02 Apr 2019
5 min 20 sec
Video Overview
Creators:
Tibetan and Himalayan Library
A folktale about omens and averting bad outcomes.
ཆག་སྒོ་དང་རྐྱེན་ངན་འབྱུང་བའི་སྔ་ལྟས་སྐོར་གྱི་གནའ་གཏམ།
བརྙན་འདིར་གནའ་གཏམ་རེའུ་རྔ་ཞེས་པ་བཤད་ཡོད། གནའ་གཏམ་འདིར་བཟའ་མི་གཉིས་བཟའ་འཐོར་བྱེད་སྐབས་ར་མའི་རྔ་མ་རྒན་མོའི་ལག་ཏུ་ཆད་པ་དེས་རྐུ་བྱས་ཏེ་མ་རྒན་མོར་གཡོ་བྱས། རྒྱལ་པོའི་རེའུ་རྔ་ལ་རྐུ་བྱེད་པར་མཁས་ན་ཉིན་གསུམ་གྱི་ནང་དུ་ཁོའི་བླ་གཡུ་རྐུས་དང་ཞེས་སྐུལ་བ་ལྟར། རེའུ་རྔས་རྐུ་བྱས་པ། དེ་ནི་མི་རོ་བརྩེ་སྒྲུང་ལས་དྲན་གསལ་གྱི་ནང་དོན་དང་མཚུངས།
一个关于预兆和避免坏结果的民间故事。
这段视频介绍 《山羊尾》的民间故事。 故事主要内容是 - 在一对夫妇离婚时,一头山羊的尾巴落在妻子的手里。山羊尾被迫妻子偷国王的绿松石。
- ཁང་པ་གསར་རྙིང་གཉིས་ཡོད་པའི་
- ཁྱིམ་ཚང་གཉིས་ཀྱིས་ར་མ་འགའ་ཐུན་མོང་དུ་འཚོས།
- ཉིན་ཞིག་ར་མ་དག་བགོས་པར།
- ཁང་བ་གསར་བ་ཅན་དེས་རེའུ་རེའུ་ཞེས་
- བོས་ན་ང་ཡོད་སར་ཡོང་བསམ།
- ཁོ་གཉིས་ཀྱིས་ར་མ་དག་རེའུ་རེའུ་ཞེས་བོས་ན་
- སུ་ཡོད་སར་ཐོན་ར་མ་དག་དུས་སུས་
- བདག་བྱེད་ཟེར་བར་གྲོས་མཐུན་བྱུང་།
- ཕྱི་དྲོ་ར་མ་དག་ཐོན་པ་ན་
- ཁོ་གཉིས་ཀས་རེའུ་རེའུ་ཞེས་བོས་པར།
- ར་མ་དག་ཁང་པ་རྙིང་པ་ཅན་ཚང་ལ་སོང་།
- ཁང་པ་གསར་ཅན་ཚང་གི་རྒན་མོ་
- ཁྲོ་བའི་ངང་ནས་ར་མ་ཞིག་གི་རྔ་མས་བཟུང་།
- རྔ་མ་ཆད་པས་ཁྱེར་ནས་གཏུབ་ལེབ་ཐོག་ཏུ་
- བཞག་སྟེ་གྲིས་གཏུབ་གྲབས་བྱས་དུས།
- ཨ་མ་ང་མ་གཏུབ་དང་ངས་ཁྱོད་ལ་ཁ་གསོ།
- རྒྱབ་འགེབ་ཟེར། ཨ་མས་ཁྱོད་རེའུ་རྔ་ཞིག་གིས་
- ཁ་གསོ་རྒྱབ་འགེབ་མི་ཐུབ།
- ངས་ཁྱོད་བཤའ་དགོས། གཏུབ་དགོས་ཟེར།
- རེའུ་རྔས་མ་གཏུབ་དང་ངས་ཁྱོད་ལ་
- ཁ་གསོ་ཟེར་བར།
- ཨ་མས་ཁྱོད་ཀྱིས་ངའི་ཁ་ཇི་ལྟར་གསོ་ཞེས་པར།
- ངས་རྒྱལ་པོ་ཚང་ལ་མཛོ་རྐུ་ཆོག་ཟེར།
- ཨ་མས་དེས་ན་ཆོག་ཞེས་མངགས།
- རེའུ་རྔ་རྒྱལ་པོ་ཚང་ལ་མཛོ་རྐུ་བར་སོང་།
- མཛོ་ཀྭ་རིལ་རྐུའམ་ནག་རིལ་རྐུ་ཞེས་པར།
- གཡོག་པོ་ཞིག་གིས་རྐུན་མ་ཐོན་འདུག་ཟེར་ཏེ།
- ཚང་མ་སྒོ་ཁར་ཐོན་ཏེ་བལྟས་པར་ཅི་ཡང་མེད།
- རེའུ་རྔ་རྩྭ་གསེང་དུ་ཡིབ་ནས་བསྡད།
- ཁོ་ཚོས་ཅི་ཡང་མ་རིག་པས་སླར་ཁྱིམ་དུ་སོང་།
- མཛོ་ཀྭ་རིལ་རྐུའམ་ནག་རིལ་རྐུ་ཞེས་པར།
- གཡོག་པོ་ཞིག་གིས་རྐུན་མ་ཐོན་འདུག་ཞེས་
- ཐེངས་གཉིས་གསུམ་ཙམ་ལ་དེ་ལྟར་བྱས་རྗེས།
- ཐེངས་རྗེས་མར་རྒྱ་པོ་ཚང་གི་ཡང་མ་གོ།
- མ་གོ་བར་ཁོས་མཛོ་ཀྭ་རིལ་བརྐུས་ནས་ཐོན།
- རེའུ་རྔས་ཨ་མ་སྒོ་ཕྱེ་དང་ཟེར་བར།
- ཨ་མས་ཁྱོད་རེའུ་རྔ་ཞིག་ཅི་ལ་མི་ཐར།
- ཁྱོད་རང་ཤོག་ཟེར་བར། རེའུ་རྔས་ང་ཐར་མོད་
- རྒྱལ་པོའི་མཛོ་རོ་མི་ཐར་ཟེར་བར་
- ཨ་མས་དགའ་བའི་ངང་ནས་སྒོ་ཕྱེས།
- སྒོ་ཕྱེས་པར་མཛོ་ཀ་རིལ་བརྐུས་ནས་ཐོན་པས་
- ཁོ་གཉིས་ཀྱིས་བཤས་ཏེ་ཤ་བཙོས་ནས་ཟོས།
- རེའུ་རྔའི་བསམ་ནག་བྱེད་རྒྱུ་ཞིག་དྲན་པར་
- ཨ་མ་ངེད་གཉིས་ཀྱི་རྒྱལ་པོ་མགྲོན་དུ་འབོད་ཟེར།
- ཨ་མས་མི་འབོད་ཟེར་རུང་ཁོས་འབོད་དགོས་ཟེར།
- རྒྱལ་པོར་མཛོ་བརྐུས་ཡོད་པས་བསམ་ནག་བྱས།
- རྒྱལ་པོར་མཛོའི་གོ་བའི་ཁྲི་ཞིག་བརྒྱབ།
- མཛོ་མགོ་རྒྱབ་ལ་བཞག དེ་ནས་རྒྱལ་པོ་བོས།
- རྒྱལ་པོས་ཤ་ཟོས་ལ་ཤ་ཁུ་འཐུང་མོད་མ་ཤེས།
- རྒྱལ་པོ་འགྲོ་རན་དུས་མཛོ་མགོར་བལྟས་ཏེ་
- འདི་ངེད་ཚང་གི་མཇོ་དང་འདྲ་ཟེར་བར་
- རེའུ་རྔས་མཛོ་ཤ་ཟོས་ཏེ་ཤུ་ཁུ་འཐུང་ནས་
- མཛོ་མགོ་མི་ཤེས་མཁན་ཞེས་པར་
- རྒྱལ་པོས་ཁྱོད་རེའུ་རྔ་གསད་དགོས་ཞེས་པར།
- རེའུ་རྔས་ངས་ཁྱོད་ཀྱི་དུང་ཆེན་རྐུ་དགོས་ཟེར།
- ཡང་རྒྱལ་པོས་གསད་དགོས་ཞེས་པར།
- རེའུ་རྔས་ངས་ཁྱོད་ཀྱི་དུང་ཆེན་རྐུ་དགོས་ཟེར།
- རྒྱལ་པོས་དེས་ན་ངེད་གཉིས་ཀྱི་དེ་དགུང་དུང་ཆེན་
- རྐུ་ཐུབ་མིན་དང་གསད་ཐུབ་མིན་བལྟ་ཞེས་སོང་།
- རྒྱལ་པོས་གཡོག་པོ་ཚོར་དེ་དགུང་རེའུ་རྔ་ང་ཚོར་
- དུང་ཆེན་རྐུ་བར་ཡོང་རྒྱུ་ཡིན་པས་
- ང་ཚོས་རེའུ་རྔ་གསད་དགོས་ཟེར།
- ཚང་མའི་རིག་པ་སྒྲིམ་ཟེར།
- གོ་ཁར་མར་ཁུ་ཅ་ནེ་གང་བཞག
- རེའུ་རྔ་རྐུ་བར་ཐོན་དུས་
- ཐབ་ནང་དུ་བླུགས་ནས་མེ་འབར་བྱེད་ཡིན།
- ར་མ་ཞིག་རྔ་མ་དེར་ཐོན་ནས་ཉུལ་བ་མ་ཤེས།
- རེའུ་རྔ་སོང་ནས་ཁྱི་རྒན་མངགས།
- ཁྱིའི་ཤུལ་དུ་དེ་ཚང་གི་ཐབ་ཟངས་བཞག
- གཡོག་མོ་གཅིག་གི་ཕུ་རུང་ནང་དུ་
- རྡོ་རིལ་ཞིག་བསྡུས་ནས་བསྡམས།
- ཅིག་ཤོས་དེའི་མགོར་རྩྭ་ཐོ་ཞིག་བཅངས།
- རྒྱལ་པོ་ཡོད་སའི་ཀ་བའི་ངོར་ཁབ་འཛེར།
- གྲིའི་ངོར་སྐྱག་པ་བྱིས།
- སྒོར་བུད་དེ་ཀི་བཏབས་པ་ན།
- རྒྱལ་པོས་མ་འགྲིག རྐུན་མ་ཐོན་ཡོད་ཟེར་ཏེ།
- མར་ཁུ་ཁོས་འཐུང་ནས་ནང་དུ་ཆུ་གང་བླུགས།
- རྐུན་མ་ཐོན་ཡོད་ཞེས་གྲི་ལག་ཏུ་བཟུང་བ་ན་
- ལག་པར་སྐྱག་པ་འབྱར།
- ལག་པ་ཀ་ངོར་བྱིས་པ་ན་ལག་ངོར་ཁབ་ཟུག
- ཁབ་ལེན་བསམ་སྟེ་ལག་པ་ཁ་ནང་ཏུ་བླངས་པར་
- རྒྱལ་པོ་སྐྱག་ཟན་ཞེས་བོས།
- དེ་ནས་གཡོག་མོ་ཚོ་ཡར་ལོངས་ཞེས་པར།
- གཡོག་མོ་གཅིག་གིས་མེ་སྤར་བར་
- མགོའི་རྩྭ་ལ་མེ་འབར།
- ཅིག་ཤོས་དེས་ཁྱོད་ཀྱི་མགོར་མེ་འབར་སོང་ཞེས་
- ཕུ་རུང་གིས་གཡུག་པ་ན་ནང་དུ་རྡོ་ཡོད་པས་
- མགོ་ལ་ཕོག་སྟེ་བསད།
- ཁྱི་མ་ཟིག་པར་རྒྱལ་པོ་ཁྲོས་ནས་
- རྡོ་ཡིས་བརྒྱབ་པར་ཐབ་ཟངས་ལ་ཕོག་སྟེ་བཅག
- དེ་ལྟར་རེའུ་རྔ་རྒྱལ་ལ་རྒྱལ་པོ་ཕམ།