators:
Tibetan and Himalayan Library
An elder shares local perspectives on raising children in a traditional nomadic environment.
བྱིས་པ་སྐྱེས་པ་ནས་དར་མའི་བར་དུ་རིམ་པ་རེ་རེ་བཞིན་གཉོར་སྐྱོང་བྱེད་ཚུལ་དང་། འབྲོག་ལས་སློབ་ཚུལ། ཁྱིམ་ཐབ་འཛིན་ཚུལ་ཇི་ལྟར་སློབ་པ་སོགས།
བརྙན་འདིར་ལོ་བརྒྱད་ཅུ་ཅན་གྱི་འབྲོག་པ་ཞིག་གིས་རང་གི་ཉམས་མྱོངས་དངོས་དང་འབྲེལ་དེ་ས་ཆ་འདིའི་སྲོལ་རྒྱུན་གྱི་བྱིས་པ་སྐྱེས་པ་ནས་དར་མའི་བར་གྱི་ལོ་ཚོད་རིམ་པ་རེ་རེ་བཞིན་གཉོར་སྐྱོང་བྱེད་ཚུལ་དང་། བྱིས་པའི་ཟ་མ་དང་གྱོན་ཆས། བྱིས་པའི་རྩེད་མོ་ཁ་ཤས། བྱིས་པ་ཕོ་མོ་སོ་སོར་སློབ་གསོ་གཏོང་ཚུལ་དང་འབྲོག་ལས་སོགས་ལས་ཀ་སློབ་ཚུལ། གཞན་བུ་རྒྱུད་ལ་ཁྱིམ་ཐབས་འཛིན་ཚུལ་ཇི་ལྟར་སློབ་པ་སོགས་བརྗོད་ཡོད།
这段视频介绍藏族牧民传统抚养小孩的方式;从出生到成年的抚养方式,以及关于牧业的介绍和如何承担家庭责任的培训。
在这段视频中,有一位八十岁的牧民解释牧民传统抚养孩子的方法, 各种儿童游戏、游戏的玩法、孩子们吃的食物和穿的衣服、生活条件与社会环境,牧民的生活方式以及家庭继承 。
- སྔོན་གྱི་ལོ་རབས་ཨ་མྱེ་ཨ་ཕྱི་ཚོའི་ལོ་རབས་བཤད་ན།
- དེའི་རྒྱུ་མཚན་མ་བཤད་ན་མི་ཐུབ།
- ངའི་ཕ་མའི་སྔོན་གྱི་ཨ་མྱེས་ཨ་ཕྱི་ཚོས་རིང་ལ་
- ངའི་ཕ་དང་མ་ཚོས་བྱིས་པ་སྐྱོང་ཚུལ་གྱི་
- ལོ་རྒྱུས་འདྲ་བཤད་ན། དེའི་རིང་ལ་བཤད་རྒྱུ་ཡོད།
- མ་ཟད་རང་ལོ་བརྒྱད་ཅུ་བུད་ཡོད་རུང་
- རང་ལ་བུ་ཕྲུག་མང་། བུ་ཕྲུག་ཅི་ཡོད་ཟེར་ན།
- བུ་བུ་མོ་གཉིས་ཀར་བུ་ཕྲུག་བརྒྱད་ཡོད།
- ཆུང་དུས་རང་གི་སྐྱོང་ཚུལ་ཇི་འདྲ་ཞིག་ཡིན་ཟེར་ན།
- བྱིས་པ་དང་མགོ་ཡོད་དུས་ཡིན་ན་
- འབྲོག་པ་བོད་ཁ་བ་ཅན་གྱི་དཔེ་ཚུལ་རེད།
- བུ་བསོད་ནམས་བཟང་བོ་དེ་སྔོན་མར་ཡོད།
- བྱིས་པ་ཡོད་རྗེས་ཅི་ཞིག་རེད་ཟེར་ན།
- ཡོད་ན་དེ་ནི་སེམས་ཅན་སོགས་གཞན་དང་མི་འདྲ།
- མི་རེད། མི་ཡིན་ན་སྐྱེས་རྗེས་དེ་མ་ཐག་ཏུ་དྲིལ་བྱེད་
- གཅིག་ནས་ནང་གོས་སམ་ཚི་ལེན་ཟེར་བ་
- དེ་ཅི་ཡིན་ཟེར་ན། རས་ཀྱི་ནང་ནས་ཟི་མི་འདྲེས་ས་
- བཟང་ཤོས་དགོས་པ་ལས་
- བྱིས་པ་དྲིལ་བྱེད་མི་འོས།
- གཉིས་སུ་ལུག་གུའི་པགས་པ་མཉེད་ནས་
- དྲོད་ལ་མཛེས་པའི་ཁུག་ཏུ་སྐྱེས་མ་ཁད་ཀྱི་
- བྱིས་པ་དྲིལ་ཏེ་པང་དགོས།
- དེ་ནས་བྱིས་པ་དེ་ཟླ་བ་གཅིག་ཙམ་ལོངས་རྗེས་
- ཟླ་བ་རེ་རེ་བཞིན་འདས་པར་ཟླ་བ་བརྒྱད་དགུ་ལ་
- ཐོན་དུས་བྱིས་པ་རྩེ་རྒྱུ་དགོད་རྒྱུ་སོགས་
- དེ་དུས་ཐབས་ཅན་ཕ་མས་སློབ་དགོས།
- གསལ་ཡོང་རྒྱུ་ཅང་ཡོད་ནི་མ་རེད།
- མ་སློབ་པར་བྱིས་པའི་སེམས་པ་
- ཕ་མའི་ཇི་ལྟར་ཁྲིད་དགོས་ཞེས་ན།
- སོ་ཞིག་བུད་ཡོད་ན་སོའུ་བུད་ཡོད་པ་ཞེས་
- བུ་ཆུང་ལ་རྒྱུ་མཚན་དང་འདི་འདྲའི་ཡག་པོ་ཡོད།
- ཟ་རྒྱུ་ཡིན་ན་འདི་འདྲའི་ཡག་པོ་ཡོད།
- གོན་རྒྱུ་ཡིན་ན་འདི་འདྲའི་ཡག་པོ་ཡོད་ཞེས་བཤད་ན།
- སྐད་ཆ་གོ་བཞག་ཟེར་རྒྱུ་མེད་མོད་མིག་གི་རིག་ས་ནས་
- དེ་འདྲ་བྱས་ན་བྱིས་པ་དགའ་བའི་སྒོ་ནས་དགོད་ཤེས་རྒྱུ།
- ཡ་ཁ་མ་ཁའི་སོ་ཡང་སྐྱེས་རྒྱུ་དེ་འདྲ་ཞིག་ཡིན་ནི་རེད།
- དུས་ནམ་ཞིག་ལ་ཐོན་ན། ཟླ་བ་བརྒྱད་དང་།
- ཟླ་བ་དགུ་ཙམ་གྱི་དུས་སུ་བྱིས་པར་
- རིག་པ་གསལ་བྱེད་གཙོ་བོ་དེ་རེད།
- བྱིས་པ་ཟླ་བ་དགུ་ལ་ཐོན་དུས་ན་
- ཕ་མས་བྱིས་པར་ཡར་ལོངས་ཞེས་སློབ་དགོས།
- སྔོན་ཆད་ང་ཚོ་འབྲོག་པ་ཚོར་གཞན་ཅང་ཡོད་ནི་མ་རེད།
- འབྲོག་པ་ཡིན་ན་ལག་མགོ་བཟུང་སྟེ་
- ཕར་ཚུར་ཁྲིད་དུས་གོག་ནི་རེད།
- ཡ་ད་ཁྱོད་གོག་ཤེས་སོང་།
- སྐྱིད་འདི་ཞེས་ན་བུ་ཆུང་གོག་རྒྱུར་དགའ་བས་
- གོག་ནི་ནུར་ནི་རེད།
- གོག་སྟེ་ནུར་རྗེས་ད་ཡར་ལངས་དགོས།
- ཡར་ལངས་དགོས་ན་ལངས་ཚད་ནི་
- ལོ་གཅིག་ཡས་མས་ཞིག་མགོར་ཡོད།
- དེ་དུས་ལག་མགོར་བརྟེན་ཏེ་ཨམ་ཚེ་གོམ་མཚེས་ཞེས་
- ཡར་ལངས་ནས་གོམ་པ་གཅིག་སྤོ་ཨེ་ཐུབ།
- གཉིས་སྤོ་ཨེ་ཐུབ་ལྟ།
- དང་ཐོག་གཅིག་ཀྱང་སློ་མི་ཐུབ་ལ་གཉིས་ཡང་སྤོ་མི་ཐུབ།
- ཡར་ལངས་ཡོད་དུས་བུ་ཡིན་ན་བུ་མོ་ཡིན་ན།
- སྐྱིད་འདི་ཁྱོད་ཡར་ལངས་ཡོད་ཟེར་ན་
- བྱིས་པ་ཚོས་ཧ་གོ་ནས་ཡར་ལངས་རྒྱུ་འདྲ།
- དེ་ནས་གོམ་གཅིག་སྤོ་རྒྱུ་གཉིས་སྤོ་རྒྱུ་ལ་ཐོན་ཡོད།
- དེ་དུས་བྱིས་པའི་ཁ་གྲག་རྒྱུའི་ཚད་ལ་ཐོན་ཡོད།
- ད་སྔ་ཡན་ཆད་ལ་ཁ་མི་གྲག
- ཕར་བལྟས་ན་ཁ་གྲག་རྒྱུའི་རིག་པ་ཡོད་ནི་རེད་མོད།
- ཡོད་རུང་ཁ་གྲག་མ་ཐག་ཏུ་སྐད་ཆ་བཤད་མི་ཤེས།
- མི་ཤེས་དུས་ཨ་མ་དང་ཨ་ཕ།
- གཙོ་བོ་ཨ་མ་ཟེར་ཤེར་རྒྱུ་གལ་ཆེ་ནི་རེད།
- ཁྱོད་ཀྱིས་ཨ་མ་ཨ་མ་ཞེས་ན་
- བུ་ཆུང་གིས་ཀྱང་ཨ་མ་ཨ་མ་ཟེར་ཡོང་།
- དེ་ནས་ཨ་ཕ། ཨ་ཞང་། ཨ་ཁུ་གང་ཞིག་ཡིན་རུང་
- རིམ་པ་ལྟ་དུ་ཡོང་དུས་བྱིས་པ་ཚོས་རིག་གསལ་ཡོང་།
- དེ་གཙོ་བོར་ཤེས་དུས་བྱིས་པ་ཚོའི་རིག་པ་
- ཇེ་གསལ་ཡིན། ད་ཤེས་ཡོང་ནི་རེད།
- དེ་ནས་ཡར་ཆེ་ཡོང་དུས་ལོ་ལྔ་དྲུག
- བདུན་བརྒྱད་ཡས་མས་རེད་དེའི་ཡན་ལ་ཐོན་མེད།
- བྱིས་པ་མང་པོ། ཕན་ཚུན་གང་ཞིག་ཡིན་རུང་།
- ཁྱིམ་མཚེས་རུ་སྐོར་གང་ཞིག་ཡིན་རུང་ཡོང་ང་ཡིན།
- དེར་ཨ་མྱེས་དེས་བྱིས་པ་ཚོར་རྩེད་མགོ་སྒྲིལ་དགོས།
- ཚུར་ལ་སྒྲིལ་བཏང་ན་བྱིས་པར་དགའ་བྱེད་ལ་
- ཅི་བྱས་ན་དགའ་ཟེར་ན། གཅིག་ནས།
- བཞའ་འཕེན་རྒྱུ་ཡིན། བཞའ་འཕང་ན་བྱིས་པ་ཀུན་
- ཚུར་ལ་བསྡུས་ཏེ་བྱིས་པ་ཚོ་བཞའ་སུས་རྙེད།
- རྙེད་མཁན་དེར་མཛོ་མོ་འདོགས་ཟེར་ནས།
- རང་རང་སོ་སོར་རྡོ་ཤར་སེ་བཞག
- དེ་ནས་བྱིས་པ་རེ་ལ་རྡོ་རེ་བཞག་རྗེས།
- སུས་རྙེད་ན་མཛོ་མོ་རེ་འདོགས་ནི་རེད།
- བཏགས་དུས་ན་བྱིས་པ་ཚོས་རེ་རེས་རིག་ལ་
- རེ་རེས་མི་རིག་ནི་ཡོད་ནི་རེད།
- རིག་ཀྱང་དེའི་ནང་དུ་ཤེད་ཆེ་ཆུང་ཡོད་ནི་རེད།
- སྙིང་ཆེ་ཆུང་ཡང་ཡོད་ནི་རེད། འཇུ་རེས་བྱེད་ནི་རེད།
- འཇུ་རེས་བྱས་དུས་ན་ད་ཁྱོད་ཚོས་འཇུ་རེས་མ་བྱེད།
- དོན་དུ་བཞའ་ཁྱོད་ཀྱིས་རྙེད་ནི་རེད།
- རྙེད་ནི་དེ་ངས་ཀྱང་ཤེས།
- ད་ཁོས་རྙེད་ནི་རེད་ཟེར་ནས་མཛོ་མོ་
- བཅུ་ཡོད་ན་མཛོ་མོ་ལྔ་ཡོད་ན་དེ་བྱས་དུས།
- དེའི་ནང་གི་བྱིས་པ་ཚོར་རེ་རེར་མཛོ་མོ་གཅིག་ཀྱང་མེད།
- མེད་ན་བྱིས་པ་ཕོ་མོ་གང་ཡིན་རུང་
- ད་ཁྱོད་ལ་མཛོ་མོ་གཅིག་ཀྱང་མེད་པས་
- ཁྱོས་ཅི་ཡང་ཐུབ་མེད། ཁྱོད་ཀྱིས་སར་ལྟ་ཐུབ་མེད།
- ཕན་ཚུན་གང་ཞིག་ཡིན་ན་ཕར་ལྟ་ཚུར་ལྟ་བྱོས།
- གཡས་ལྟ་གཡོན་ལྟ་བྱོས་ཟེར་ན་བྱིས་པ་ཡིན་རུང་
- སེམས་ལ་ལ་རྒྱ་ཤར་ནས་ཡང་དེ་འདྲ་བྱས་དུས་
- བཞའ་མང་པོ་རྙེད་རྒྱུ་ཡོད་ནི་རེད།
- བྱིས་པ་སྐྱོང་ཚུལ་ལས་ཆེ་ཡོང་དུས་
- རྩེ་ཚུལ་སོགས་ཐམས་ཅད་པོ་ཡོད་ནི་རེད།
- གནའ་དུས་ཀྱི་དཔེ་ཡིན་ན།
- བྱིས་པ་ཚོའི་རྩེད་མོ་རྩེ་ཚུལ།
- དེ་འདིའི་འཕྲོར་མཐུད་བཞག་ན་
- བདེ་རྒྱུ་རེད་བསམ་སོང་། ཅི་རེད་ཞེས་ན།
- གཅིག་ནས་བྱིས་པ་ཚོར་
- ང་ཚོའི་ཁྱིམ་ཚང་ཞིག་ཡིན་ན།
- ཁྱིམ་ཚང་གི་གནས་ཚུལ།
- འབྲི་མཛོ་མོ་བྱས་བ་གང་ཞིག་ཡིན་རུང་
- དེའི་ཁྱིམ་ཚང་གི་གནས་ཚུལ་གཏན་ནས་མི་ཤེས།
- བྱིས་པ་ཞིག་གི་མ་ཤེས་ན་
- ཡང་ཡར་སྐྱོང་ཚུལ་ཡོད་ནི་རེད།
- དེར་ཅི་ཞིག་ཡོད་ཟེར་ན།
- གཅིག་ན་བྱིས་པ་མང་པོ་ཚུར་བསྡུས་ཏེ་གོ་བརྡ་སྤྲད།
- འཇིག་རྟེན་གྱི་འགྲོ་ཚུལ་འདུག་ཚུལ་ཟེར་ན།
- གཅིག་ན་ཕ་མར་བརྩི་བཀུར་བྱེད་རྒྱུ།
- གཉིས་སུ་ཨ་ཞང་ལ་བརྩི་བཀུར་བྱེད་རྒྱུ།
- གཙོ་བོ་གལ་ཆེན་པོ་དེ་རེད།
- དེའི་འཕྲོར་འཁོར་བའི་གནས་ཚུལ།
- ཟོག་ར་དང་ལུག་ར།
- རྟ་ར་ཟེར་རྒྱུ་གང་མང་ཡོད་ནི་རེད།
- དེ་ཡོད་ན་འདི་ལུག་ར་རེད།
- འདི་ཟོག་ར་རེད། འདི་ཁྱིམ་རེད།
- ཁྱིམ་གྱི་ཁང་བ་ལས་རྒྱུ་དང་སྦྲ་ཕུབ་རྒྱུ་སོགས་
- བྱིས་པ་ཚོར་སློབ་ནས་འདི་འདྲ་ཡིན།
- དེ་འདྲ་ཡིན་ཟེར་ནས་བྱིས་པར་སློབ་བཞིན་ཡོད།
- སྔོན་མི་ཤེས་པས་བྱིས་པ་ཚོར་སློབ་དུས་
- བྱིས་པ་ཚོར་དགའ་བ་ཆེ་ནི་རེད།
- ཟངས་པ་དང་ཟ་རྒྱུ་འཐུང་རྒྱུ་ལ་སོགས།
- ཐབ་ཀ་འཛུགས་རྒྱུ་དང་མེ་འབུད་རྒྱུ་ལ་སོགས།
- ཁ་ཚང་བར་བཤད་ན་བྱིས་པ་དེས་འཇིག་རྟེན་གྱི་
- འགྲོ་ཚུལ་འདུག་ཚུལ་སློབ་ཡོང་ནི་རེད།
- དོན་དུ་སློབ་ཡོང་བ་རེད།
- སློབ་ཡོང་དུས་ཁ་མིན་ནས་དོན་གྱི་
- བྱིས་པ་ཚོ་དེར་དགའ་རྒྱུ་ཞིག་ཡིན།
- བྱིས་པ་ཚོས་ཇ་སྐོལ་བཞིན་ཡོད་ཟེར་བ་དང་
- གྲོ་མ་བཙོ་བཞིན་ཡོད་ཟེར་རྒྱུ་སོགས་
- འདྲ་མིན་སྣ་ཚོགས་བྱས་ཏེ་ཁོ་ཚོས་ཅ་ནེ་བཟུང་ནས་
- གོང་འོག་མེད་པར་གང་སར་འཐུང་།
- ཁོ་ཚོ་དགའ་སྤྲོའི་ངང་ནས་དུས་འདའ་བར་བྱེད།
- ཡང་བྱིས་པ་དེར་ལོ་ཚད་ཡོད་ནི་རེད།
- བྱིས་པ་ཚོའི་འགྲོ་ཚུལ་བཤད་ན་དེ་འདྲ་ཞིག་རེད།
- དེའི་མ་ཚད་ཁོ་རང་ཡར་ཆེ་ཡོང་ན་
- ཁོས་རྟ་འཛིན་མི་ཤེས། གཡག་འཛིན་མི་ཤེས།
- རྟ་འཛིན་ཚུལ་གཡག་འཛིན་ཚུལ་ཐམས་ཅད་
- མ་སློབ་ན་བྱིས་པ་དེ་ཚོས་ཐུབ་པ་མིན།
- རྟ་ཁ་ཡོབ་ཆེན་ཞིག་བྱེད་རྒྱུ་ལ་སོགས།
- དང་མགོ་རྟ་བཟུང་ན་ཐོག་ཏུ་འཛིན་ཕོད་ནི་མ་རེད།
- ད་ཁྱོད་ཀྱིས་རྟ་ཟུངས་ཟེར་ནས་ཐོག་ལ་ཕུད།
- དེ་ནས་བྱིས་པ་ཚོས་རྟ་འཛིན་ཤེས་ནས་མི་ཚད་
- སྲབ་མདའ། སྲབ་དཀྱོག་སོགས་ཐམས་ཅད་
- ལག་ཏུ་བཞག་ནས་སོང་ཟེར་ན།
- བར་སྐབས་ཤིག་ལ་སོང་ནས་མི་ཚད་
- རྟ་རྒྱུགས་ཤེས་ནི་རེད།
- རྟ་ལ་རྟ་རྒྱུགས་ཤེས་ནི་རེད།
- གཡག་ལ་གཡག་རྒྱུགས་ཤེས་ནི་རེད།
- དེ་ནས་ཟོག་འཚོ་ཚུལ་སོགས་
- བྱ་བ་གང་ཞིག་ཡིན་ན་བྱིས་པ་ལ་
- མ་སློབ་ན་མི་ཐུབ་པར་སློབ་དགོས་ནི་རེད།
- སློབ་ཡོང་ན་བྱིས་པ་སྐྱོང་ཚུལ་
- ང་རང་གི་སྔོན་བྱིས་པ་ཚོར་སློབ་ཚུལ་གྱི་
- རིམ་པ་ཡིན་ན་དེ་འདྲ་ཞིག་རེད།