17 Mar 2016
2 min 29 sec
- ཁ་བ་ཡེ་མར་མར་འབབ་དུས།
- ང་ཡི་འགྲོ་ལམ་བཀག་བྱུང་།
- དྲིན་ཆེན་ཕ་མ་གཉིས་ལ།
- ངས་དྲན་པའི་ཚིག་གསུམ་བསྐུར་ཡོད།
- དྲིན་ཆེན་ཕ་མ་གཉིས་ལ།
- ངས་དྲན་པའི་ཚིག་གསུམ་བསྐུར་ཡོད།
- ཆར་བ་ཤག་ཤག་འབབ་དུས།
- ང་ཡི་མཐོང་ལམ་བཀག་བྱུང་།
- བརྩེ་ལྡན་གྲོགས་པོ་ཁྱོད་ལ།
- ངས་སྙན་པའི་གཞས་ཤིག་བསྐུར་ཡོད།
- བརྩེ་ལྡན་གྲོགས་པོ་ཁྱེད་ལ།
- ངས་སྙན་པའི་གཞས་ཤིག་བསྐུར་ཡོད།
- མཇལ་རྒྱུ་བྱུང་ན་བསམ་བྱུང་།
- འཛོམས་རྒྱུ་བྱུང་ན་བསམ་བྱུང་།
- ལྷན་འཛོམས་བྱུང་བའི་དུས་སུ།
- ངས་རང་དབང་སྙིང་གཏམ་གླེང་སོང་།
- ཁ་བ་ལགས་ཁ་བ།
- ཁྱོད་ཀྱི། ཁྱོད་ཀྱི།
- ཁྱོད་ནི་ཁ་བ་བོད་པའི་བདག་པོ་ངོ་མ་ཡིན།
- ཁ་བ་ལགས་ཁ་བ།
- ཁྱོད་ཀྱི། ཁྱོད་ཀྱི།
- ཁྱོད་ནི་ཁ་བ་བོད་པའི་བདག་པོ་ངོ་མ་ཡིན།