Skip to main content Skip to search
05 Jul 2018
21 min 9 sec
Video Overview
Creators: 
Norzin Lhamo

Ap Tshewang Norbu of Tsangkha village shares about this song, called Yang, which is performed by the local men. Before they would go to the jungle to collect planks to roof houses and when they returned from the forest with the planks and presented them to the homeowner, they sang this song called Yang. The song is a debate between the young and old men of Tsangkha. The older men lead and youth reply. Yang is no longer sung as men no longer collect roof planks in the jungle; most roofs are made of CGI.

༉  ཀྲོང་གསར་རྫོང་ཁག་ སྟང་སི་སྦྱིས་རྒེད་འོག་ གཡུས་ཚངས་ཁ་ལས་ ཚེ་དབང་ནོར་བུ་གིས་ ཚངས་ཁ་ལུ་ཕོ་སྐྱེས་ཚུ་གིས་ ཧེ་མ་འཐེན་སྲོལ་ཡོད་པའི་བྱང་གི་སྐོར་ལས་བཤད་དོ་ཡོདཔ་མ་ཚད་ བྱང་ཟེར་མི་འདི་ ག་དེ་སྦེ་འཐེན་ནི་ཨིན་ནའི་དཔེ་དང་སྦྲགས་ཏེ་བཤདཔ་ཨིན་པས། དེ་ཡང་ ཧེ་མ་འབད་བ་ཅིན་ ཁྱིམ་ཐོག་བཀབ་ནི་གི་དོན་ལས་ རི་ཁ་ལས་ཡར་ཨེན་ཏ་བཏོན་པར་འགྱོ་དགོ་དོ་ཡོདཔ་ད་ ལོག་ལྷོད་པའི་སྐབས་ལུ་ ཨེན་ཏ་བཏོན་སའི་སྦྱིན་བདག་འབད་སར་སྤུངས་འཛོམས་འབད་ཞིནམ་ལས་ ཕོ་སྐྱེས་ཚུ་གིས་འཐེན་ནི་ཡོད་པའི་ ཚངས་ཁ་པའི་ལམ་སྲོལ་ཅིག་ཨིནམ་ད་ དེ་ཡང་བསྐོར་རྒྱབ་འབད་དེ་ རང་གི་སྐལཝ་ཕོག་ཆི་པ་ཅིན་ བྱང་འདི་འཐེན་མ་ཤེས་རུང་ རང་གི་ཕམ་གི་མིང་འབད་རུང་ སེམས་ཅན་གྱི་མིང་འབད་རུང་ ཡང་ན་ སེམས་ཅན་གྱི་སྐད་འབད་རུང་རྐྱབ་དགོ་དོ་ཡོདཔ་མས། ད་རེས་ནངས་པར་འབད་བ་ཅིན་ ཡར་རྒྱས་གོམ་པ་མདུན་དུ་སྤོ་བའི་ནམ་དུས་འབད་ནི་དེ་གིས་ ལམ་སྲོལ་གཞན་དང་གཞན་ཡང་ཉམས་དང་ཉམས་བཞིན་དུ་ཡོདཔ་བཞིན་ ཚངས་ཁ་ལུ་ཡང་ ཧེ་མ་བཟུམ་སྦེ་ཨེན་ཏ་བཏོན་པར་འགྱོ་ནི་མེདཔ་ལས་ བྱང་འཐེན་ནི་གི་ལམ་སྲོལ་དེ་ཡང་ཉམས་དོ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • ཚེ་དབང་ནོར་བུ་/ Tshewang Norbu:
    སྔོན་མ་ར་ང་བཅས་ནཱ་གི་དེ་ཚུ་ཡར་ ཤིང་ལེབ་ལེན་པར་འགྱོཝ་ད་ ཡར་རི་ཁར་ ཏེ་ཤིང་ལེབ་ལེན་པར་འགྱོ་ དེ་ལསན་ཏེ་ནཱ་ལས་ ཏེ་ནུབ་མོ་བ་ཛ་(ཆུ་ཚོད་)བཅུ་གཉིས་ལས་ར་ལྟོ་ཟ་ བ་ཛ་(ཆུ་ཚོད་)བཅུ་གཉིས་ལས་ར་ལྟོ་ཟ་ དེ་བསྒང་ཏེ་འཕྲུལ་མེནི་འབག་ནི་མེད་ཏེ་ སྦ་ཟིལ་བཏེག་ ད་རུང་ཏེ་ཨ་ཕར་ལས་ཡར་ ཏེ་རྡང་རས་ནང་ལས་འཐོནམ་ཅིག་ ཏེ་ཕྱྭ་དང་ཧུ་རྐྱབ་ ཚར་གསུམ་ཕྱྭ་དང་ཧུ་རྐྱབ་དགོ། ཕྱྭ་དང་ཧུ་རྐྱབ་སྦེ་ ཏེ་ནཱ་ལས་ཡར་འགྱོ་ དེ་ལསན་ནཱ་ལས་ཡར་འགྱོཝ་སྦེ་ ད་རུང་ནཱ་ལས་འགྱོ་ཞིནམ་ལས་ ཨ་ཡར་ཡར་ལྷོདཔ་ད་ ཏེ་ངལ་རྐྱབ་ནི་ཡོད། ཡར་ལས་ངལ་རྐྱབ་ དེ་ལས་ཡར་ལས་ལོང་ དེ་ལསན་ཏེ་ ཉི་མ་གི་ལྟོ་འདི་རང་རང་ས་ར་བཅིངས་འབག་དགོ།
  • ཚེ་དབང་ནོར་བུ་/ Tshewang Norbu:
    མཛརཝ་ ལ་ལུ་གིས་མཛརཝ་འབག་ ལ་ལུ་སྲིབ་འབག་ འདི་ནང་མར་བཙུགས་འབག་ ཕར་ཏེ་ དུང་ཤིང་ཚང་ནང་ལས་མར་ཕར་འགྱོ། དེ་ལསན་ཏེ་ ཕར་ལས་ཏེ་ད་ དེ་ལསན་གཞོནམ་ཚུ་གིས་སྔོན་མ་འགྱོ་ ཏེ་སྔོན་མའི་ལུགས་སྲོལ་འདི་ ཨ་ནཱི་སྦེ་ཨིན་མས་ཏེ་ ད་ ཐོབ་ནི་ཅིག་ཡོདཔ་བཟུམ་སྦེ་ ཏེ་གནམ་མེད་ས་མེད་སྐད་རྐྱབ་ ཏེ་ཤིང་ལེབ་འདི་ཚུ་ ཏེ་སྤུངས་གཞིབ་བཞག་བཞགཔ་འདི་ཚུ་ག་ར་ལྷོག་བཏང་། ད་རིས་འབདན་ འབད་དོ་སྨ་རེད་རང་ཟེར་ ཏེ་གནམ་མེད་ས་མེད་སྐད་རྐྱབ་ ཏེ་ཕགཔ་བཟུམ་སྦེ་ ཏེ་ག་ར་ཕར་དང་ཚུར་ལྷོག་བཏང་།
  • ཚེ་དབང་ནོར་བུ་/ Tshewang Norbu:
    དེ་ལས་ ད་རེས་ནངས་པ་གི་མི་འབདན་ཏེ་ད་ ཤིང་ལེབ་ཡང་འཕྲོས་འཕྲོས་བལྟ་འབག་འོང་ཏེ་ དེ་བསྒང་ཏེ་ད་ དྲག་མི་ཚུ་གིས་འདི་ཤིང་ལེབ་ག་ལྗིད་ལྕི་མི་འདི་མ་ཐོབ་པར་ གནམ་མེད་ས་མེད་ག་ཐོབ་རྐྱབ་འབག་ དེ་ལས་ཕར་ལས་འབག་ ད་རུང་ཤིང་ལེབ་ལེནམ་ད་ཡང་ རོགས་ས་གཞན་ཁ་དང་ང་བཅས་ནཱ་མི་འདྲ། རོགས་ས་གཞན་ཁ་འབད་བ་ཅིན་ སྒལ་པ་འབགཔ་འབག་ས་རང་འོང་། ང་བཅས་ནཱ་ ཨ་ཡ་ལས་ནཱ་ལས་འབག་ རང་རང་ས་གིས་ར་འབག་ ཨ་ནཱི་གཉིས་བཀག་རྐྱབ་ བཀག་བཞག་ནི་ཡོད་པ་ཏེ།
  • ཚེ་དབང་ནོར་བུ་/ Tshewang Norbu:
    རྩ་བོ་འདི་གི་སྦྱིན་བདག་འདི་གིས་ཨ་ཕར་ ཀྲོང་གྲོ་ཟེར་ཡོད། ཨ་ཕར་གྱི་རྒྱབ་ཁར་ཏེ་ ད་རེས་ནངས་པ་བཟུམ་འབད་བ་ཅིན་ ཏེ་ཀྲོབ་མདའ་བཟུམ་སྦེ་ སྦ་བཀུག་བསྡམས་སྦེ་ ཏེ་ཚར་ཤུབས་ ཨ་ནཱི་སྦ་ཟིལ་དང་གཅིག་ཁར་བསྡམས་སྦེ་བཞག་འོང་རོགས་ཀྱིས། དེ་ལསན་ཏེ་ཡར་ཤིང་ལེབ་ཁུར་ཆ་སྦོམ་འབག་མི་ཚུ་གིས་ ནཱ་ལས་རང་སྦ་སྦོམ་འདི་ཚུ་ཏེ་ག་ཐོབ་རྐྱབ་འབག དེ་ལས་ཡར་ལས་མར་ཏེ་ སྦ་འདི་བཀག་ཨ་ནཱི་སྦེ་ ཏེ་རྒྱ་གྲམ་ལྷ་ ཡར་ལས་མར་ མར་ལྷོད་པའི་བསྒང་ལསན་ཏེ་ སྦ་འདི་ཡར་ཨ་ཡ་ ཨ་ཡ་ཡ་ཏེ་ ཝང་སེ་ཕུག་ཟེར་ཡོད་བ་ ང་བཅས་ཁ་ལས་འབད་བ་ཅིན་ ཝང་སེ་ཟེར་མི་འདི་ རྫོང་ཁ་ནང་འབད་བ་ཅིན་ དུང་ཤིང་མས་བ།
  • ཚེ་དབང་ནོར་བུ་/ Tshewang Norbu:
    དུང་ཤིང་འགོ་དང་པ་རང་ ཨ་ཡར་ལས་མཐོངམ་འབད་དོ་བ་ཏེ། ཨ་ཡར་སྐྱེལ་བཞག་སྦེ་ཏེ་ ཨ་ཡར་ལས་ ཡར་ལས་འབག་ ཤིང་ལེབ་འབག་ཡར་ལས་འཐོན་ཞིནམ་ལས་ ཡར་ལས་འབག་ ཨ་ཡར་ལྷོད་ཞིནམ་ལས་ཏེ་ སྦ་གུ་བཀལ་བསྡམས་ དེ་ལསན་ཏེ་ ག་རི་(སྣུམ་འཁོར་)བཟུམ་སྦེ་ འོང་ནི་ཡོད་ཏེ་ ཡར་ལས་མར་ཏེ།
  • ཚེ་དབང་ནོར་བུ་/ Tshewang Norbu:
    ཏེ་ ཡར་ལས་མར་འོངམ་ད་ ཁུར་ཆ་སྦོམ་འབག་མི་འདི་ཚུ་ ད་རུང་ཏེ་ ཁུར་ཆ་ལྗིད་ལྕི་བས་སནི་ ཆུ་རྫིང་ཁག་གསུམ་དེ་ཅིག་ཡོད་ཏེ། དེ་ལསན་ཏེ་ རང་ལྗིད་མ་ཚུགས་ དཔྱད་རིག་རང་མི་གཏང་ཏེ། ནོར་བུ་ཆུ་བཞེས་ས། དགྲ་ལྷ་རྒྱལཔོ་འབྱོན་དོ་སྨ་རེད་ར་ཟེར་ དེ་ལས་ཆུ་ནང་ལས་མར་ ཏེ་འདམ་པ་དང་ཆུ་ནང་ལས་མར་ གནམ་མེད་ས་མེད་ དེ་ལས་ཡར་ལས་མར་དང་འཕྱདཔ་ད་འདི་ ལྗིད་ལོག་ལྟབ་ལོག་ལྟབ་སྦེ་ཡར་མྱོ་འོང་ཏེ།
  • ཚེ་དབང་ནོར་བུ་/ Tshewang Norbu:
    དེ་ལསན་ཏེ་ཡར་ལས་མར་འོང་ དེ་ལས་ཨ་ཕར་ལྷོད་པའི་བསྒང་ལསན་ཏེ་ འཇལ་ནི་ཡོད། ད་རེས་ནངས་པ་འབད་བ་ཅིན་ ཏེ་ཀེ་ཇི་(སྲང་)བཟུམ། སྔོན་མ་འབད་བ་ཅིན་ཏེ་ ཡར་རྫོང་ཁག་གི་བྲེ་བཟུམ་བཟོ་ ཏེ་ཚོང་བཟུམ་འཇལ་སྦེ་ཏེ་ དེ་ལས་ ལྗིད་ག་ལྕི་མི་འདི་ཧེ་མ་ པཱཤ་ཟེར་མི་འདི་ཧེ་མ་ཨིན། དེ་ལསན་ཏེ་ པྱ་ཟེར་མི་འདི་ འདི་གི་གཉིས་པ། དྲེཤ་ཟེར་མི་འདི་གསུམ་པ།
  • ཚེ་དབང་ནོར་བུ་/ Tshewang Norbu:
    དེ་ལས་ནཱ་ལས་མར་ཏེ་ འདི་འབག་ ད་རུང་ཨ་ཕར་ལས་འོངམ་ཅིག་ ཏེ་ཕྱྭ་དང་ཧུ་རྐྱབ་ ནཱ་ཏུ་སྐྱེལ་ ནཱ་སྐྱེལ་བའི་བསྒང་ལསན་ཏེ་ རང་རང་སའི་ཁྱིམ་ནང་འགྱོ། དེ་ལསན་ཁྱིམ་ནང་གི་མི་འདི་ཚུ་གིས་ འུ་སྡུག་སྡུགཔ་ཨིན་ཟེར་ ཏེ་མར་རྩ་བཅད་ ལ་ལུ་གིས་ཤ་བརྔོ་ ལ་ལུ་གིས་དར་ཚིལ་བརྔོ་ ལ་ལུ་གིས་སྒོང་རྡོག་བརྔོ་ མཛར་ཅུམ་འདི་འ་ནཱི་སྦེ་ཟ་ དེ་ལས་མགུ་ཏོ་འཁྱུ་ རྐངམ་དང་ལགཔ་འཁྱུ་ སིང་སང་ས་སྦེ་ གོ་སོར་ ཨམ་ཚུ་ཡང་དཀྱི་ར་སོར་སྦེ་ ཏེ་དེ་ལསན་ཏེ་ ཤིང་ལེབ་ལེན་མི་སྦྱིན་བདག་འདི་གི་ཁྱིམ་ན་འགྱོ།
  • ཚེ་དབང་ནོར་བུ་/ Tshewang Norbu:
    དེ་ལས་ཏེ་ཁྱིམ་ན་འགྱོ། དེ་ལསན་དང་པ་རང་ མར་ཆང་ཕུད་གཏོར་ སྦང་ཆང་འདི་རྐྱབ་ དེ་ལས་ཨ་རག་འཐུང་། དེ་ལས་ཡུདཔ་ཅིག་ཁ་ལས་ཏེ་ ལྟོ་བཏང་། དེ་ལསན་ཏེ་ འགོ་དང་པ་འོང་མི་འདི་ལུ་ཏེ་ པཱཤ་ཟེར་མི་འདི་ལུ་ཏེ་ ཡུདཔ་ཅིག་ཧ་ལམ་ ད་རེས་ནངས་པ་འབད་བ་ཅིན་ ཡུདཔ་ཅིག་ཕུཊ་དྲུག་བདུན་དེ་ཅིག་བཟོ་འོང་ཏེ། ཀོ་བོ་མ་པ་ལས་ཏེ་ རྩང་གཞོག་ འ་ནཱི་ ཏེ་ཨ་ནཱི་སྦེ་གོ་ལ་བཟུམ་སྦེ་བཙེམས་སྦེ་ རིངམོ་སྦེ་ དེ་ལསན་ཏེ་ གནམ་མེད་ས་མེད་ སྦྱིན་བདག་འདི་གིས་ དགོད་བྲོ་འབད་ ཏེ་སྔོན་མ་ཡར་ ཐོབ་མི་འདི་ལུ་མ་འབག་པར་ དེ་ལས་ ཏེ་ཡུདཔ་ཅིག་ཁ་ལས་ གཞན་མི་ཚུ་ལུ་ ཨ་ད་རིས་འབདན་ཁྱོད་ཀྱིས་ཡང་ ངེས་ནུག་སྨ་རེད། ད་རེས་འབད་ཁྱོད་ཀྱིས་དབའེ་ དྲག་དྲག་དབའེ་རང་ཟེར་ ཏེ་དེ་ལས་འ་ནཱི་ནང་བཙུགས་དོཝ་བཟུམ་སྦེ། དེ་ལས་བཙུགས་རནམ་ད་ རོགས་ཡར་ཁུར་ཆ་སྦོམ་འབག་མི་འདི་ལུ་ ཡར་ ད་འཛོལ་ཡི་སྨ་རེད་ཟེར་ ཡར་བཙུགས་བཏང་ འ་ནཱི་སྦེ་ཡོད།
  • ཚེ་དབང་ནོར་བུ་/ Tshewang Norbu:
    དེ་ལསན་ཏེ་ འ་ནཱི་ལྟོ་བཟའ་ཚར་ དེ་ལསན་ཆང་བསྐོལ་བསྐོལཝ་ ཏེ་འཐུང་སྦེ་ཞིནམ་ལསན་ དེ་ལསན་ཏེ་རོགས་ཀྱིས་ཏེ་ཆང་བྱེམ་བྱེ་རྐྱབ་སྦེ་ ང་བཅས་ར་འ་ནཱི་སྦེ་སྐོར་ར་རྐྱབ་ གྱལ་བཅད་སྡོད་སྡོདཔ་བར་ན་ཏེ་ དེ་ལསན་ཏེ་ འགོ་དང་པ་རང་ཏེ་ དགའ་བ་གཅིག་ཡར་ལས་ཤོག་ཤོག །སྐྱིད་པ་གཅིག་ཡར་ལས་ཤོག་ཤོག་ཟེར་བའི་བསྒང་ལསན་ཏེ་ད་ ཏེ་མིང་བཏོན་ཏེ་ ཁྱོད་ཁ་ནང་འཛུལ་སོང་ཡི་ཟེར་བའི་བསྒང་ལསན་ཏེ་ ག་དེ་འབད་རུང་ སྐད་ཡོད་རུང་ཡོད་ མེད་རུང་མེད་ ཚིག་ཤེས་རུང་ཤེས་ མ་ཤེས་རུང་མ་ཤེས་ ཏེ་མ་པ་ལས་མ་ཤེསན་ཏེ་ ཡུདཔ་ཅིག་ཁར་ལས་ ཏེ་ཡངན་ ཨཔ་དང་ཨའི་གི་མིང་འབོ་བཅུག ཡངན་རང་གི་ནོར་སེམས་ཅན་གྱི་མིང་འབོ། ཡངན་ནོར་བཟུམ་སྦེ་ཏེ་ པའང་ཟེར་སྐད་རྐྱབ་དགོ། ཡངན་ལུག་བཟུམ་སྦེ་ མེའེ་ཟེར་ ཡངན་ གླེ་གླེ་བཟུམ་སྦེ་ གླེ་ཟེར་སྐད་རྐྱབ་དགོ་ཏེ། འ་ནཱི་བསྒང་འཐེནམ་ཨིན་ འ་ནཱི་ང་བཅས་ནཱ་གི་ལུགས་སྲོལ་ བྱང་ཟེར་མི་འདི།
  • ཚེ་དབང་ནོར་བུ་/ Tshewang Norbu:
    ཤོག་ད་ཤོག་ར་ཟེར་སེ་སྨོ། །ང་ལུས་ལུ་ན་ཚ་ཤོག་ཟེརཝ་མེན། །ང་སེམས་ལུ་སྡུག་བསྔལ་ཤོག་ཟེརཝ་མེན། །གཞོནམ་གླུ་གར་བསྒྱུར་བའི་ཤོག་བརྡ་ཨིན། །
  • ཚེ་དབང་ནོར་བུ་/ Tshewang Norbu:
    དཔེ་མ་གཞི་འདི་དང་ཆ་འདྲཝ་ཅིག །འཚོམ་རྒྱ་ལུ་སོང་སའི་ལམ་ཁ་ལུ། །ཤིང་རྣམས་དང་མ་གཅིག་ཤིང་གཅིག་འདུག །ཤིང་གང་འདྲ་ཤིང་གཅིག་ཨིན་མནོ་བ། །ཤིང་ལེགས་པའི་དཔག་བསམ་ལྗོན་ཤིང་མས། །
  • ཚེ་དབང་ནོར་བུ་/ Tshewang Norbu:
    ཤིང་ལེགས་པའི་དཔག་བསམ་ལྗོན་ཤིང་གུ། །བྱ་རྣམས་དང་མ་གཅིག་བྱ་གཅིག་ཆགས། །བྱ་གང་འདྲ་བྱ་གཅིག་ཨིན་མནོ་བ། །བྱམོ་ལེགས་པའི་ཨ་ལེགས་བུ་ཁྲིད་མས། །
  • ཚེ་དབང་ནོར་བུ་/ Tshewang Norbu:
    ཤོག་་་་་ ང་མགུ་ཏོ་བོད་ལུ་སྒུར་ཞིང་ཆགས། །ང་མཇུག་མ་རྒྱ་ལུ་བཙུགས་ཞིང་(ཤིང་)ཆགས། །གཤོགཔ་གཡས་པ་ཤར་ལུ་སྒུར་ཞིང་ཆགས། །གཤོགཔ་གཡོན་པ་ནུབ་ལུ་སྒུར་ཞིང་ཆགས། །
  • ཚེ་དབང་ནོར་བུ་/ Tshewang Norbu:
    ང་སྤུ་སྒྲོ་གནམ་མཁར་ལྷོང་ཞིང་ཆགས། །ང་སྡེར་མོ་ས་ལུ་བཀྲམ་ཞིང་ཆགས། །ང་མགུ་ཏོ་བོད་ལུ་སྟོན་མི་འདི། །བོད་གནས་པོ་འཚོལ་བའི་དཔྱེ་ཨིན་སྨོ། །
  • ཚེ་དབང་ནོར་བུ་/ Tshewang Norbu:
    ང་མཇུག་མ་རྒྱ་ལུ་བཙུགས་མི་འདི། །རྒྱ་ཚད་པོ་ཚ་བའི་དཔྱེ་ཨིན་སྨོ། །གཤོགཔ་གཡས་པ་ཤར་ལུ་སྒུར་མི་འདི། །ང་ཁྲི་གདུགས་ཤར་སའི་དཔྱེ་ཨིན་སྨོ། །
  • ཚེ་དབང་ནོར་བུ་/ Tshewang Norbu:
    གཤོགཔ་གཡོན་པ་ནུབ་ལུ་སྒུར་མི་འདི། །ང་ཁྲི་གདུགས་ནུབ་སའི་དཔྱེ་ཨིན་སྨོ། །ང་སྤུ་སྒྲོ་གནམ་མཁར་ལྷོང་མི་འདི། །གནམ་སྐར་ས་བཀྲམ་པའི་དཔྱེ་ཨིན་སྨོ། །ང་སྡེར་མོ་ས་ལུ་བཀྲམ་མི་འདི། །ང་ལོ་ཐོག་ལེགས་པའི་དཔྱེ་ཨིན་སྨོ། །
  • ཚེ་དབང་ནོར་བུ་/ Tshewang Norbu:
    འ་ནེམ་ཅིག་ཨིན་མས། གཞན་ད་རུང་སོ་སོ་ སོ་སོ་ཡོད། ལ་ལུ་ཅིག་གིས་འབད་བ་ཅིན་ཏེ་ ཨེ་སང་རེ་ལ་ཟེར་མི་ནང་ལས་བཙུགས་འོང་བ་ཏེ། ཨེ་སང་རེ་ལ་ཟེར་འ་ནཱི་གདངས་ནར་གཏང་འོང་།
  • ཚེ་དབང་ནོར་བུ་/ Tshewang Norbu:
    དེ་ལསན་སྔོན་མ་ང་བཅས་ནཱ་ ང་བཅས་ཀྱི་འ་ནཱི་འདི་དེ་ ཤུལ་མ་ལོ་རྒྱུས་ བཤད་ཐོ་གཏང་སར་གོ་གོཝ་ཨིན། འ་ནཱི་ཤུལ་ལས་[ནེམ་ས་?] ཨ་ནཱི་འདི་ཡུདཔ་ཅིག་ཁ་ལས་ ཨ་ནཱི་གཞོནམ་ཚུ་ ཕར་ལས་སྦེ་ རྒས་ཤོས་ཚུ་ཚར་ལས་འབད་སྦེ་ ཏེ་རྩོད་པ་རྐྱབ་རྐྱབ་འདྲ་བས་བ། དེ་ལས་ཏེ་ སྔོན་མ་ར་ཨ་ནཱི་ཨེ་སང་རེ་ལ་མེན་པར་ སུམ་ད་ཨོ་ཟེར་གཏངམ་འདྲས་བོ་ཏེ།
  • ཚེ་དབང་ནོར་བུ་/ Tshewang Norbu:
    དེ་ལས་ཏེ་ བྱ་ངའི་་་་ བྱ་རྣམས་དང་མ་གཅིག་བྱ་གཅིག་འདུག །འཚོམ་རྒྱ་ལུ་སོང་སའི་ལམ་ཁ་ལུ། །ཤིང་རྣམས་དང་མ་གཅིག་ཤིང་གཅིག་འདུག །ཤིང་གང་འདྲ་ཤིང་གཅིག་ཨིན་མནོ་བ། །ཤིང་ལེགས་པའི་དཔག་བསམ་ལྗོན་ཤིང་མས། །
  • ཚེ་དབང་ནོར་བུ་/ Tshewang Norbu:
    ཤིང་དཔག་བསམ་ལྗོན་ཤིང་རྩེ་མོ། །བྱ་རྣམས་དང་མ་གཅིག་བྱ་གཅིག་འདུག །བྱ་གང་འདྲ་བྱ་གཅིག་ཨིན་མནོ་བ། །བྱམོ་ལེགས་པའི་ཨ་ལེགས་བུ་ཁྲིད་མས། །
  • ཚེ་དབང་ནོར་བུ་/ Tshewang Norbu:
    མགུ་ཏོ་བོད་ལུ་སྟོན་ཞིང་ཆགས། །མཇུག་མ་རྒྱ་ལུ་བཙུགས་ཞིང་(ཤིང་)ཆགས་ཟེར་ཏེ་ ཡུདཔ་ཅིག་ཁ་ལས་ ཏེ་རྩོད་པ་འཚོལ་ནི་ཨིན་མས་བ་ཏེ། དེ་ལས་ཨ་ནི་སུམ་ད་ཨོ་ཟེར་མི་འདི་ཡང་ ཏེ་ཨ་རྒས་ནོར་བུ་ཟེར་མི་འདི་རོགས་ ད་རེས་ནངས་པ་ཡང་ཡོད་བ། ཁོ་ཆུང་ཤོས་ཀྱི་སླ་ཁར་མས། དེ་ལས་ཨ་ནི་སུམ་ད་ཟེར་མི་འདི་ ཡར་རྒས་ཤོས་ཀྱི་སླ་ཁར་མས་བ་ཏེ།
  • ཚེ་དབང་ནོར་བུ་/ Tshewang Norbu:
    དེ་ལསན་ཏེ་འ་ནཱི་ཆུང་ཤོས་འདི་གིས་ཏེ་ སུམ་ད་ཨོ་ཟེར་བའི་བསྒང་ལས་ འ་ནཱི་འདི་གིས་ འ་ནཱི་བྱང་འདི་གིས་ ཏེ་རྩོད་པ་འཚོལ་ནི་གི་ལོ་རྒྱུས་མས་བ་ཏེ། ལྟ་མ་འབདཝ་ད་ སུམ་ད་ཨོ་ཟེར་བའི་བསྒང་ལས་ འ་ནཱི་སུམ་ད་ཁོ་ལུ་སླབ་འདྲས་མནོ་ ཏེ་ལྟ་མ་འབདཝ་ད་ ཕར་ལས་ད་རུང་ [ལོ་སྦེ་ད་གེ་འོ་?]ཟེར་སླབ་ད་ལུ་ཏེ་ ཨམ་སྲུ་གི་མིང་འདི་ ཆོས་སྒྲོན་ཟེར་སླབ་འབད་དོ་བ་ཏེ་ ལོ་སྦེ་ད་གེ་འོ་ ཆོས་སྒྲོན་འོ་ཟེར་ དེ་ལས་གནམ་མེད་ས་མེད་ དགའ་ཡི་ལོ་ཏེ་ འ་ནཱི་བཟུམ་གྱི་བཤད་ཐོ་ཡོད་བ།
  • ཚེ་དབང་ནོར་བུ་/ Tshewang Norbu:
    ་་་་་ལུག་གི་རྭ་བ་ལུ། །རྒྱལ་སྲས་ཡར་ལུ་བཟང་ཟེརཝ་མས། །མཚན་ལྡན་ཡར་ལུ་དྲག་ཟེརཝ་མས། །དགོན་རྫོང་དཔོན་་་་་་་ དཔེ་མ་ཤེས་འདི་དང་སྦྱརན། །དགོནམ་བཟང་པོའི་ལུག་གི་རྭ་བ་ལུ། །དགོནམ་སྟོང་ལམ་རེ་བའི་དགོནམ་ཨིན་པས། །ང་དགོན་སྡེ་བུ་ཚ་ཆོས་མི་འོང་། །ང་དགོན་སྡེ་ཕོཝ་ནི་བདག་དབང་ཚབ། །ཟེར་མི་འདི་ ཁོ་ཕོཝ་སྦོམ་ཡོད་པའི་ལོ་རྒྱུས་མས་ཏེ།
  • ནོར་འཛིན་ལྷ་མོ་/ Norzin Lhamo:
    ཨེའེ་་་་་།
  • ཚེ་དབང་ནོར་བུ་/ Tshewang Norbu:
    ང་དགོན་སྡེ་ཕོཝ་ནི་བདག་དབང་ཚབ། །ང་དགོན་སྡེ་བུ་ཚ་ཆོས་མི་འོང་། །ང་ཆོས་ཅིག་འབད་རང་མི་འབད་འོང་། །ང་ཆོས་ཅིག་འབད་རང་འབདན། །དགོནམ་བཟང་པོའི་པད་ཚལ་དགོན་པ་ལུ། །རྒྱལ་སྲས་ཡར་ལུ་བཟང་ཟེརཝ་མས། །མཚན་ལྡན་ཡར་ལུ་དྲག་ཟེརཝ་མས། །དགོནམ་བཟང་པོའི་པད་ཚལ་དགོན་པ་ལུ། །ང་དགོན་སྡེ་བུ་ཚ་ཆོས་མི་འོང་། །རོགས་ཨ་ཎེ་དམངས་ཀྱི་གདན་ས་མས། །ང་དགོན་སྡེ་སེམས་ནི་ཆུང་བ་ལྷོད། །ང་དགོན་སྡེ་བུ་ཚ་ཆོས་མི་འོང་ཟེར།
  • ཚེ་དབང་ནོར་བུ་/ Tshewang Norbu:
    དེ་ལས་འ་ནཱི་སྦེ་ར་འབད་ཞིནམ་ལས་ཏེ་ ཡུདཔ་ཅིག་ཁ་ལས་ཁོ་ཕར་ ཏེ་དགོནམ་ཤར་དང་ཝང་གི་མཚམས་ལུ། །ཕར་གྱི་དགོན་པའི་མིང་འདི་བརྗེད་སོ་འདུག་ད་ང་གིས། འ་ཕར་ལུ་ ཁོ་འདི་ཆོས་འ་ཕར་འབད། ཏེ་མཚམས་བཅད། མཚམས་ཁང་གྲུ་བཞི་ ཤོག་ཀུ་སྒྲོམ་ཅིག་བཟུམ་གཅིག་རྐྱབ། དེ་ལས་མཚམས་བཅད་སྦེ་ཏེ་ དེལསན་ཏེ་ ལཱས་ན་(མཇུག་ལུ་) ཏེ་ངེའི་ཡབ་ཆེན་བུ་དང་འཕྱད་ཡི་ལོ། །ང་མཇལ་ཁ་བུག་སྒོ་ནང་ལས་ཨིན། །ཁོང་མཚམས་བཅད་པའི་བསྒང་ལས་ཏེ་ ཨ་པ་ག་དེམ་ཅིག་ཤ་ཚ་རུང་ཏེ་ ཕར་མཚམས་ཁང་ནང་འཛུལ་ནི་མེདཔ་འདྲས་སྦོ་ཏེ།
  • ཚེ་དབང་ནོར་བུ་/ Tshewang Norbu:
    ཏེ་ཕར་ལས་ཏེ་ ཕྱི་ཁར་ལས་ཁ་སླབ་ནེམ་འབད། ངེའི་ཡབ་ཆེན་བུ་དང་འཕྱད་རུང་། །མཇལ་ཁ་བུག་སྒོ་ནང་ལས་ཨིན། །ངེའི་ཡུམ་ཆེན་བུ་དང་འཕྱད་རུང། །མཇལ་ཁ་བུག་སྒོ་ནང་ལས་ཨིན། །ཞལ་དཀར་གསལ་ཟླ་བ་མཇལ་མི་ཚུགས། །ལགཔ་སི་ལག་གཡས་པ་མཇལ་བཞག་སྨ་རེད་ཟེར་ ཏེ་དེ་ལསན་ཏེ་ ཨཔ་དང་ཨའི་གིས་ཡང་ཏེ་ ལགཔ་རྐྱངམ་ཅིག་མཇལ་ཚུགས་ཚུགསཔ་གི་ལོ་རྒྱུས་མས། ཨ་ནཱི་སྦེ་ཡང་ཡོད་སོ་སོར།
  • ཚེ་དབང་ནོར་བུ་/ Tshewang Norbu:
    ད་འདི་བཟུམ་ སྔོན་མ་ལས་ར་མ་རྐྱབ་ང་གིས་ མ་པ་ཨ་ནཱི་ཚིག་འདི་ཨ་ཙི་རེ་ སྔོན་མ་རོགས་ རྐྱབ་ས་ཤེས་ཤེསཔ་ཨིན། ག་ཅིམ་ཟེར་བ་ཅིན་ཏེ་ འདི་འཐེན་དགོན་ཏེ་ རོགས་སྤོབས་པ་གཅིག་དགོ་ སྐད་ཅིག་དགོ་ ཆང་རེ་འཐུང་སྦེ་ ཆང་འདིན་མི་འཐུང་། ཨ་ནཱི་གླང་འདི་འབདན་ སྔོན་མ་འབདན་ཏེ་ སྔོན་མ་ཕམ་ཚུ་གིས་འབདན་ཏེ་ ནོར་འདི་དེ་ནོརབུ་བཟུམ་སྦེ་འབད་ནི་དེ་གིས་ ཏེ་ཤོག་ལོ་ང་རའི་ནོར་བུ། །ཚེ་སྔོན་གྱི་སྨོན་ལམ་རྒྱ་ཆེར་མཛད། །དན་ད་ལས་འཕྲོ་མཐར་འཁྱོལཝ་མཛད། །ལམ་འོག་ཐག་ལ་མོའི་རྒྱབ་ལས་འཐོན་པའི་བསྒང་། །ཁྱོད་གནམ་བསྐོས་ག་ཨིནམ་མ་ཤེས། །རང་དང་ལས་འཕྲོ་མཐར་འཁྱོལཝ་མཛད། །ཚེ་སྔོན་གྱི་སྨོན་ལམ་རྒྱ་ཆེར་མཛད། །གནམ་བསྐོས་་་་་ གནམ་བསྐོས་་་་ ད་འ་ནཱི་དཔྱད་རིག་མི་འོང་པས་ད་རུང་།
  • ཚེ་དབང་ནོར་བུ་/ Tshewang Norbu:
    ཁྱོད་ནོར་བུ་དོ་ཆ་གཉིས་ཀ །ང་མིག་ཏོ་ཨ་མའི་མཛེསཔ། །སྐྱེས་ས་རང་ཡང་མ་གཅིག་སོ་སོ་ཨིན། །ཚེ་སྔོན་གྱི་སྨོན་ལམ་རྒྱ་ཆེར་མཛད། །དན་ད་ལས་འཕྲོ་མཐར་འཁྱོལ་མཛད། །འཛོམས་ས་ས་གཞི་བདེ་མ་མས། །གནམ་མེད་ས་མེད་དཔྱེ་སྦྱར་ འ་ནཱི་སྦེ་རྐྱབ་ནི་ཡོད་ཏེ།
  • ཚེ་དབང་ནོར་བུ་/ Tshewang Norbu:
    དེ་ལསན་ཏེ་ད་ གླང་གི་ལཱ་འབད་མི་འདི་ ཁྱིམ་ནང་གི་འདི་ཚུ་གིས་ ཆེནམོ་ཅིག་ནེམ་མ་འབདཝ་མས་བ་ཏེ་ དེ་ལསན་ཏེ་ འ་ནཱི་འདི་ལཱཔ་འདི་གིས་ ཏེ་དཔྱེ་སྦྱར་ ཏེ་ ཤོག་ལོ་ང་རའི་ནོར་བུ། །ཁྱོད་ནོར་བུ་དོ་ཆ་གཉིས་ཀ །དུས་གཏན་རྐྱང་གོ་ཆོད་བརྩེ་བའི་དགའ་ཚོར་མེད། །རྒྱ་ལམ་གཉའ་ཤིང་ཅག་པའི་ཁ་གཡོ་ཕོག །
  • ཚེ་དབང་ནོར་བུ་/ Tshewang Norbu:
    ནམ་མཁའི་ཏོང་ཏོ་བྱཔོ་ཡང། །དུས་གཏན་རྐྱང་ནམ་ཚད་བཟུང་པའི་དགའ་ཚོར་མེད། །རྒྱ་ལམ་སེན་ཅུ་ སེན་ཅུ་ཟེར་མི་འདི་ ཏེ་ཁོང་དྲོ་པ་ང་བཅས་ནཱ་ ད་རེས་བཟུམ་འབད་བ་ཅིན་ཏེ་ བྱ་འདི་ཏེ་དྲོ་པ་ བ་ཛ་(ཆུ་ཚོད་)གསུམ་ལས་འབོ་འོང་བ་ཏེ་སྨོ? བྱ་ཐེངས་དང་པ་འདི། ད་འ་ནཱི་འདི་ སྔོན་མ་འབད་བ་ཅིན་འདི་ ཕྱི་རུ་འ་ནཱིམ་ཅིག་ཁ་ར་ཏེ་ བྱ་འབོ་བ་ཅིན་ ཏེ་ཨ་ཙི་མི་དགའ་བ་ཏེ།
  • ཚེ་དབང་ནོར་བུ་/ Tshewang Norbu:
    དེ་ལསན་ ཏེ་སྔོན་མ་འབད་བ་ཅིན་ ཏེ་བོན་པོ་གི་ལུགས་སྲོལ་འབད་བ་ཅིན་ ཏེ་ལྷ་འདི་ཚུ་ཁྲེལ་ཁྲེལཝ་མས་ཟེར་ ཏེ་བསད་ད་ཏེ་ མི་འདི་གིས་ཏེ་ བསད་སྦེ་ ཏེ་[དབ་སྲིད་?]རྐྱབ་སྦེ་ འ་ནཱི་སྦེ་བཏང་ད་བ་ ཏེ་སྔོན་མ་འབད་བ་ཅིན། ཏེ་དེ་ལས་འ་ནཱི་མས་ཏེ་ ཨ་རྟག་ནམ་ཚད་བཟུང་པའི་དགའ་ཚོར་མེད། །རྒྱ་ལམ་སེན་ཅུ་འབོ་པའི་ཁ་གཡོ་ཕོག །
  • ཚེ་དབང་ནོར་བུ་/ Tshewang Norbu:
    ཁྱོད་ནོར་བུ་དོ་ཆ་གཉིས་ཀ །ང་མིག་ཏོ་ཨ་མའི་མཛེསཔ། །རྒྱ་ལམ་གོ་ཆོད་བརྩེ་བའི་་་་་ ཏེ་ཨ་རྟག་ལཱ་འབད་བའི་གི་དགའ་ཚོར་མེད་པ་ ཏེ་རེ་ཅིག་སྐབས་ ཁ་མིག་འདི་ཚུ་ཅག་འབདཝ་ད་ ཏེ་ཁ་གཡོ་ཕོགཔ་མས་མེན་ན་ཏེ་ འ་ནཱི་གི་དཔྱེ་སྦྱར་ འ་ནཱི་སྦེ་ ཏེ་སྔོན་མ་འབད་བ་ཅིན་འ་ནཱི་སྦེ་ཨིན་ཏེ། ད་འདི་གླང་རྨོ་ནི་ཡང་ ག་ཅི་ཨིན་ན་ཡང་མི་ཤེས། ལྟ་མ་ཡུདཔ་ཅིག་ཁ་ལས་ ཏེ་ཁ་མིག་གཉའ་ཤིང་ཟེར་མི་འདི་ཡང་ ག་ཅི་ཨིན་ན་རང་མ་ཤེསཔ་འགྱོ་འོང་ ག་ཅི་བཟུམ་འོངམ་ཨིན་ན།
  • ཚེ་དབང་ནོར་བུ་/ Tshewang Norbu:
    ཉིམ་གྱི་དཔྱེ་སྦྱར་ཏེ་ དཀརཔོ་ལྷ་དང་འདྲ་བའི་ཁྲི་གདུགས་འདི། །ཁྱོད་པད་མ་མེ་དང་ཚ་བས། །པད་མ་མེ་དང་ཚ་རུང། །མ་ཤར་ལ་ཡི་རྒྱབ་ལུ་འཁྲུལ། །ཤར་ཚེ་ལ་ཡི་གདོང་ལུ་འཁྲུལ། །དུས་གཏན་རྐྱང་གླིང་བཞི་སྐོར་ས་འཁྲུལ། །ང་མི་ལྟ་ཨ་མའི་མཛེསཔ་འདི། །ང་མ་སྐྱེས་ཨ་མའི་ཁོངས་ལས་འཁྲུལ། །སྐྱེས་ཚེ་ཨ་མའི་ཕང་མར་འཁྲུལ། །དུས་གཏན་རྐྱང་[གོ་ཞི་རྩེད་ས་?]འཁྲུལ་ཟེར་ ཏེ་འ་ནཱི་སྦེ་དཔྱེ་སྦྱར་ཏེ་རང་ཏེ་གླང་གི་ཤུལ་མ་ སྔོན་མ་ང་བཅས་ཆུང་ཀུ་འབདཝ་ད།
  • ཚེ་དབང་ནོར་བུ་/ Tshewang Norbu:
    དེ་ལསན་ཏེ་ དྲོ་ལཱ་གླང་ཏེ་རྩྭ་མ་ཟ་བར་རྨོནི་ཏེ་ ད་རུང་ ཏེ་ཉིནམ་ད་སག་ཟ་བའི་རྩྭ་ཆུ་འདི། །ཚོམ་ཏོང་ཏོ་ལྐོད་མའི་ནང་ལས། །ཁྱོད་ཧི་མ་ལཱ་གཡོག་རྐྱབ་ཆིཝ་ཡ། །ཤོག་ལོ་ང་རའི་ནོར་བུ་ཟེར་ཏེ་ སྔོན་མ་གི་མི་ཚུ་གིས་ ཏེ་འ་ནཱི་སྦེ་དཔྱེ་སྦྱར་ནི་ཡོད།། །།