Skip to main content Skip to search
20 Jun 2018
2 min 35 sec
Video Overview
Creators: 
Penchela

54 years old, Ap Tempo from Bartsa Gewog of Dagana, sings various Tsangmos. The lyrics of a Tsangmo are similar with that of Lozay, but it requires six words in each line of a stanza. Moreover, Tsangmo is not recited but rather sung. Tsangmo has around five different melodies. Tsangmo can express a variety of emotions to another person or object. Today, this tradition is in decline, usually taking place as a competition among students or for entertainment, and no longer done in villages as in the past.

དར་དཀར་ན་རྫོང་ཁག་ བར་ཚྭ་གཡུས་ཚན་ལས་ སྐྱེས་ལོ་ ༥༤ ལངས་མི་བརྟན་པོ་གིས་ རྩང་མོ་ཁག་མ་འདྲཝ་སྦེ་འཐེནམ་ཨིནམ་ད་ རྩང་མོའི་ཚིག་འདི་ཚུ་ཡང་ བློ་ཟེ་དང་ལྕོགས་ར་གཅིགཔ་སྦེ་འོངམ་ཨིན་རུང་ རྩང་མོའི་ཚིག་ནང་འབད་བ་ཅིན་ ཚིག་བཅད་རེ་ནང་ ཚིག་རྐང་དྲུག་དྲུག་དེ་རེ་འོངམ་ཨིན། དེ་མ་ཚད་རྩང་མོའི་ཚིག་འདི་ བློ་ཟེ་བཟུམ་ལས་ ཁ་ལས་སྐྱོར་ནི་མེན་པར་ སྐད་ཀྱི་མདངས་སྦེ་འཐེནམ་ཨིནམ་ད་ རྩང་མོ་ལུ་མདངས་ ༥ ལས་ལྷགཔ་སྦེ་ཡོད་རུང་ ད་རུང་ རང་རང་སོར་སོའི་ལྕོགས་གྲུབ་དང་བསྟུན་ མདངས་ལེ་ཤ་ཡོདཔ་ཨིན། རྩང་མོ་འདི་ གཉེན་ཚིག་དང་ དགྲ་ཚིག་ སྐྱོང་ཚིག་དང་ དགའ་བའི་ཚིག་ལེ་ཤ་ཅིག་ཡོད་པའི་ རྩོམ་ཅིག་ཨིནམ་ད་ འདི་མི་ཅིག་དང་ ཡང་ན་ག་ཅིའི་སྐོར་ལས་འབད་རུང་ ནང་ན་མནོ་བའི་ཚོར་སྣང་འདི་ ཕྱི་ཁར་བཏོན་སླབ་མི་ཅིག་ལུ་ སླབ་ཨིནམ་མ་ཚད་ ཁྱོད་རའི་དགྲ་འདི་ དམའ་ཕབ་རྐྱབ་ནིའི་དོན་ལུ་ཡང་འཐེནམ་ཨིན།  ད་རེས་ནངས་པ་ འདི་བཟུམ་གྱི་ལམ་སྲོལ་འདི་ ཉམས་ནི་གུ་ཐུག་དོ་ཡོདཔ་ད་ སློབ་ཕྲུག་ཚུའི་བར་ན་ འགྲན་བསྡུར་དང་ སྤྲོ་སྟོན་གྱི་དུས་ཚོད་ཚུ་ནང་རྐྱངམ་ཅིག་འཐེནམ་ཨིན་པས། ཏེ་རྩང་མོ་འདི་ དུས་དང་ཕུགས་བཟུམ་སྦེ་ གནམ་མེད་ས་མེད་ཅིག་ལག་ལེན་འཐབ་ས་་མི་མཐོང་པས། 

Transcript search
No results found for this search
0 of 0
  • བརྟན་པོ་
    ལྷ་ས་ཁྲོམ་ལས་ལ་ཉོ་བའི། ། ཞྭ་མོ་ཚེ་རིང་ལ་དཀྱིལ་འཁོར། ། མགུ་ལུ་ཞག་གསུམ་མ་བཙུགས། ། ལོ་གསུམ་ལ་བཙུགས་པའི་འུར་སྒྲ། །ཟེར་ལགས།
  • བརྟན་པོ་
    དཀར་ནི་ཁ་ཤ་ལ་དཀར་བས། ། འཇམ་ནི་(ལུག་སྲིད་?)ལ་འཇམ་བས། ། ལུས་ལ་གྱོན་པའི་བགོ་ཅུང་། ། གདམ་ཁ་ལ་བཏང་ས་མིན་འདུག །ཟེར་ལགས།
  • བརྟན་པོ་
    དགུང་དང་སྤྲིན་གྱི་ལ་མཚམས་ལས། ། མཆོད་རྟེན་མི་འཇའ་ལ་གུ་འཇའ། ། མཇལ་དགོ་བསམ་པ་ཡོད་པ། ། ལ་མོ་ལ་དག་གིས་བཅད་སོང་། །ཟེརཝ་མས་ལོ།
  • བརྟན་པོ་
    སྤ་རོ་ཁྲོམ་ལས་(ཉོ་བའི?)། ། གྱི་རིང་འདོམ་མོ་བཅོ་བརྒྱད། ། ན་ཧིང་མི་གཅིག་བསད་ཅི། ། དུས་ཅི་ལ་གསད་དགོ་མནོཝ་མས། །
  • བརྟན་པོ་
    རྒྱ་གྲམ་སྦུག་གི་ལ་ཕུར་པ། ། འདི་ལུ་སྐྲོག་ལ་མ་བྱེད། ། འདི་ལུ་སྐྲོག་སྐྲོག་བྱེད་ན། ། རིན་ཆེན་ལ་སྲོག་དང་བསྒྲལ་འོང་དགོ །
  • བརྟན་པོ་
    ཁྱོད་ནི་རྒྱ་མཚོ་ལ་ཕར་ཁ། ། ང་ནི་རྒྱ་མཚོ་ལ་ཚུར་ཁ། ། ལས་དང་སྨོན་ལམ་ཡོད་ན། ། རྒྱ་མཚོ་ལ་སྦུག་ལུ་འཛོམས་ཤོག །
  • བརྟན་པོ་
    བཙུགས་ན་གསེར་གྱི་ལ་མཛུ་དཀྱི། ། མ་བཙུགསན་དངུལ་གྱི་ལ་མཛུ་དཀྱི། ། ལྟས་ངན་རག་གི་མཛུ་དཀྱི། །བཙུགས་བཙུགས་ལ་འདྲཝ་ཡང་མིན་འདུག །ཟེར་འམ་ནཱིམ་ཅིག་ཕྱགས་ཞུ་གེ། །།