Video Overview
Songs as performed in Zangkar for ceremonies and to cultivate auspicious circumstances.
- སྟོན་གླུ་སཕགས་ལ་འདི་འདྲ་ལེན་རྒྱུ་ཞིག་ཡོད།
- ཤྭ་གྱོ་རྒྱ་མཚོ་ནང་ནོར་བུ་རེད།
- རྭ་ཆ་བརྒྱད་མཚོ་ཁའི་མེ་ཏོག་རེད།
- ལས་བསོད་ནམས་མེ་ཏོག་ཡར་དར་རེད།
- མཛོ་ཁྱུང་དཀར་མཚོ་ནང་ནོར་བུ་རེད།
- རྭ་ཆ་གཉིས་མཚོ་ཁའི་མེ་ཏོག་རེད།
- ལས་བསོད་ནམས་མེ་ཏོག་ཡར་དར་རེད།
- རྟ་འདོ་བ་མཚོ་ནང་ནོར་བུ་རེད།
- སྲབ་སིལ་མ་མཚོ་ཁའི་མེ་ཏོག་རེད།
- ལས་བསོད་ནམས་མེ་ཏོག་ཡར་དར་རེད།
- བཀྲ་ཤིས་པའི་ཐང་ལུང་གོང་མ་ན།
- ངས་ན་ནང་དངུལ་གྱི་ཐང་མ་བཞག
- ངས་ད་ལོ་དངུལ་གྱི་མཆོད་རྟེན་བཞེངས།
- འདི་འགྲུབ་པའི་སྟོན་མོ་དེ་རིང་རེད།
- བཀྲ་ཤིས་པའི་ཐང་ལུང་བར་མ་ན།
- ངས་ན་ནང་གསེར་གྱི་ཐང་མ་བཞག
- ངས་ད་ལོ་གསེར་གྱི་མཆོད་རྟེན་བཞེངས།
- འདི་འགྲུབ་པའི་སྟོན་མོ་དེ་རིང་རེད།
- བཀྲ་ཤིས་པའི་ཐང་ལུང་ཞོལ་མ་ན།
- ངས་ན་ནང་དུང་གི་ཐང་མ་བཞེངས།
- ངས་ད་ལོ་དུང་གི་མཆོད་རྟེན་བཞེངས།
- འདི་འགྲུབ་པའི་སྟོན་མོ་དེ་རིང་རེད།