17 Mar 2016
1 min 28 sec
- འབྲུག་ནི་ལྷོ་སྟོད་འཚམས་ནས་ལྡུར་རི་རི།
- ཆར་ནི་བར་སྣང་ཁམས་ཀྱིས་ཞོ་ལོ་ལོ།
- ཞིང་ནི་ཆུ་མའི་ལོ་རྩ་ལྡེམ་མེ་མེ།
- ལོ་ནི་ཡག་རུང་སེམས་ཀྱི་རྨོངས་ཞིག་རེད།
- རྩྭ་ནི་ཡར་སྐྱེས་འབྲུ་མགོ་ཤིག་སེ་ཤིག
- ལུག་ནི་གཡང་དཀར་བལ་ཁ་ཞོ་ལོ་ལོ།
- རྐྱང་ནི་དར་མའི་འདུར་ཆུང་ཀྱི་ལི་ལི།
- རྩྭ་ནི་ཟོས་ན་སེམས་ཀྱི་རྨོངས་ཞིག་རེད་།
- ཕྱི་ནི་སྡེ་བའི་མི་ཁ་འུར་རུ་རུ།
- ནང་ནི་བཟའ་བའི་བཟའ་སྡུག་ཀྱི་ལི་ལི།
- རོགས་ནི་ངེད་གཉིས་མཛའ་མཐུན་བར་ལ།
- གཅིག་ནི་ཐུག་ན་སེམས་ཀྱི་རྨོངས་ང་རེད།
- གཅིག་ནི་ཐུག་ན་སེམས་ཀྱི་རྨོངས་ང་རེད།