Skip to main content Skip to search
20 Jun 2018
2 min 43 sec
Video Overview
Creators: 
Penchela

Many Bhutanese stories utilize animals, mainly to build interest among listeners and educate them. Penjor of Karna Gewog, Dagana tells a story, The Ant and the Elephant. In the story, the elephant underestimates the strength of the ant based on his size. The ant was clever, and tricked the elephant. The elephant lost against the ant, and then realized one should not judge something based on its appearance. The story also explains why it is believed that when elephants feed on plants, they shake it well to make sure that no ants get onto its body.

སྲུང་མང་ཤོས་ཅིག་ནང་ སེམས་ཅན་གྱི་ཁྱད་རྣམ་བཙུགས་འོངམ་ཨིནམ་ད་ འདི་ཡང་གཙོ་བོ་ར་ སྲུང་ཉན་མི་ཚུ་ལུ་ སྤྲོ་བ་འོང་ཐབས་དང་ སྲུང་གི་གནད་དོན་ཧ་གོ་ཐབས་ལུ་ཨིན་པས། དར་དཀར་ན་རྫོང་ཁག་ ཀར་ན་རྒེད་འོག་ལས་ དཔལ་འབྱོར་གྱིས་ གྱོག་མོ་དང་ གླངམོ་ཆེ་གི་སྲུང་བཏངམ་ཨིནམ་ད་ སྲུང་འདི་ནང་ གླངམོ་ཆེ་གིས་ གྱོག་མོ་འདི་ ཁོ་དང་ཕྱདཔ་ད་ གཟུགས་ཆུང་ཀུ་འབདཝ་ལས་ སྟོབས་ཤུགས་ཉུང་དྲགས་ཨིནམ་སྦེ་ ཕོད་ཚོད་བསྐྱེད་བསྐྱེདཔ་ཨིན་པས། གྱོག་མོ་འདི་མཁས་དྲགས་ཅིག་འབདཝ་ལས་ གླངམོ་ཆེ་གུ་གནས་སྐབས་ཅིག་ བསྒྱིར་ནིའི་འཆར་གཞི་བརྩམས་ཏེ་ གླངམོ་ཆེ་འདི་ གྱོག་མོ་ལས་ཕམ་སོངཔ་ལས་ དེ་ལས་ ཁོ་གིས་ལཱ་ག་ཅི་འབད་རུང་ བཟོ་རྣམ་ལུ་བལྟ་སྟེ་འབད་ནི་མེན་པས་ཟེར་ མནོ་བསམ་བཏང་ནུག། ཏེ་གླངམོ་ཆེ་གིས་ བསྔོ་ཤིང་ཚུ་བཟའ་བའི་སྐབས་སུ་ ཚར་ཅིག་ལེགས་ཤོམ་སྦེ་གསིག་མི་འདི་ བསྔོ་ཤིང་འདི་ཚུ་ལས་ གཟུགས་ཁར་གྱོག་མོ་འཛེག་ག་མི་འཛེག་བལྟཝ་ཨིན་ཟེར་ ཡིད་ཆེས་བསྐྱེདཔ་ཨིནམ་ལས་ སྲུང་འདིའི་བཅུད་དོན་ངོ་མ་འདི་ མི་ག་འབད་རུང་ གཞན་གྱི་སྐོར་ལས་ག་ནི་མ་ཤེས་པར་ དེ་འཕྲོ་ལས་ཚོད་དཔག་ལྟ་ནི་མི་འོང་ཟེར་མས། 

Transcript search
No results found for this search
0 of 0
  • དཔལ་འབྱོར་
    དང་ཕུ་ ཏེ་གླངམོ་ཆེ་དང་གྱོག་མོ་ ཏེ་ཁོ་རང་རྒྱལ་བསྡུར་བསྡུརཝ་མས། ཏེ་རྒྱལ་བསྡུར་སྦེ་འབདཝ་ད་ དེ་ལས་ཏེ་སྤ་་་་ གླངམོ་ཆེ་གིས་ ཏེ་ལྟོ་ཚང་ཟེར་ཏེ་ ཁྱོད་ཁྱོད་ར་བ་སྦོམ་པའི་ཁུར་ཆ་ཐེག་ག་ཟེར་ ང་ང་རའི་སྦོམ་པའི་ཁུར་ཆ་ང་རང་ཐེག་ཟེར་ དེ་ལས་ཉིམ་ཅིག་གི་ཚེ་ ཏེ་རྒྱལ་བསྡུར་བར་འགྱོ་འགྱོཝ་མས།
  • དཔལ་འབྱོར་
    རྒྱལ་བསྡུར་བར་འགྱོཝ་ད་ ཏེ་གླངམོ་ཆེ་གིས་ཏེ་ ཨ་ཁོ་འདྲ་བའི་སེམས་ཅན་གིས་ཏེ་ ག་ཏེ་ ཁོ་ར་གི་སྦོམ་པའི་ཁུར་ཆ་ག་ཏེ་ཐེག་ནི་སྨོ་ཟེར་ཏེ་ གླངམོ་ཆེ་ང་ཡང་གཟུགས་སྦོམ་ ཏེ་ང་གིས་ང་ར་ཐེག་ཐེག་པའི་ ང་རང་ལས་ལྷགཔ་ཁུར་ཆ་མི་ཐེག་ཟེར་ དེ་རང་འབད་རུང་ཁོ་དེ་མའི་སེམས་ཅན་གིས་ ག་ཏེ་ང་ལུ་འབད་ཚུགས་ནི་ཟེར་ཏེ་ ཏེ་ཁོང་ར་གཉིས་རྒྱལ་སྤུངས་ རྒྱལ་བསྡུར་སྦེ་ དེ་ལས་ཏེ་འགྱོ་འགྱོཝ་མས་ལགས།
  • དཔལ་འབྱོར་/ Peljor:
    ཏེ་འགྱོ་སྦེ་འབདཝ་ད་ ཏེ་གྱོག་མོ་ཁོ་རང་གིས་འབག་ནི་འབད་ ཁོ་ར་བ་སྦོམ་ཅིག་ གླངམོ་ཆེ་གིས་ཡང་ཁོ་ར་བ་སྦོམ་ཅིག་འབག་ནི་འབད་ ཁུར་ཆ། དེ་ལས་རྒྱལ་བསྡུར་སྦེ་འགྱོཝ་ད་ལུ་ ཏེ་གླངམོ་ཆེ་འདི་གིས་ཁོ་ར་སྦོམ་པའི་ཁུར་ཆ་ཁོ་ར་གིས་མ་ཐེགཔ་མས་ ཏེ་གྱོགམོ་དེ་གིས་ཁོ་ར་གི་ཕྱུག་ཀུ་གི་བྱ་ཁོག་(ཁོ་རའི་སྒོང་རྡོག་གི་གསོབ་)འདི་ཏེ་ ཁོ་ར་བ་སྦོམ་ཅིག་ ཁོ་ར་གི་མགུ་ཏོ་ཁར་བཀལ་འབག་ལོང་ལོང་བཏང་འབག་ཡར་སོངཔ་མས།
  • དཔལ་འབྱོར་
    ཏེ་གླངམོ་ཆེ་རྣམ་རྟོག་ལངས་ཏེ་ ཏེ་རྒྱལ་ཁ་འདི་ ཏེ་གྱོག་མོ་ལུ་ཤོར་ཤོརཝ་མས་ཁོ་ཏེ། ཏེ་ཁོ་ལུ་ཤོརཝ་ད་ལུ་ དེ་ལས་ཏེ་ཁོང་ར་གཉིས་ ཏེ་མནའ་བོར་[ཐབ་བོ་?]བཀལ་བཀལཝ་འབད་ནི་དེ་གིས་ ཏེ་གྱོགམོ་དེ་གིས་སླབ་ནུག་བ་ ཏེ་ཁྱོད་སྦོམ་ཁྱོད་ང་གླེབ་གསོད་ཟེར་ཏེ་ ང་སྦོམ་ཁྱོད་ཀྱི་རྒྱུམ་ནང་ཁྲོལ་སྤུ་ར་(ག་ར་)ཁོ་བཟའ་ནི་ ཟེར་སླབ་སྦེ་འབདཝ་ད།
  • དཔལ་འབྱོར་
    དེ་ལས་ཁོང་ར་འ་ནཱི་འབད་རྒྱལ་སྤུང་སྦེ་འབདཝ་ད་ ཏེ་གླངམོ་ཆེ་གིས་ཁོ་རའི་སྦོམ་པའི་ཁུར་ཆ་མ་ཐེག་པས་ དེ་ལས་གྱོགམོ་དེ་གིས་ ཏེ་ཁོ་ར་གི་སྦོམ་པའི་ཁོ་ར་གི་ཕྱུག་ཀུ་གི་བྱ་ཁོག་(ཁོ་རའི་སྒོང་རྡོག་གི་གསོབ་)ཚུ་ཁོ་ར་གི་མགུ་ཏོག་གུ་བཀལ་ལང་ལང་བཏང་འབག་འགྱོ་འགྱོཝ་མས་ ཏེ་འབག་འགྱོ་སྦེ་འབདཝ་ད་ དེ་ལས་གླངམོ་ཆེ་དེ་རྣམ་རྟོག་ལངས་ཏེ་ ཨའོ་ད་ གཟུགས་ཅིག་ཆུང་རུང་ཀྲག་ཀྲ་ཨིན་མས་ཟེར་ཏེ་ ང་རོ་ཁོག་སྦོམ་རུང་ཁོང་སྟོང་ཨིན་མས་ཟེར།
  • དཔལ་འབྱོར་
    ད་ཁོ་རྒྱལཝ་སྦེ་བཞག་པ་ཅིན་ ཁོ་གིས་དེ་མེན་ ཁོ་ངེའི་ནང་ཁྲོལ་ཟ་ཚར་ནི་མས་ཟེར་ཏེ་ ཏེ་ད་ ད་རེས་ནངས་རཔ་གླངམོ་ཆེ་གིས་ རྩྭ་བཅག་ཟཝ་ད་ ཕར་འོབ་ཚུར་བཏོབ་ (ཕར་བརྡབས་ཚུར་བརྡབས་) དྭངས་སང་ས་སྤུད་སྦེ་བཟའ་དགོ་ལོ་ གྱོགམོ་འཛུལ་སྡོད་འོང་མནོ་སྟེ་ ཏེ་གྱོགམོ་གིས་འ་ནཱི་བསྒུག་བསྒུགཔ་མས་བ་ ཁོ་གི་ནང་ཁྲོལ་བཟའ་ནི་སླབ་ནི་དེ་གིས་
  • དཔལ་འབྱོར་
    ཏེ་ད་རེས་གླངམོ་ཆེ་གིས་ ཏེ་ག་ཅི་ཅིག་རང་བཟའ་རུང་ ཏེ་མར་ལས་བཅག་ ཕར་ཏོབ་ཚུར་ཏོབ་(ཕར་བརྡབས་ཚུར་བརྡབས་)དྭངས་སང་ས་སྤུད་སྦེ་བཟའ་དགོ་མི་གནད་དོན་འདི་ འ་ནཱི་གྱོགམོ་ཚུད་འོང་ཟེར་མནོ་སྟེ་གིས་འབད་ ཁོ་གི་སེམས་ཁར་འ་ནཱི་བཀལ་ཏེ་རྩྭ་ཟ་མི་འདི་ འ་ནཱི་ཨིན་ ཟེར་ཨིན་མས་ལགས།། །།