Skip to main content Skip to search
14 Apr 2020
45 sec
Audio Overview
Creators: 
Tsewang Drolma

This song discusses the history of war between two queens. The lyrics of the song say: "I would murder you into pieces for the sake of this wealthy world." Today, many people believe this song can be sung for a wedding ceremony, as it talks about the wealth of the world. However, older people would disagree. In the past, when there was an officiant for wedding ceremonies, this song was not allowed to be sung.

གླུ་འདི་ནི་བདག་མོ་གཉིས་ཀྱི་བར་ལ་འཐབ་མོ་བྱུང་བའི་ལོ་རྒྱུས་ཤིག་རེད།  བདག་མོ་ཞེས་པ་ནི་རྒྱལ་བོའི་ཡུམ་གྱི་དོན་ཡིན།  འབྲོང་རྫོང་རྒྱལ་བོ་ལ་ཡུམ་གཉིས་ཡོད།  ཁོང་གཉིས་ཕན་ཚུན་ལ་ཕྲག་དོག་བྱས་ནས་རྒྱལ་བོ་བཞུགས་མེད་པའི་སྐབས་ཤིག་ལ་རྒྱལ་ཡུམ་ཆུང་བ་དེ་ཡུམ་ཆེན་འཛིན་བཟུང་བྱས་ནས་ཁང་པའི་ནང་གི་ཀ་བའི་སྟེང་དུ་བཏགས།  ཁང་པ་སྒོ་བརྒྱབ་ནས་མེ་རུ་སྤར་བ་རེད།  མདུན་ཐང་དུ་གཡོག་པོ་ཚང་མ་བསྡུས་ནས་བྲོ་གླུ་འདི་འཁྲབ་དུ་བཅུག་པ་རེད།  གསེར་རི་འཛམ་གླིང་གང་བ།  དངུལ་རི་འཛམ་གླིང་གང་བ་འདི་ན་ཡོད།  ཁྱོད་འདིར་ཤོག་དང་ངས་ཤ་གཙབ་རུས་གཙབ་བྱེད་དོ་ཞེས་པ་ཡིན།  འདི་དཔོན་པོ་ཡོད་པའི་སྐབས་དང་གཉེན་སྟོན་སྐབས་སོགས་སུ་འཁྲབ་མི་ཆོག་ཟེར་སྲོལ་ཡོད།  དེང་སང་ཁོང་ཚོ་གསེར་དངུལ་ཟེར་བ་དེ་གོ་ནས་སྟོན་མོ་བྱེད་པའི་སྐབས་ལ་ཡང་འཁྲབ་ཀྱིན་ཡོད།  དེ་ནི་ནོར་འཁྲུལ་རེད་བསམ་གི ཕོ་མོ་གཉིས་ཀྱིས་རེས་མོས་བྱས་ནས་ལེན་པ་ཡིན།  

这首歌是两个太后之间发生战争的历史,歌词大意:为金银满布的世界,我让你碎尸万段。如今人们只听到金银满布的世界,就以为婚礼上可以演唱,这是不对的。 以前在有官员在场或婚礼上,这首歌是不能演唱的。

Transcript search
No results found for this search
0 of 0