Skip to main content Skip to search
01 Sep 2018
4 min 29 sec
Video Overview
Creators: 
Sherig Dentshog , Ngawang Loday

Sergi from Yurung village sings a Khoray song narrating her old age and how she suffered during childhood, coming from a poor background. The song is in Tshanglakha (Sharchop) and composed a long time ago, though its origins are unknown. The culture of singing a Khoray song is most popular in eastern Bhutan (Pemagatshel and Trashigang in particular). They sing Khoray songs when they feel bored, sad or tired while working in the field. Khoray songs are mostly emotional and sung by the old people of the village.

པདྨ་དགའ་ཚལ་རྫོང་ཁག་ གཡུ་རུང་གཡུས་ཚན་ལས་ གསེར་གུས་ཀྱིས་ གདུང་བསམ་པའི་ཁོ་རེ་ཅིག་འཐེན་མི་ནང་ ག་ཏ་དོང་ཏ་གཱོད་པ། །ཕུ་དང་རི་ཤ་མཐོང་ལ། །རང་ག་དྲིན་ཅན་ཕ་མ། །མིང་གིས་མཐོང་མོ་མ་ལ་ཟེར་ ཚེ་འདིའི་སྐྱེ་བའི་ཕམ་གཉིས་ཆ་ར་མེད་པའི་སྟབས་ཀྱིས་ སྐྱོ་བ་ལངས་ཏེ་འཐེན་པའི་གླུ་གཞས་ཅིག་ཨིན་མས། ཁོ་རེ་འཐེན་ནི་གི་སྲོལ་འདི་ མང་ཤོས་ཅིག་ ཤར་ཕྱོགས་ཁ་ཐུག་ བཀྲིས་སྒང་དང་པདྨ་དགའ་ཚལ་ལུ་ དར་ཁྱབ་སོང་ཡོདཔ་ད་ ཁོང་གིས་ དུས་ནམ་ར་འབད་རུང་ དབངཔོ་ངལ་སྡོད་པའི་སྐབས་དང་ སེམས་མ་དགའ་བའི་སྐབས་ དེ་ལས་ཞིང་ནང་ལཱ་འབད་དེ་འུ་སྡུག་པའི་སྐབས་སུ་འཐེནམ་ཨིན་མས།  སྤྱིར་བཏང་ ཁོ་རེ་འདི་སྐྱོ་སི་སི་སྦེ་ མི་རྒས་ཤོས་ཚུ་གིས་འཐེན་དོ་ཡོདཔ་ད་ ཁོ་རེ་འདི་ ཤར་ཕྱོགས་རྫོང་ཁག་ནང་བཟུམ་སྦེ་ རྫོང་ཁག་གཞན་ཁར་ ཡོངས་གྲགས་སྦེ་འཐེན་སྲོལ་མེདཔ་ཨིན།

Transcript search
No results found for this search
0 of 0
  • གསེར་གུས་ Sergi
    ཡ་ག་ཏ་དོང་ཏ་ཡ་གོཌ་པ་ས་ཁོ་རེད། །ཡ་ཕུ་དང་རི་ཤ་མཐོང་ལ་ས་ཁོ་རེད། ། ཡ་ཡར་ལྟ་མར་ལྟ་ཡ་བལྟཝ་ད་ས་ཁོ་རེད། །ཡ་ལ་དང་རི་རང་མཐོངམ་མས་ས་ཁོ་རེད། །
    When I look around, sa khoray! I see only mountains and river, sa khoray!
  • གསེར་གུས་ Sergi
    ཡ་རང་ག་དྲིན་ཅན་ཡ་ཕ་མ་ས་ཁོ་རེད། །ཡ་མི་ཁིས་མཐོང་མོ་མ་ལ་ས་ཁོ་རེད། ། ཡ་རང་གི་དྲིན་ཅན་ཡ་ཕ་མ་ས་ཁོ་རེད། །ཡ་མིག་གིས་མཐོང་ནི་མིན་འདུག་ས་ཁོ་རེད། །
    Our precious and thankful parents, sa khoray! I am not able to see them, sa khoray!
  • གསེར་གུས་ Sergi
    ཡ་ཤར་གེའི་ཤོ་མཁན་ཡ་ངམ་ཏེ་ས་ཁོ་རེད། །ཡ་ཨ་པ་ད་བོ་མཐོང་ལ་ས་ཁོ་རེད། ། ཡ་ཤར་ལས་འཐོན་མི་ཡ་ཉིམ་འདི་ས་ཁོ་རེད། །ཡ་ཨ་པ་བཟུམ་སྦེ་མཐོངམ་མས་ས་ཁོ་རེད། །
    The sun that rise from the East, sa khoray! Seems like my father, sa khoray!
  • གསེར་གུས་ Sergi
    ཡ་ཡབ་ཆེན་ཨ་པ་ཡ་གི་ནེ་ས་ཁོ་རེད། །ཡ་ནོ་ཝང་ཆོག་ཉི་གནང་ཤོ་ས་ཁོ་རེད། ། ཡ་ཡབ་ཆེན་ཨ་པ་ཡ་ཨིནམ་པ་ཅིན་ས་ཁོ་རེད། །ཡ་ཁ་ཅིག་སླབ་སྟེ་གནང་ད་ས་ཁོ་རེད། །
    If you are my great father, sa khoray! Please, do talk to me, sa khoray!
  • གསེར་གུས་ Sergi
    ཡ་ནུབ་ཏཱན་དེ་མཁན་ཟླ་བ་ས་ཁོ་རེད། །ཡ་ཨ་མ་ད་བོ་མཐོང་ལ་ས་ཁོ་རེད། ། ཡ་ནུབ་ལུ་འགྱོ་མི་ཡ་ཟླ་ཝ་ས་ཁོ་རེད། །ཡ་ཨ་མ་བཟུམ་སྦེ་མཐོངམ་མས་ཁོ་རེད། །
    The moon that is moving to the West, sa khoray! Seems like my mother, sa khoray!
  • གསེར་གུས་ Sergi
    ཡ་ཡུམ་ཆེན་ཨ་མ་ཡ་གི་ནེ་ས་ཁོ་རེད། །ཡ་ཞལ་འཆེམས་གསུངས་ཐཱན་འབྱོན་ཤོ་ས་ཁོ་རེད། ། ཡ་ཡུམ་ཆེན་ཨ་མ་ཡ་ཨིནམ་པ་ཅིན་ས་ཁོ་རེད། །ཡ་ཞལ་འཆེམས་གསུངས་སྟེ་འབྱོན་ད་ས་ཁོ་རེད། །
    If you are my great mother, sa khoray! Please, tell me your last wish and go, sa khoray!
  • གསེར་གུས་ Sergi
    ཡ་ཕ་མ་ཐུར་ག་ཡ་ཝག་ཙ་ས་ཁོ་རེད། །ཡ་བསོད་ནམས་འདྲན་འདྲ་མ་ལ་ས་ཁོ་རེད། ། ཡ་ཕ་མ་གཅིག་གི་ཡ་ཨ་ལོ་ས་ཁོ་རེད། །ཡ་བསོད་ནམས་འདྲན་འདྲ་མིན་འདུག་ས་ཁོ་རེད། །
    Though we (children) are of same parents, sa khoray! We are of different luck, sa khoray!
  • གསེར་གུས་ Sergi
    ཡ་གོ་ག་ཐུར་ག་ཡ་གོ་ཐམ་ས་ཁོ་རེད། །ཡ་ཟེ་མོ་ཆི་ལོ་ཨུན་ཅ་ས་ཁོ་རེད། ། ཡ་བྱ་མོ་གཅིག་གི་ཡ་སྒོང་རྡོག་ས་ཁོ་རེད། །ཡ་ཆུང་བ་ཆེ་བ་འོངམ་ཨིན་ས་ཁོ་རེད། །
    Though the eggs are of same hen, sa khoray! Those eggs are of different size, sa khoray!
  • གསེར་གུས་ Sergi
    ཡ་ཨ་སྐུ་ཆེན་ཡ་གསུང་ཆེན་ས་ཁོ་རེད། །ཡ་ཆོས་ཀ་སྙིང་པོ་གནང་ཤོ་ས་ཁོ་རེད། ། ཡ་ཨ་པ་སྐུ་ཆེན་ཡ་གསུང་ཆེན་ས་ཁོ་རེད། །ཡ་ཆོས་ཀྱི་སྙིང་པོ་གནང་ད་ས་ཁོ་རེད། །
    Oh! Father please, sa khoray! Devote truely to dharma (religion), sa khoray!
  • གསེར་གུས་ Sergi
    ཡ་ཨ་མ་སྐུ་ཆེན་གསུང་ཆེན་ས་ཁོ་རེད། །ཡ་སྨོན་ལམ་ལེགས་མོ་གནང་ཤོ་ས་ཁོ་རེད། ། ཡ་ཨ་མ་སྐུ་ཆེན་ཡ་གསུང་ཆེན་ས་ཁོ་རེད། །ཡ་སྨོན་ལམ་ལེགས་ཤོམ་གནང་ད་ས་ཁོ་རེད། །
    Oh! Mother please, sa khoray! Make the best prayer and wish, sa khoray!
  • གསེར་གུས་ Sergi
    ཡ་དགོན་པ་བཞུགས་མཁན་ཡ་བླ་མས་ས་ཁོ་རེད། །ཡ་ཐུགས་རྗེ་ཇང་ག་གནང་ཤོ་ས་ཁོ་རེད། ། ཡ་དགོན་པ་བཞུགས་མི་ཡ་བླ་མས་ས་ཁོ་རེད། །ཡ་ཐུགས་རྗེ་ང་ལུ་གནང་ད་ས་ཁོ་རེད། །
    The Lama of the Goenpa, sa khoray! Please bless me with compassion, sa khoray!
  • གསེར་གུས་ Sergi
    དེམ་ཅིག་ཞུ་གེ་ལགས།། །།
    Thats all.