Video Overview
Ap Loday Choezang of Tsangkha Village shares about the tax and labor requirements during the time of Second King Jigme Singye Wangchuck. During the reign of Second King, people had to pay various taxes such as Grass Tax. Grass Tax was of three types: in spring, it was nine loads of green grass; at the end of summer, nine loads of dry grass and ten loads of hay. People had to pay nine loads of coal for men and nine loads of smudge for women. They even had to pay wood/plank tax for the purpose of making incense sticks. For woola, it was mandatory for each household to have five workers who will eat from their house and then work for the government without any compensation.
༉ ཀྲོང་གསར་རྫོང་ཁག་ སྟང་སི་སྦྱིས་རྒེད་འོག་ ཚངས་ཁ་གཡུས་ཚན་ལས་བློ་གྲོས་ཆོས་བཟང་གིས་ འབྲུག་རྒྱལ་གཉིས་པའི་སྐབས་ལུ་ ཁྲལ་དང་འུར་ལཱ་ག་དེ་སྦེ་རྒྱུག་དགོཔ་ཨིན་ནའི་སྐོར་ལས་སླབ་ནི་འདུག ཁོ་གིས་འབད་བ་ཅིན་ དེ་བསྒང་ མི་སེར་ཚུ་ཁྲལ་དང་འུར་ལཱ་ གནམ་མེད་ས་མེད་རྒྱུག་དགོཔ་ལས་ དཀའཝ་སྦོམ་སྤྱད་མི་འདི་ ད་རེས་ནངས་པར་ དགའ་ཏོག་ཏོ་སྦེ་སྡོད་ནིའི་གོ་སྐབས་ཐོབ་མི་འདི་ གནད་དོན་དེ་ལས་བརྟེན་ཨིནམ་འོང་ནི་མས་ ཟེར་ཨིན་མས། ཏེ་དེ་བསྒང་ རྩྭའི་ཁྲལ་ཟེར་ ཁག་མ་འདྲཝ་གསུམ་སྦེ་བཏབ་དགོ་དོ་ཡོདཔ་ད་ དེ་ཡང་ནམ་སོ་ཁའི་དུས་སུ་རྩྭ་ཧོནམ་ སེར་ཁའི་དུས་སུ་རྩྭ་སྐམ་དང་ཅིག་ཁར་ སུག་མ་ཁུར་ཆ་བཅུ་ཐམ་བཏབ་དགོཔ་ད་ ཕོ་རྒྱ་ཚུ་གིས་སོལ་མོའི་ཁྲལ་དང་ ཨམ་སྲུ་ཚུ་གིས་ ཨ་ཇུ་ (ནོར་གི་ཨ་ཝ་སྐམ་) ཁུར་ཆ་དགུ་བཏབ་དགུ་དགུ་རེ་བཏབ་དགོཔ་ཡོདཔ་མས། ད་རུང་ སྤོས་དང་བསང་བཟོ་ནིའི་དོནལུ་ ཤིང་དང་ཨེན་ཏའི་ཁྲལ་ཡང་བཏབ་དགོ་དོ་ཡོདཔ་ད་ འུར་ལཱའི་ཐད་དུ་སོངམ་ད་ ཉིན་བསྟར་བཞིན་དུ་ཁྱིམ་གུང་རེ་ལས་མི་ལྔ་ལྔ་རེ་ ལྟོ་རང་གིས་ཟ་སྦེ་ གཞུང་ལས་གླ་ཡོན་ག་ནི་ཡང་ཐོབ་ནི་མེདཔ་སྦེ་ལཱ་འབད་དགོ་དོ་ཡོདཔ་མས།
- Tangsibjee
- Trongsa
- བློ་གྲོས་ཆོས་བཟང་/ Lodroe Chozang:ལགས་སོ། དང་ཕུ་གི་ སྔར་ཀུན་དགའ་རབ་བརྟན་འབྲུག་རྒྱལ་གཉིས་པ་གི་སྐབས་ཀྱི་ཁྲལ་འཐུས་ཕོག་ཐངས་གསོལ་སྡུད་ཕོག༌ཐངས༌འདི༌ ད༌ང༌ར༌ཤེས༌ཤེསཔ༌མཐོང༌མཐོངམ༌ཅིག༌ཞུ༌བ༌ཅིན། ད༌རེས༌ནངས༌པར༌དང་ དང༌ཕུ༌གི༌ལཱ༌འཕྱདཔ༌ད༌ལུ༌ གནམ་མེན་ས་མེད་ ད་རེས་ནངས་པར་དང་འཕྱདཔ་ད་འདི་ དང་ཕུག་གི་ལཱ་འདི་དུམ་གྲ་ཅིག་མེན་ཟེར་ཞུ་ནི་ཟེར་ གནམ་མེན་ས་མེད་དཀའ་ལས་ཁག་པོ།
- བློ་གྲོས་ཆོས་བཟང་/ Lodroe Chozang:ལཱ་འདི་དང་པ་ལུ་མི་སེར་ལུ་ཁྲལ་ཕོག་ཐངས་འདི་ག་ཅི་སྐོར་ལས་ཞུ་ནི་ཨིནམ་ཟེར་བ་ཅིན་ རྩྭ་ཁྲལ་གྱི་སྐོར་ལས་ཞུ་གེ་ང་གིས་ ཆིབས་པ་ལུ་བླུག་ནི་གི་རྩྭ་ཁྲལ་འདི་ར་ མི་ཁྱིམ་གུང་རེ་རེ་ལུ་རྩྭ་ག་དེ་རེ་ཕོགཔ་ཟེར་བ་ཅིན་ ཟླཝ་གསུམ་པའི་ཚེས་༡ ལས་འགོ་བཙུགས་ཏེ་ཚེས་༧ ཚུན་ཚོད་ ང་བཅས་ར་གི་ལྕངམ་འདི་ཚུ༌ལྕངམ་འབག་ དེ་བསྒང་ཀར་གྱི་ལྕངམ་འདི་ཚུ་འཐོན་འོང་ ཀར་གྱི་ལྕངམ་ཉིནམ་བདུན་བདུན་རེ་བླུག་དགོ་ཟེར་ཞུ་ནི།
- བློ་གྲོས་ཆོས་བཟང་/ Lodroe Chozang:ཀར་གྱི་ལྕངམ་ཉིནམ་བདུནམ་འདི་རྫོགསཔ་ཅིག་ དེ་ལས་རྩྭ་འདི་དུམ་གྲ་ཅིག་ཧོན་ལྕུག་འཐོནམ་ད་ལུ་ རྩྭ་ཁྲལ་ཟེར་ཧོན་རྩྭ་ཟེར་ཧོན༌རྩྭ༌འདི་ཉིནམ༌༡༣ རེ་བླུགསཔ་ཨིན་ཟེར་ཞུ་ནི་ཨིན། དེ་བསྒང་གྱི་ཁྲལའདི། ཁྲལ་ཟུང་འབྲེལ་གྱི༌ལོ༌རྒྱུས༌མེན༌ ཕྱི༌ཁ་གི༌རྩྭ༌རྐྱངམ༌ཅིག༌གི༌ལོ༌རྒྱུས༌སླབ༌ཨིན། དེ༌ལས༌ཉིནམ༌༡༣ འདི་རྫོགསཔ༌ཅིག༌ དེ༌ལས༌ནམ༌གསེར་ཁ་དུམ་གྲ་ཅིག་འཐོནམ་ད་ལུ་ རྩྭ་སྦོམ༌འགྱོ༌ རྩ༌སྐམ་འགྱོཝ་ད་ འ་ནཱི་གི་ཉིནམ༌༡༦ རེ༌བླུགསཔ༌ཨིན༌ཟེར༌ཞུ༌ནི། ནི༌རྩྭ༌ཉིནམ༌༡༦ འདི༌ཉིནམ༌༧ ཚན་གཅིག ཉིནམ༌༡༣ ཚན༌གཅིག ཉིནམ༌༡༦ ཚན༌གཅིག་ བསྟུདཔ་བསྟུད་སར་ སྦྱིགཔ་སྦྱིག་སར་ ཨ་ནཱི་སྦེ་བླུག་དགོ་ཟེར༌ཞུ༌ནི།
- བློ་གྲོས་ཆོས་བཟང་/ Lodroe Chozang:དེ༌ལས༌འ༌ནི༌རྫོགསཔ༌ཅིག༌ དེ་ལས་ཏེ་ དེ༌བསྒང༌ལས༌རྩྭ་འདི༌ཡང༌ཡུདཔ་ཅིག་རྫོགས༌སྦེ་ ང་བཅས་རེད་གི་འཕུ་མ་འདི་ད་རེས་ནངས་པ་བཟུམ་འབད་བ་ཅིན་ དེ་བསྒང་རེད་གི་འཕུ་མ་ཡང་རང་གི་ནོར་སེམས་ཅན་ལུ་བྱིན་ནི་མེད་ཟེར་ཞུ་ནི། རེད་གི་འཕུ་མ་ཁུར་ཆ་བཅུ་ཐམ་རེ་ཡར་འཇལ་དགོ་ཟེར་ཞུ་ནི། འ་ནཱི་ཁུར་ཆ་བཅུ་ཐམ་འདི་ཡར་འཇལ་ འ་ནཱི་ཁུར་ཆ་འདི་གིས་མཇུག་བསྡུ་ཞིན་ན་ རྩྭ་ཁྲལ་འདི་འ་ནཱིམ་ཅིག་གིས་རྫོགསཔ་ཨིན་ཟེར་ཞུ་ནི།
- བློ་གྲོས་ཆོས་བཟང་/ Lodroe Chozang:དེ་ལས་ ཁྲལ་ཕོག་ཐངས་འདི་ག་དེ་སྦེ་ཕོགཔ་ཟེར་བ་ཅིན་ སོལ་མོ་ཟེར་ལྕགས་བརྡུང་ནིའི་དོན་ལས༌ ཁྱལ་མི་རེ༌རེ༌ལུ༌སོལ༌མོ༌འདི༌ག༌དེ༌རེ༌ཕོགཔ༌ཟེར༌བ༌ཅིན༌ སོལ༌མོ༌ཁུར༌ཆ༌དགུ༌དགུ༌རེ༌ཁུར༌ཆ༌གནམ༌མེད༌ས༌མེད༌ ཐེག༌ཚད༌འབད༌ཙེའུ་སྦོམ་འབད་དེ་ཁྱལ༌རེ༌རེ༌ལུ༌སོལ་མོ༌ཁུར༌ཆ༌དགུ༌དགུ༌རེ༌ཕོ༌ཁྲལ་འདི་ལུ་སོལམོ་ཁུར་ཆ་དགུ་དགུ་རེ་ཕོགཔ་ཨིན་ཟེར་ ཕོ་ཁྲལ་མོ་ཁྲལ་ཟེར་ཡོད་ མོ་ཁྲལ་འདི་ལུ་ཐལཝ་ཁུར་ཆ་དགུ་དགུ་རེ་ མོ་ཁྲལ་ཟེར་མི་འདི་ཨམ་སྲུ་གི་ཁྲལ་ཨིན་མས་ ཁྲལ་མོ་ཁྲལ་འདི་ལུ་ ཐལཝ་ཁུར་ཆ་དགུ་དགུ་རེ་བླུད་དགོ་ཟེར་ཞུ་ནི།
- བློ་གྲོས་ཆོས་བཟང་/ Lodroe Chozang:དོ་རུང་འདི་གིས་མི་དོ་ ཏེ་ད་དེ་ལས་ང་བཅས་སྔོན་མ་འདི་ སྤོས་བཟོ་ནི་གི་དོན་དག་ལས་ ཡར་ཤུག་པའི་ཤིང་རིང་ཐུང་འདི་གང༌ཟིག༌གང༌གང༌ སྟུག་འདི༌ལག༌ལེ་གང༌གང༌ རྒྱ༌འདི༌མཐོ༌ཕྱེད༌དང༌དོ་དོ་འབད༌མི་ ཁྱལ་མི༌རེ༌རེ༌གིས་འ་ནཱི་ཨིན་ཅི་དགུ་དགུ་རེ་རེ་མི་རེ་རེ་གིས་འ་ནཱི་ཤིང་བཙུགས་དགོ་ཟེར་ཞུ་ནི།
- བློ་གྲོས་ཆོས་བཟང་/ Lodroe Chozang:འ་ནཱི་ཤིང་འདི་ཡང་ ཏེ་ཡར་ཤུག་པའི་ཤིང་སྦོམ་ལེགས་ཤོམ་མ་ཐོབ་པར་ གནམ་མེད་ས་མེད་མི་སེར་འདི་ཚུ་ཤིང་སྦོམ་མ་ཐོབ་པར་གནམ་མེད་ས་མེད་དཀའཝ་སྤྱད་ ཡར་ལས་མར་འབག་འོང་མི་འདི་ མར་སྒོ་རཔ་ཟེར་མི་འདི་གིས་ལེན་མས་བ་ དང་ཕུ། སྒོ་ར་པ་གིས་མར་ལེན་མ་བཏུབ་ དང་ཕུ་གི་མི་སེར་འདི་ཚུ་འ་ནཱི་སྦེ་གནམ་མེད་ས་མེད་དཀའཝ་སྤྱད་དགོ།
- བློ་གྲོས་ཆོས་བཟང་/ Lodroe Chozang:དེ་ལས་ཡར་ མཐོ་ཤོས་འབད་བ་ཅིན་ ཏེ་དང་པ་ལུ་ ཟླཝ་༡༠ པའི་ཚེས་གཅིག་ལུ་དབང་ཡོན་ཟེར་ དབང་ཡོན་རབ་འབྲིང༌ཐ༌གསུམ༌ཟེར་ཡོད། དབང༌ཡོན༌རབ༌འབྲིང༌ཐ༌གསུམ༌ཟེར༌མི༌འདི༌ རབ༌འདི༌ཆུམ༌རྐྱང་བྲེ་ཁལ་རེ་འཇལཝ་ཨིན་ཟེར་ཞུ་ནི་ཨིན།བར་ཟེར་མི་འདི་བྲེ་བཅུ་དྲུག་རེ་འཇལཝ་ཨིན། ཐམ་ཟེར་མི་འདི་བྲེ་བཅུ་གཉིས་རེ་འཇལཝ་ཨིན་ལགས། རབ་འབྲིང་ཐ་གསུམ་འབད་ རང་རང་སའི་ཕ་ཞིང་དང་བསྟུན་ཏེ་ ཡར་ལུ༌དབང༌ཡོན༌ཟེར༌ འ་ནཱི་སྦེ་བླུགས་ནི་ཡོད།
- བློ་གྲོས་ཆོས་བཟང་/ Lodroe Chozang:དོ་རུང་ཡང་འདི་གིས་མི་དོ་ཏེ་མ་པ་ མར་གཞན་ཁྲལ་ཟེར་ཏེ་གི་ནོར་དོ་རེ་རེ་གིས་ མར་སྲང་གང་གང་རེ་ཆབ་མཉམ་རང་ནོར་ཁལ་གཅིག་ཡོད་པ་ཅིན་མར་སྲང་ཁལ་གཅིག་ ཡར་ལུ་འ་ནཱི་སྦེ་འཇལ་དགོ་ཟེར་ཞུ་ནི། དེ་ལས་ དེ་བསྒང་གི་ཁྱལ་འཐུས་འུར་ལཱ་འདི་གནམ་མེད་ས་མེད་ འདི་གིས་མི་ཚད་ ཁྱིམ་ནང་ལུ་མི་གཅིག་དང་གཉིས་ཀྱིས་ དེ་བསྒང་གི་ཁྱལ་འབད་བ་ཅིན་ ཏེ་ད་མ་པ་ལས་རང་མི་ལྕོགས་ཟེར་ཞུ་ནི།
- བློ་གྲོས་ཆོས་བཟང་/ Lodroe Chozang:ཁྱིམ་འདི་ནང་ལུ་ ཁྱིམ་ནང་ལུ་ཨམ་འདི་དང་ཨཔ་འདི་འབད་ས་ལུ་མི་ག་དེ་ཅིག་མེད་རུང་མི་དྲུག་དྲུག་བདུན་བདུན་དེ་རེ་ དམའ་ཤོས་འདི་ མི་ལྔ་ལྔ་འདི་ཨིན་ཅི་མིན་ཅི་དགོ་ཟེར་ཞུ་ནི། མི་ལྔ་ལྔ་དགོ་པའི་རྒྱུ་མཚན་འདི་ག་ཆབ་ཟེར་བ་ཅིན་ ནོར་སྤོ་ནི་ཟེར་གཅིག་ཡོད་ལགས། དོ་སྐྱེལ་མི་ རྩྭ་བླུག་ནི༌འབདཝ༌ད་ལུ༌ ཉིནམ༌རེ༌རེ༌གི༌ཁྱལ༌འཐུས༌འུར༌ལཱ༌ བསྡུཝ་ད་ག༌ཅི༌ཨིནམ༌ཟེར༌སླབ༌པ་ཅིན༌ [པ་ཤ་པ་ཤ་?] འབད་ཡི་འབད་ཡི་ར་ ཁྱིམ༌རེ༌རེ༌ནང༌ལས༌མི་ལྔ་ལྔ་དེ་རེ་བཞེས་སྒོ་རང་གིས་ཟ་ ཁྱལ༌འཐུས༌མི༌ལྔ༌ལྔ༌དེ༌རེ༌འཐོན༌དགོ།
- བློ་གྲོས་ཆོས་བཟང་/ Lodroe Chozang:ཏེ་མི༌རེ༌རེ༌གཉིས༌གཉིསཔོ༌འདི༌ རྟག་བུ་རྒྱུན༌ཆད༌མེད༌པར༌བཞེས༌སྒོ༌ཟ༌ཡི༌རང༌ ལ་ལུ་དོ༌སྐྱེལ༌མི༌ ལ༌ལུ༌རྩྭ༌སྐྱེལ༌མི༌འབད༌ ལ༌ལུ༌འུར༌ལཱ༌རྒྱུག༌མི༌འབད༌ མི༌ཆད༌ནི་མེད་པར༌ མི༌གཉིས༌གཉིས༌དེ༌རེ༌རྟག་བུ༌རང༌འ༌ནཱི་སྦེ་ གཞུང༌ལུ༌ཁྲལ༌རྒྱུག་རྒྱུག་ས་འ་ནཱི་སྦེ་སྡོད་དགོ་ཟེར་ཞུ་ནི།
- བློ་གྲོས་ཆོས་བཟང་/ Lodroe Chozang:ད་རེས་ནངས་པ་དང་ དེ་བསྒང་གི་དུས་དང་ཕྱདཔ་ད་ལུ་ ཏེ་ད་རེས་ནངས་པ་གི་མི་འདི་ཚུ༌ གནམ༌མེད༌ས༌མེད༌དགའ༌བ༌དང༌སྤྲོ༌བ༌སྐྱིད༌པ༌ ད་ང་རའི་མནོ་བསམ་ནང་འབད་བ་ཅིན་ དང་ཕུ་སྔོན་མ་ཕམ་འདི་ཚུ་གནམ་མེད་ས་མེད་དཀའཝ་སྤྱད༌དེ༌གིས་ གོང་མའི་ཕྱག༌ཞུ༌ གྲྭ༌ཚང༌གི་ཕྱག༌ཞུཝ༌ད་ལུ་ ད་འདི་གི་བྱིན༌འབྲས༌འདི༌ད༌རེས༌ནངས༌པའི༌མི༌སེར༌ཚུ་ལུ་ཕོག༌སྟེ་གིས་ ད༌རེས༌ནངས༌པའི༌ཨ༌ལོ༌ཚུ༌དགའ༌དགའཝ༌སྦེ་སྡོད༌མི་འདི་ འ་ནཱི་ཨིན༌མས༌མནོ༌བའི༌མནོ༌བསམ༌བཏངམ༌མས་ལགས།
- བློ་གྲོས་ཆོས་བཟང་/ Lodroe Chozang:ད༌དང༌ཕུ་གི༌ལོ༌རྒྱུས༌འདི་ཚུ༌ཞུཝ༌འདྲཝ༌ཅིག༌འབད༌བ༌ཅིན༌འདི་ ཏེ་ད་དང༌པ༌ལུ༌ཞུ༌ཡང༌མི༌ཚར༌བས། གཉིས༌པ༌ལུ༌ རང༌གིས༌ཤེས༌ཤེསཔ༌མཐོང༌མཐོངམ༌ཆ༌མཉམ༌ཞུ༌དགོ༌རུང༌ ཞུ༌ཡང༌མི༌ཚར༌བས།
- བློ་གྲོས་ཆོས་བཟང་/ Lodroe Chozang:སྔོན་མ་ལུ་ དང༌ཕུ༌གི༌བློ༌འདི༌ཚུ༌ ད༌རེས༌ནངས༌པ༌གི༌སྡོད༌ཐངས༌འདི༌དང༌་ད༌རེས༌ནངས༌པ༌གི༌གོང་མ་གིས་སྐྱིད༌སྡུག༌གཟིགས༌ཐངས༌ དང༌ཕུ༌གིས༌ལཱ་འབད་ཐངས་འདི་ ལཱ་འབད་མི་འདི་ བསྡུ་བྱ་འུར་ལཱ་འདི་ཚུ་འདི་ རང་གིས་ཡང་བདའ་ཟུན་ ད་རེས་ཀྱི་དགའ་བ་འདི་ཡང་ ངེའི་མི་ཚེས་གཅིགཔ་འདི་ལུ་ སྔོན་མ་གི་གནས་མེད་ས་མེད་ཁྲལ་བསྡུ་བཅུ་གསུམ་ཟེར་ཏེ་ ཁྲལ་བསྡུ་སྟེ་ཆབ་མཉམ་བདའ་ཟུན་ཏེ་དཀའཝ་སྤྱད་ཅི་ཟེར་ཞུ་ནི།
- བློ་གྲོས་ཆོས་བཟང་/ Lodroe Chozang:ཏེ་ད་རེས་ནངས་པ་གི་སྐྱིད་ཏོག་ཏོ་ དགའ་ཏོག་ཏོ་སྦེ་སྡོད་ནི་ཡོད་མི་འདི་ཡང་ ཏེ་བདའ༌ཟུན་ཡི༌ཟེར༌ཞུ༌ནི། ད༌དེམ་དང་འཁྲིལ་ ང༌ར༌གིས༌ཤེས་ཤེསཔ༌མཐོང༌མཐོངམ༌མདོར༌བསྡུས་ཅིག༌ཞུ༌བ༌ཅིན༌ སྔོན༌མ༌དང༌ད༌རེས༌ཀྱི་བར་ན་ལུ་ གནམ་མེད་ས་མེད་ གནམ་དང་ས་གི་ཁྱད་པ་སྦེ་ དགའ་བ་དང་སྤྲོ་བ་འ་ནཱི་སྦེ་ཡོད་ ཟེར་ཞུ་ནི་ལགས།། །།