02 Apr 2019
1 min 42 sec
Video Overview
Creators:
Tibetan and Himalayan Library
In this video there are two songs: Three Woods Question Song and Three Woods Answer Songs.
The song lyrics include the following:
On top of the Sha Rigyel mountain,
three types of trees can't fell with an axe,
Singer, which three are they?
In middle of the Sha Rigyel Mountain
མདོ་སྨད་ཁྱུང་མཆུའི་ཟངས་དཀར་ཡུལ་གྱི་འབྲོག་པའི་ས་ཆའི་སྲོལ་རྒྱུན་དམངས་གླུའི་རིག་གནས་སྐོར་ལས་ཤིང་གསུམ་དྲི་བ་དྲིས་ལན་ཞེས་པའི་གླུ་གཉིས།
བརྙན་འདིར་དམངས་གླུ་གཉིས་ཡོད་པ་ནི། 1《ཤིང་གསུམ་དྲིས་པའི་གླུ།》2《ཤིང་གསུམ་སྦྱོར་བའི་གླུ་ལན།》གླུ་ཚིག་གི་ཆ་ཤས་ནི་འདི་ལྟར་ཏེ། ཤྭ་རི་རྒྱལ་རི་བོའི་རི་མགོ་ན། ཤིང་སྟ་རེས་མ་གསེས་ཤིང་གསུམ་ཡོད། ཁྱོད་གླུ་བས་བཤད་ན་ཅི་ཞིག་རེད། ཤྭ་རི་རྒྱལ་རི་བོའི་རི་སྐེད་ན།
在藏族安多邛溪壤噶地区广为流传的传统牧民民歌:三树之歌等两首歌
视频中的有 《问三木之歌》《回三木之歌》等两首歌以及一部分歌词以如下:
在夏日加山顶上,
用斧头劈不开的三种树,歌手你说是哪三种?
夏日杰的山中间。
- ཤྭ་རི་རྒྱལ་རི་བོའི་རི་མགོ་ན།
- ཤིང་སྟ་རེས་མ་གསེས་ཤིང་གསུམ་ཡོད།
- ཁྱོད་གླུ་བས་བཤད་ན་ཅི་ཞིག་རེད།
- ཤྭ་རི་རྒྱལ་རི་བོའི་རི་སྐེད་ན།
- རྩྭ་ཟོར་བས་མ་འཐུས་རྩྭ་གསུམ་ཡོད།
- ཁྱོད་གླུ་བས་བཤད་ན་ཅི་ཞིག་རེད།
- ཤྭ་རི་རྒྱལ་རི་བོའི་རི་ཞོལ་ན།
- ཆུ་ཐོམ་བུས་མ་བཅུས་ཆུ་གསུམ་ཡོད།
- ཁྱོད་གླུ་བས་བཤད་ན་ཅི་ཞིག་རེད།
- ཤྭ་རི་རྒྱལ་རི་བོའི་རི་མགོ་ན།
- ཤིང་སྟ་རེས་མ་གསེས་ཤིང་གསུམ་ཡོད།
- དེ་ཤྭ་རྭ་སྒོ་རྭ་གླ་རྭ་གསུམ།
- ང་གླུ་བའི་དཔྱད་ན་དེ་འདྲ་རེད།
- ཤྭ་རི་རྒྱལ་རི་བོའི་རི་སྐེད་ན།
- རྩྭ་ཟོར་བས་མ་འཐུས་རྩྭ་གསུམ་ཡོད།
- དེ་ཤྭ་སྤུ་སྒོ་སྤུ་གླ་སྤུ་གསུམ།
- ང་གླུ་བའི་དཔྱད་ན་དེ་འདྲ་རེད།
- ཤྭ་རི་རྒྱལ་རི་བོའི་རི་ཞོལ་ན།
- ཆུ་ཐོམ་བུས་མ་བཅུས་ཆུ་གསུམ་ཡོད།
- དེ་ཤྭ་ཁྲག་སྒོ་ཁྲག་གླ་ཁྲག་གསུམ།
- ང་གླུ་བའི་དཔྱད་ན་དེ་འདྲ་རེད།