Video Overview
A group of women from Trongsa Dzongkhag, including few classical singers from different regions, came for a symposium in Thimphu and recorded this unique Zhem song with background singers. The song was composed with overwhelming lyrics that describe the historical Trongsa Choetsey Dzong. According to the verses of the song, the Dzong was compared with a paradise built atop stable rock, with the base entrusted to the lake. The Dzong was also compared with the thousand doors of auspiciousness (Tashi Gomang) that was the residence of a thousand Buddhas. Thus, the lyrics prays for prosperity and auspiciousness for the Dzong.
ཐིམ་ཕུ་ལུ་ མཁས་པའི་ཞལ་འཛོམས་ཀྱི་སྐབས་ ཀྲོང་གསར་ལས་ ཨམ་སྲུ་སྡེ་ཚན་གཅིག་གིས་ གཞན་དང་མ་འདྲ་བའི་གཞསམོ་འདི་ རྒྱབ་སྐད་འཐེན་མི་དང་ཅིག་ཁར་ སྒྲ་གཟུང་སྟེ་ཡོདཔ་ཨིན། གླུ་གཞས་འདི་ ཀྲོང་གསར་ཆོས་རྩེ་རྫོང་གིས་ རྒྱལ་རབས་ཀྱི་སྐོར་ལས་ ཡ་མཚན་ཆེ་བའི་ཚིག་ཚུ་བཙུགས་ཏེ་རྩམ་ཡོདཔ་ཨིན། གླུ་གཞསཚིག་ནང་ལུ་ རྫོང་འདི་ ལྷ་ཡུལ་ཞིང་ཁམས་ལུ་ དཔེ་བཀོད་དེ་ཡོདཔ་ཨིན། དེ་མ་ཚད་ རྫོང་འདི་ སངས་རྒྱས་སྟོང་གིས་གདན་ས་ བཀྲ་ཤིས་མགོ་མང་ལུ་ཡང་ དཔེ་བཀོད་དེ་ཡོདཔ་ཨིན། དེ་འབདཝ་ལས་ གླུ་གཞས་འདི་གིས་ རྫོང་འདི་ རྟེན་འབྲེལ་བཟང་ནི་དང་ ཕུན་སུམ་ཚོགས་བཅུག་ནིའི་དོན་ལུ་ སྨོན་ཚིག་ཞུཝ་ཨིན་མས།
- Trongsa
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཝ་ཝ། ལམོ་ཕར་ཕར་ལ་མོའི་ཚུར་རྒྱབ་ལུ།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཚུར་ཚུར་ལ་མོའི་ཕར་རྒྱབ་ལུ། །ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsསངས་རྒྱས་གོང་གི་ཤུལ་ལུ་ཡ།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsབྱ་ཏོང་ཏོ་གདངས་ལས་བརྒལ་དོ་ལོ།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཤར་དཀར་པའི་(བའི་)དཔྱད་རི་བཏང་དོ་ལོ། །ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsནུབ་གནག་མའི་རྫ་རིས་ཡལ་དོ་ལོ། །ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsདཔལ་འབྲུག་པའི་འགོ་འདྲེན་ཐོག་ལས་ཡ།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsགསུང་ཧན་པའི་ཆོས་དྲིལ་གསིལ་དོ་ལོ།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཆུ་མིག་གི་ཉ་མོ་ལོང་དོ་ལོ།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsདཀར་ཁྲ་ཅན་གྱི་གསེར་མིག་གི།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsདཀར་པའི་བཙན་དར་བཏང་དོ་ལོ།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsབཙན་བཤད་ཅན་གྱི་ཉན་ཆི་གེ །ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsབཙན་བཤད་དགུང་ལས་བཏང་དོ་ལོ། །ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཡར་ཡར་བདེ་ཆེན་ཕོ་བྲང་ནང་།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཡུམ་དུང་དཀར་སངས་མོ་སྲས་གསུམ་འཁྲུངས། །ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsསྲས་ཆེ་བ་ངག་དབང་རྣམ་རྒྱལ་འཁྲུངས། །ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsབར་མ་སྒང་སྟེང་སྐྱབས་མགོན་འཁྲུངས།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཆུང་མ་(ཆུང་བ་)སངས་མོ་ཀུན་ལེགས་འཁྲུངས། །ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsསྲས་གསུམ་འཁྲུངས་པའི་རང་གཤིས་ལས། །ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsའབྲུག་ཀུན་དགའ་ར་བའི་ནང་ཤེད་ན།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsགསེར་གྱི་སྤར་རི་བརྐྱངས་བཞག་ནུག།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsགསེར་གྱི་སྤ་རི་སྦུག་ཤེད་ན།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsལྕགས་ཀྱི་རྐང་གསུམ་བཀལ་བཞག་ནུག།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsལྕགས་ཀྱི་རྐང་གསུམ་གཏིང་ཤེད་ན།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsགསེར་གྱི་གཡང་ཁྲོ་བཀལ་བཞག་ནུག།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsགསེར་གྱི་གཡང་ཁྲོ་ནང་ཤེད་ན།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཆང་སུམ་ཆང་མཚོ་འདི་འཁྱིལ་བཞག་ནུག །ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsགསེར་གྱི་ཆང་བཤོ་བཙུགས་བཞག་ནུག།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsདངུལ་གྱི་ཀུ་ཅུང་བཀལ་བཞག་ནུག།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཡར་སྒྲོན་དར་འདི་ལྷོང་བཞག་ནུག།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཆང་ཕུད་དྲངས་ས་ཆང་ཕུད་དྲངས།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཆང་ཕུད་སྟེང་ཕྱོགས་ལྷ་ལུ་དྲངས།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsལྷ་དབང་པོ་རྒྱལ་མཚན་ཕུད་ཀྱིས་མཆོད། །ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཆང་ཕུད་དྲངས་ས་ཆང་ཕུད་དྲངས། །ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཆང་ཕུད་བར་ཕྱོགས་བཙན་ལུ་དྲངས།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsབཙན་ཡ་མ་སྤུན་བདུན་ཆང་ཕུད་བཞེས།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཆང་ཕུད་དྲངས་ས་ཆང་ཕུད་དྲངས། །ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཆང་ཕུད་འོག་ཕྱོགས་ཀླུ་ལུ་དྲངས། །ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཀླུ་གཙུག་ན་རིན་ཆེན་ཕུད་ཀྱིས་མཆོད།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཆང་ཕུད་བཞེས་ས་ཆང་ཕུད་བཞེས།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsངག་དབང་རྣམ་རྒྱལ་ཆང་ཕུད་བཞེས།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཆང་ཕུད་བཞེས་ས་ཆང་ཕུད་བཞེས།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsསྒང་སྟེང་སྐྱབས་མགོན་ཆང་ཕུད་བཞེས།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཆང་ཕུད་བཞེས་ས་ཆང་ཕུད་བཞེས།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsསངས་མོ་ཀུན་ལེགས་ཆང་ཕུད་བཞེས།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཆང་ཕུད་བཞེས་ས་ཆང་ཕུད་བཞེས།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsའཕགས་པའི་དགེ་འདུན་ཆང་ཕོད་བཞེས།།ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཝ་ཝ། རྒྱ་ཡུལ་བསྐོར་ས་རྒྱ་ཡུལ་བསྐོར། །ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsརྒྱ་ཡུལ་རྒྱ་ནག་བཀྲ་ཤིས་བསྐོར།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsརྒྱ་ཡུལ་བསྐོར་སའི་ལམ་ཁ་ལུ།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsརྨ་བྱ་བཟུམ་ཅིག་བྲོ་འཁྱམས་དོ།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཤེས་པས་ཟེར་ཏེ་འཁྱམས་ནི་མེད།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsམི་ཤེས་ཟེར་ཏེ་བཞག་ནི་མེད།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsབོད་ཡུལ་བསྐོར་ས་བོད་ཡུལ་བསྐོར།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsབོད་ཡུལ་བོད་མདའ་གཞུང་ལུ་བསྐོར།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsབོད་ཡུལ་བསྐོར་སའི་ལམ་ཁ་ལུ།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཁྲུང་ཁྲུང་བཟུམ་ཅིག་བྲོ་འཁྱམས་དོ།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཤེས་པས་ཟེར་ཏེ་འཁྱམས་ནི་མེད།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsམི་ཤེས་ཟེར་ཏེ་བཞག་ནི་མེད།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsལྷོ་ཡུལ་བསྐོར་ས་ལྷོ་ཡུལ་བསྐོར།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsལྷོ་ཡུལ་ཞྭ་དམར་གཞུང་ལུ་བསྐོར།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsལྷོ་ཡུལ་བསྐོར་སའི་ལམ་ཁ་ལུ།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཧོར་ཅུང་བཟུམ་ཅིག་བྲོ་འཁྱམས་དོ།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཤེས་པས་ཟེར་ཏེ་འཁྱམས་ནི་མེད།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsམི་ཤེས་ཟེར་ཏེ་བཞག་ནི་མེད།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsདགོན་བཟང་བསྐོར་ས་དགོན་བཟང་བསྐོར།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsདགོན་བཟང་ཁྲ་མོའི་ཕྱོགས་ལུ་བསྐོར།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsདགོན་བཟང་བསྐོར་སའི་ལམ་ཁ་ལུ།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsམཚན་ལྡན་བཟུམ་ཅིག་བྲོ་འཁྱམས་དོ།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཤེས་པས་ཟེར་ཏེ་འཁྱམས་ནི་མེད།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsམི་ཤེས་ཟེར་ཏེ་བཞག་ནི་མེད།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsརྫོང་ཆེན་བསྐོར་ས་རྫོང་ཆེན་བསྐོར།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsརྫོང་ཆེན་ཁྲ་མོའི་ཕྱོགས་ལུ་བསྐོར།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsརྫོང་ཆེན་བསྐོར་སའི་ལམ་ཁ་ལུ།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsདབང་ཆེན་བཟུམ་ཅིག་བྲོ་འཁྱམས་དོ།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཤེས་པས་ཟེར་ཏེ་འཁྱམས་ནི་མེད།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsམི་ཤེས་ཟེར་ཏེ་བཞག་ནི་མེད།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsགཡུས་བཟང་བསྐོར་ས་གཡུས་བཟང་བསྐོར།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsགཡུས་བཟང་ཁྲ་མོའི་ཕྱོགས་ལུ་བསྐོར།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsགཡུས་བཟང་བསྐོར་སའི་ལམ་ཁ་ལུ།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཡབ་ཡུམ་བཟུམ་ཅིག་བྲོ་འཁྱམས་དོ།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཤེས་པས་ཟེར་ཏེ་འཁྱམས་ནི་མེད།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsམི་ཤེས་ཟེར་ཏེ་བཞག་ནི་མེད།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཁང་བཟང་བསྐོར་ས་ཁང་བཟང་བསྐོར།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཁང་བཟང་ཁྲ་མོའི་ཕྱོགས་ལུ་བསྐོར།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཁང་བཟང་བསྐོར་སའི་ལམ་ཁ་ལུ།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsསྨིན་ཆུང་བཟུམ་ཅིག་བྲོ་འཁྱམས་དོ།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsཤེས་པས་ཟེར་ཏེ་འཁྱམས་ནི་མེད།།ཝ་ཝ།
- གླེ་མོ་དང་ཆ་རོགས་ཚུ་ Lemo and Friendsམི་ཤེས་ཟེར་ཏེ་བཞག་ནི་མེད།།ཝ་ཝ།། །།