Skip to main content Skip to search
26 Apr 2019
9 min 40 sec
Video Overview
Creators: 
Dradul Dorjay, Tsegona

Animal lament is a sad song that was very popular in the 90s. 

རི་དྭགས་སྐྱོ་གླུ་ནི་དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་བར་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་པའི་སྐྱོ་གཞས་ཤིག་ཡིན།

野兽悲歌是20世纪90年代最受欢迎的一首悲歌。

རི་དྭགས་སྐྱོ་གླུ་ནི་དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་བར་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་པའི་གཞས་ཤིག་ཡིན། སྐྱོ་གཞས་འདིའི་འདྲེན་ཤུགས་གཙོ་བོ་ནི་གླུ་ཚིག་གི་ཕྱོགས་ན་ཡོད་དེ། གླུ་ཚིག་འདི་ཚེག་བར་བདུན་ཅན་གྱི་ཤོ་ལོ་ཀ་བརྒྱད་ཀྱིས་གྲུབ་ཅིང་། རི་དྭགས་ཉམ་ཆུང་ཞིག་གི་རང་གི་ཨ་མ་དེ་རྔོན་པས་བསད་པའི་སྔ་གཞུག་བར་གསུམ་གྱི་སྐྱོ་སྡུག་རྣམས་གླུའི་ལམ་ནས་མཚོན་ཐུབ་པར་བྱས་ཡོད། རི་དྭགས་ཉམ་ཆུང་དེ་མི་གཤིས་ཅན་དུ་བསྒྱུར་ནས་ཨ་མའི་མཉམ་དུ་ཡོད་སྐབས་ཀྱི་བདེ་སྐྱིད་དང་། ཨ་མ་གསོད་སྐབས་ཀྱི་འཇིགས་སྐྲག ཨ་མ་མེད་པའི་ལོ་ཟླའི་ཁྲོད་ནས་ཨ་མ་དྲན་ཚུལ། ད་དུང་མི་དང་རི་དྭགས་བར་གྱི་དབང་ཤུགས་བསྡུར་བ་སོགས་གོ་སླ་བའི་ཚིག་དང་། འགྲོས་དལ་བའི་འགྱུར་ཁུགས་ཀྱི་ལམ་ནས་མངོན་པར་བྱས་ཡོད་པས། གླུ་འདི་གོ་མ་ཐག་ཏུ་མིའི་སེམས་ལ་སྐྱོ་སྡུག་གི་ཚོར་བ་བཅོས་མིན་ཞིག་སྟེར་ཐུབ་པའི་ནུས་པ་ཡོད།

野兽悲歌是20世纪90年代最受到欢迎的一首悲歌,主要是因为其歌词,歌词每句七格,共有八段。主要讲述了一只小动物和它的妈妈被猎人射杀而经历的身心痛苦的故事,通过拟人的手法,分别讲述了与母亲相伴时的快乐,母亲死去时的恐惧,母亲死后的思念,以及人与动物之间的力量的悬殊对比。语言生动易懂,旋律优美,以弹唱的形式展现,自始至终能让人切身感受悲痛之情。