Skip to main content Skip to search
02 Jan 2019
5 min 57 sec
Video Overview
Creators: 
Norbu Dradul

This song represents the hero's dance that repels external enemies, and expresses wishes for long life and good fortune. 

དཔའ་བོའི་ཉམས་ཀྱི་སྟངས་སྟབས་མངོན་ཞིང་དཔའ་སྐད་རྒྱལ་ཁམས་ཟིལ་ནོན་གྱི་གཞས་གདངས་འདི་ལས་ཕྱའི་དགྲ་རྣམས་ཟློག་ཅིང་ནང་དུ་ཚེ་་བསོད་རླུང་རྟ་རྒྱས་པར་བཀྲ་ཤིས་ཁ་གཡང་བཏང་ཡོད།

གཞས་ཚིག་གི་ཚན་པ་སོ་སོ་ནི།དཀར་གསལ་ཟླུམ་པོ་བྲོ་ར་ནས།།ཞི་བ་རྡོ་རྗེའི་འཁྱིལ་བྲོ་འཁྲབ།།སེར་གསལ་ཟླ་གམ་བྲོ་ར་ནས།།རྒྱས་པ་རིན་ཆེན་སྐོར་བྲོ་འཁྲབ།།ཚེ་བསོད་དཔལ་འབྱོར་རྒྱས་པ་དང་།།བསམ་དོན་ཡིད་བཞིན་འགྲུབ་པར་ཤོག།དམར་གསལ་གྲུ་བཞིའི་བྲོ་ར་ནས།།དབང་ཆེན་པད་མའི་མཛའ་བྲོ་འཁྲབ།།ལྗང་གསལ་གྲུ་གསུམ་བྲོ་ར་ནས།།དྲག་པོ་ལས་ཀྱི་དཔའ་བྲོ་འཁྲབ།།ཁམས་གསུམ་དབང་དུ་འདུ་བ་དང་།།སྲིད་གསུམ་ཟིལ་གྱིས་ནོན་པ་ཤོག།ཀུན་གཞིའི་བྲོ་ར་འཁོར་ལོའི་དབྱིབས།།རྩིབས་སྟོང་ལྡན་པའི་ཀློང་དུ་འཁྲབ།།སྐུ་ཡི་གར་སྟབས་ཤིགས་སེ་ཤིག།གསུང་གི་འགྱུར་ཁུགས་ལྡེམས་སེ་ལྡེམ།།གེ་སར་རྒྱལ་བློན་འཁོར་དང་བཅས།།འགྲོ་བ་འདྲེན་པའི་དཔལ་དུ་ཤོག།

歌颂英勇之姿的这首歌中,表达了战胜敌人,财寿增长的思想。

歌颂英勇之姿的这首歌中,表达了战胜敌人,财寿增长的思想。白色圆形舞坛上,跳起息之金刚舞;黄色半月舞坛上,跳起增之珍宝舞,祈愿寿命财富增,一切所愿皆如意;红色方形舞坛上,跳起怀之莲花舞,绿色三角舞坛上,跳诛之英勇舞,统摄三界之有情,调伏三世之众生,阿赖耶之舞坛上,千轴法轮空域内,显现身之妙舞姿,显现语之妙祥音,格萨尔王及随属,愿引众获解脱。