Skip to main content Skip to search
15 Dec 2011
28 min 50 sec
Rating
0
No votes yet
Video Overview
Creators: 
Unknown

A monk gives a brief history of Zhalu Monastery.

Show More

  • སྐུ་ཞབས་ལགས
    ད་བདག་ཚོ་ཞ་ལུ་དགོན་པ་དེ། ཕྱག་བཏབ་མཁན་དེ་བླ་མ་ལྕེ་བཙུན་ཤེས་རབ་འབྱུང་གནས་ཞུ་མཁན་ཞིག་གིས་ཕྱག་བཏབ་པ། ཕྱག་བཏབ་ནས་ད་བར་ལ་ཡིན་ན། ལོ་དགུ་བརྒྱ་བདུན་ཅུ་དོན་དྲུག་ཏག་ཏག་ཕྱིན་ཡོད་པ། ལོ་ཁམས་དེ་གང་ལ་རད།ཟེར་ན། མེ་ཡོས་ལོ་དེ་ལ་ཕྱག་བཏབ་པ། ང་ཚོའི་བོད་ཀྱི་རབ་ལོ་དེ་ཚུགས་པ་དང་ཞ་ལུ་དགོན་པ་ཕྱག་བཏབ་པ་གཉིས་དུས་གཅིག་པ་རེད།དུས་མཚུངས་རེད། བྱས་ཙང་མེ་ཡོས་ལོ་ལ་ཕྱག་བཏབ་དུས་ཙ་ནས། ད་ལོ་དགུ་བརྒྱ་བདུན་ཅུ་དོན་དྲུག་ཏག་ཏག་ཕྱིན་ཡོའོ་རེད།ཟེར། དེ་ནས་ལྕེ་བཙུན་ཤེས་རབ་འབྱུང་གནས་སྐུ་ཐོག་ལ་འདུག་བཟོ་ཕྱག་བཏབ་ནས། ངས་ལོ་རྒྱུས་མདོར་བསྡུས་ཤིག། དེའི་གཞུག་ལ་བུ་སྟོན་ཐམས་ཅད་མཁྱེན་པ་ཆེན་པོ་འདི་རུ་ཆིབས་འགྱུར་གནང་དུས་ཙ་ནས། ཨེ་གནས་སྐབས་དེའི་སྐབས་ལ། དཔོན་པོ་དེ་ཡིན་ན་སྐུ་ཞང་གྲགས་པ་རྒྱལ་མཚན། སྐུ་ཞང་གྲགས་པ་རྒྱལ་མཚན་གྱི་སྐུ་ཐོག་ལ། རྒྱ་ནག་གོང་མ། ཡོན་རྒྱལ་རབས་སྐབས་ལ།
  • སྐུ་ཞབས་ལགས
    ཡོན་རྒྱལ་རབས་ལ་དེ་ནི། འདི་རུ་སྐུ་ཞང་གྲགས་པ་རྒྱལ་མཚན་དཔོན་པོ་ལ་ཕེབས། དེ་ནི་ཡོན་རྒྱལ་རབས་ཀྱི། དེ་གང་ཟེར། དེའི་ཞ་ལུའི་སྐུ་ཞང་གྲགས་པ་རྒྱལ་མཚན་ལ་ཨ་ཞང་ལགས་ཞུ་གི་ཡོའོ་རེད། གང་ཡིན་ཟེར་ན། ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཡུམ་དེ་ཞ་ལུ་བ་རེད། བྱས་ནས། སྐུ་ཞང་གྲགས་པ་རྒྱལ་མཚན་གྱི་སྐུ་མཆེད། དེ་ཡིན་དུས་ཙ་ནས་ཞ་ལུ་སྐུ་ཞང་གྲགས་པ་རྒྱན་མཚན་དེ་ཡོན་རྒྱལ་རབས་ཀྱི། དེ་ཞང་པོ་ལ་ཕྱིན་ཨ་ཞང་ལ། དེ་ནས་བཟུང་སྟེ་ཞ་ལུ་སྐུ་ཞང་ཟེར་ཡས་དེའི་མཚན་ཐོགས་ནས། ཨེ་ཞ་ལུ་སྐུ་ཞང་ཟེར་གྱི་ཡོད་པ། ཡོན་རྒྱལ་རབས་ཀྱི་ཐོགས་ནས། ཨེ་ད། སྐུ་ཞང་གྲགས་པ་རྒྱལ་མཚན་ལ་རྒྱ་ནག་གོང་མ། ཡོན་རྒྱལ་རབས་ནས་ཧ་ཅང་གི་མཐོང་ཆེན་གནང་ནས། ཨ་ཞང་ཡིན་དུས་ཙ་ནས་མཐོང་ཆེན་གནང་བྱས་ནས། དེ་ནི་ཞ་ལུ་དགོན་པས་ད་ལྟ་རྩེ་ཐོག་གི་ཡ་གའི། རྒྱ་ཕིབས་བཞི་པོ་ཡ་གི་ཡིན་ན་ཡོན་རྒྱལ་རབས་ཀྱི་ཐོགས་ལ། གནང་སྦྱིན། ཡ་གའི་འགྲོ་སོང་གང་ག་མར་ནས་ཡར་གསོལ་རས་གནང་སྟེ། སྐུ་ཞང་གྲགས་པ་རྒྱལ་མཚན་གྱི་ཆ་ལ་ཡ་གི་སྐྱོན་པ་རེད།ཟེར།
  • སྐུ་ཞབས་ལགས
    ཨེ། རྫ་ཀོག་ཡི་རྒྱ་ཕིབས་ཀྱི་རྒྱབ་ཡ་གས་ཡ་གའི་ལག་རྩལ་དེ་གས་དེ། ཤར་རྒྱ་ཡི་ཡུལ་ནས་བཟོ་མཁས་པ་གདན་འདྲེན་ཞུས་ནས་དེ་ནི་ཡ་གི་བཞངས་༼བཞེངས་༽པ་ཡིན་ཟེར། ཡ་གི་ད་རྒྱ་ནག་རང་གི་ཡང་ལག་རྩལ།ལ་རེད། རྒྱ་ནག་ལུགས་ཁོ་ར། རྒྱ་ཕིབས་ཡ་གས། དེའི་སྔོན་ལ་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱི་འོག་ཐོག་དེ་གས་ལ་མ་གཏོགས་པའི། རྩེ་ཐོག་བཞེངས་མེད་པ། དེ་ནས་སྐུ་ཞང་གྲགས་པ་རྒྱལ་མཚན་སྐུ་ཐོག་ལ་དེ་ནི་ཡ་གི་བཞེངས་བསྒྲུབས་ནས། དེ་ནི་རྒྱ་ནག་རང་ལ་ཡང་ཡ་གི་གྲུབ་ནས། ད་ཞ་ལུ་དགོན་པ་དེ་ཉམས་གསོ་ཚར་སོང་། ད་འདི་རུ་ཆོས་དཔོན་བླ་མ་མཁས་བཙུན་བཟང་གསུམ་འཛོམས་པ་ཞིག་གི་བླ་མ་ཞིག་དགོས་ཀྱིས།ཟེར། དེའི་དུས་ལ་རྒྱ་ནག་རྩིས་མཁས་པོ་ཡོད་དུས་ཙ་ནས། རྩིས་སྐྱོན་ནས་ཡར། རྩིས་ཚད་གཏོང་དང་ཟེར། ཡ་ནས་མར་རྩིས་གཏང་ནས། བང་ཆེན་བཏང་། 
  • སྐུ་ཞབས་ལགས
    བང་ཆེན་བཏང་ནས་དེ་ནི་བང་ཆེན་དེ་ཡར་འགྲོ་དུས་ཙ་ནས། རྒྱ་ནག་གི་རྩིས་པ་ཀིམ་ཧྭ་ཤང་ཟེར་མཁན་དེས་རྩིས་བརྒྱབ་ནས། ཀིམ་ཧྭ་ཤང་གི་རྩིས་བརྒྱབ་པའི་སྐབས་ལ་ཡིན་ན། དེ་ནི་ཨཱ། ད་ལྟ་མཚུར་ཕུའི་ཚོད་ཡ་གི་ན། བུ་སྟོན་ཞུ་མཁན་ཞིག་གི་དེ་ནི་བྱ་དབྱིབས་རྟགས་ཅན། བཟོ་དབྱིབས་དེ་འདྲས་བྱས་པ་ཞིག་འདུག།ཟེར་བྱས་ནས། ཤོག་བུ་ལ་སྒྲ་བྲིས་བྱས་ནས། དེ་གདན་འདྲེན་ཞུས་ན་དེ་ནི། ཆོས་དཔོན་བཟང་གསུམ་འཛོམས་པའི་བླ་མ་དེ་འདུག།ཟེར། བྱས་ནས་མར་རྒྱ་ནག་ནས་ལུང་འབྱོར་ནས། ཀིམ་ཧྭ་ཞང་གི། དེ་ནས་སྐུ་ཞང་གྲགས་པ་རྒྱལ་མཚན་གྱིས། དེ་ནི་བུ་སྟོན་རིན་ཆེན་གྲུབ་པ་ལ། ཁྲོ་ཕུ་ཕྱོགས་ལ་བང་ཆེན་བཏང་ནས་གདན་འདྲེན་ཞུས་པ།
  • སྐུ་ཞབས་ལགས
    དེ་ནི་ཁྲོ་ཕུའི་དགེ་འདུན་པ་ཚོས་ཡིན་ན། ཁག་ཅིག་གི་ཡང་ཚུར་བཏང་གི་མིན་ཟེར། ཁོ་རང་ནི་མཁས་པ་གང་མིན་རེད། ཉུང་ཤས་ཤིག་གི་ཡིན་ན། བཏང་གི་ཡིན་ཟེར་བྱས་ནས་ཐུགས་མ་འཆམ་པའི་སྐབས་ལ། བུ་སྟོན་ཐམས་ཅད་མཁྱེན་ཆེན་པོ་རང་གི་དེ་ནི། ང་ཕར་སེམས་ཅན་གྱི་གདུལ་བྱ་དེ། བསྟན་པ་དེ།སེམས་ཅན་གྱི་གདུལ་བྱ་དེ་ཞ་ལུ་ལ་ཕྱིན་ན་ཡག་པ་ཡོང་ང་། ང་ཕར་ཐད་ཀྱི་ཡིན་གསུངས་ནས། དེ་ནི་བུ་སྟོན་ཐམས་ཅད་མཁྱེན་པ་ཆེན་པོ་གདན་འདྲེན་ཞུས་སོ།
  • སྐུ་ཞབས་ལགས
    བུ་སྟོན་ཐམས་ཅད་མཁྱེན་པ་ཆེན་པོ་གདན་འདྲེན་ཞུས་ནས་ད་བར་ལ་ཡིན་ན་ལོ་ག་ཚོད་ཕྱིན་ཡོའོ་རད།ཟེར་ན། བདུན་བརྒྱ་གྲངས་ཙམ་མ་ཟིན་ཕྱིན་ཡོའོ་རེད། བདུན་བརྒྱ་ཏས་ཙེ་༼རྟོག་ཙམ་༽ཕྱིན་ཡོའོ་མ་རེད། དེ་འདྲས་ཤིག་ཕྱིན་ཡོའོ་རེད། བྱས་ཙང་བུ་སྟོན་རིན་ཆེན་གྲུབ་འདི་རུ་ཕེབས་ནས། ད་ཞ་ལུ་དགོན་པའི་གྲུབ་མཐའ་དེ་གང་རད་ཟེར་ན། བུ་ལུགས། བུ་སྟོན་གྱི་ལུགས།བུ་ལུགས་ཟེར་ཡས་ཁོ་དེ་རིང་ཁ་སང་། དེའི་གོང་ལ་བུ་སྟོན་ཕེབས་ཕེབས་ལ། ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱི་ཕྱག་བཏབ་ནས་བུ་ལུགས། གྲུབ་མཐའ་དེ་གང་རད་ཟེར་ན། དེ་རེད། བཀའ་གདམས་པ། ཇོའོ་རྗེ་དཔལ་ལྡན་ཨ་ཏི་ཤ་རྒྱ་གར་ནས་ཕེབས། མར་ཞོར་ས་སྐྱ་ལ་ལུང་གསུངས། ས་སྐྱ་བོ་ཞེས་པ་དེ་རུ་མ་འོངས་ན་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གདུང་རྒྱུད་འཕེལ་བར་འདུག་གསུངས་ནས་ལུང་གསུངས། ཞ་ལུ་ལ་མར་ཐད་ནས་དེ་ནི་ཞ་ལུའི་གཙུག་ལག་ཁང་ཡོངས་སུ་རྗོགས་པ་གྲུབ་ཡོད་པ།
  • སྐུ་ཞབས་ལགས
    ཕྱག་གནས་གནང་། ཨེ་ཇོའོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཕྱག་གནས་གནང་། གཙུག་ལག་ཁང་འདི་ལ། ཨེ་ཕྱག་གནས་གནང་ནས་དེ་ནི་ཁོང་གི་བཞེད་པ། དེའི་བཀའ་གདམས་པའི་ཨེ་གྲུབ་མཐའ་བཀའ་གདམས་པ་གནང་དུས་ཙ་ནས། ཞ་ལུའི་བུ་སྟོན་ཐམས་ཅད་མཁྱེན་པ་མ་ཕེབས་པའི་རིང་ལ་ཡིན་ན། ཞ་ལུའི་གྲུབ་མཐའ་དེ་བཀའ་གདམས་པ་རེད། ཟེར། དེ་ནི་བུ་སྟོན་ཐམས་ཅད་མཁྱེན་པ་ཕེབས་ནས་ཁོ་རང་མཁས་པ་གང་མིན་ཚད་ཡིན་དུས་ཙ་ནས། དུས་གསུམ་སངས་རྒྱས་ཀྱི་སྤྲུལ་སྐུ་ཡིན་ཟེར། བུ་སྟོན་ཐམས་ཅད་མཁྱེན་པ་དེ། སྔར་འདས་པ་ལ་དབྱེ་ན། ཨེ་དེ་བཞིན་གཤེགས་པ་རིན་ཆེན་ཏོག་ཟེར་མཁན་དེ་ཡིན་ཟེར།
  • སྐུ་ཞབས་ལགས
    ཨེའེ། ད་ལྟ་མི་གྲུབ་པའི་སྤྲུལ་པ་ཡིན་ཟེར། ཤར་ཕྱོགས་མངོན་པར་རྒྱལ་བ་མི་གྲུབ་པའི་སྤྲུལ་པ་ཡིན་པ། མ་འོང་པ་ན། རྒྱལ་བ་རབ་གསལ་པའི་སྤྲུལ་སྐུ་ཡིན་ཟེར། ད་རྒྱལ་བ་རབ་གསལ་དེ་ཡིན་ན། ད།ས་སངས་རྒྱས་བདུན་པ་རེད། ད་ལྟ་ཨེ། རྣམ་འདྲེན་བཞི་པ། ཤཱཀྱ་ཐུབ་པའི་བསྟན་པ་རེད་པ། ད་དེ་ནས་རྒྱལ་ནས་བདུན་པ་ལ་སླེབས་སོང་ན། དེ་ནི་བུ་སྟོན་ཐམསཅད་མཁྱེན་པ་ཆེན་པོའི་སྐུ་ངོ་མ་རང་ཕེབས་རྒྱུ་རེད། འདི་རུ་བུ་སྟོན་ཐམས་ཅད་མཁྱེན་པ་ཕེབས་དུས་ཙ་ནས། སྤྲུལ་པའི་མང་ཙམ་ཕེབས་པ་རེད། ད་སངས་རྒྱས་ཀྱི་བསྟན་པ་དར་ནས། གང་ཟེར་དེའི། རྒྱལ་བ་རབ་གསལ་གྱི་བསྟན་པ་ཤར་དུས་ཙ་ནས། རྒྱལ་བ་རབ་གསལ་དེ་བུ་སྟོན་ཐམས་ཅད་མཁྱེན་པ་ཆེན་པོ་རེད། བྱས་ཙང་བུ་སྟོན་ཐམས་ཅད་མཁྱེན་པ་ཆེན་པོ་དུས་གསུམ་གྱི་སངས་རྒྱས་ཀྱི་སྤྲུལ་པ་ཡིན། སྐབས་དེ་ལ་ཡིན་ན་དེ་ནི་བུ་སྟོན་ཐམས་ཅད་མཁྱེན་པ་དེ་དབུས་གཙང་ཐམས་ཅད་རུ། མཁས་པའི་ཡང་རྩེར་སོན་པ་དེ་འདྲས་ཤིག་རེད་ཟེར། དེ་ཡིན་དུས་ཙ་ནས། གྲུབ་མཐའ་ཞིག་ལའི་དེ་རིང་ཁ་སང་ང་ཚོ་ཞ་ལུ་དགོན་པ་དེའི་བུ་ལུགས་ཟེར་གྱིས། 
  • སྐུ་ཞབས་ལགས
    ང་ཚོས་བྱས་ན་ད་གྲྭ་པ་དེ་ཙམ་ཞིག་ཡོད་པ། དུས་དེ་རིང་ཁ་སང་ཡིན་ན་དྲུག་ཅུ་རེ་ལྔ་ཙམ་ཡོད་པ། དེ་གས་དེ་ཡོད་པ། ད།དེ་གས་དེ། ད་ལྟ་བུ་ལུགས་ཀྱི་བསྟན་པ་འཛིན་མཁན་དེ་མི་དེ་གས་རང་རེད། བུ་ལུགས་ཀྱི་དེའེ། དགོན་པ་ཡ་གྱལ་དེ་འདྲས་རེད། དགོན་ལག་ཟེར་ཡས་དེ་འདྲས་ཕྲ་ལ་ཕྲན་བུ་འདྲ་པོ་ཡོའོ་རེད། རྒྱང་རྩེ་དགོན་པའི་རི་སྒྲེང་ང་ཡོའོ་རེད་ལ། ཁ་ཁ་སྦུབ་ན་ཨེན་ཙ་དགོན་ཡོད་པ། ཨེ་ཡང་ན་དབང་ལྡན་གླིང་ན་ཆོས་འཁོར་གྲྭ་ཚང་ཡོའོ་རེད། གཤམ་མ་གི་ན། དེ་ཡོད་པ། སྙེ་མོ་རུ་དགོན་པ། དེ་གས་དེ་ང་ཚོའི་བུ་ལུགས།ལུགས་གཅིག་པ་རེད། ཡིན་ནའི་དེ་ཚོ་ལ་གྲྭ་པའི་ཉུང་ཉུང་བྱས། གྲྭ་པའི་བཅོ་ལྔ་ཙམ་བཅུ་དྲུག་ཙམ། ཉུང་བ་ལ་ནི་ད་ལྟ་དྲུག་ཙམ་བདུན་ཙམ་ལས་མེད་པ། དེ་ཡིན་དུས་ཙ་ནས། བསྟན་པ་དེ་ཙང་ཚུགས་ཐུབ་མེད་པ། ད་དེ་དེའི། བུ་ལུགས་ཀྱི་བསྟན་པའི་གཙོ་བོ་དེ་ཞ་ལུ་དགོན་པ་དེ་རང་ཡིན་ཟེར། ད་ལྟ་དེ་རིང་ཁ་སང་། དམངས་གཙོའི་བཅོས་བསྒྱུར་བྱས། དེ་ནི་རིག་གནས་གསར་རྗེ་ཡག་པོ་མཐར་བྱས་ནས། སླར་གསོ་བྱས་ནས། ད་དེ་དུས་དྲུག་ཅུ་རེ་གྲངས་རེད། བུ་ལུགས་ཀྱི་བསྟན་པ་དེ་འཛིན་ཐུབ་པ་དེ་འདྲས་ཤིག་ཡིན་ཟེར།
  • སྐུ་ཞབས་ལགས
    ད་ལྟ་སྔ་མ་ཡིན་ན། བུ་སྟོན་ཐམས་ཅད་མཁྱེན་པའི་སྐུ་ཐོག་ལ་རྒྱུད་སྡེ་གསུངས་བ་ཁོ་རང་རང་ལ་རྒྱུད་སྡེ་བདུན་ཅུ་དོན་གྲངས་གསུངས་ཡོད་པ། དེ་ནས་ཡང་ཁོ་ཉམས་གུད་ལ་ཕྱིན་ནས། དམངས་གཙོའི་བཅོས་བསྒྱུར་སྐབས་ལ་ཡིན་ན་རྒྱུད་སྡེ་ཆེན་པོ་ལྔ་བཅུ་ང་གཉིས་ཡོད་པ། དེའི་ནང་ལ་རྒྱུད་སྡེ་བཞི་ག་ཡོད་པ། བྱ་རྒྱུད་ཡོད་པ། སྤྱོད་རྒྱུད་ཡོད་པ། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་ཀྱི་རྒྱུད་བྱས་རྒྱུད་སྡེ་ཆེན་པོ་བཞི་ག་ཡོད་པ། དེའི་ནང་ལ་དེ་མདོའི་ཆོ་ག་ཡོད་པ། ད་ལྟ་གནས་ལྷ་མདོ་ཕྱོགས་ད། དེ་བཞིན་གྱི་གནས་བཅུ་དེ་སོང་ཙང་། ད་མདོའི་ཁོངས་ནས་ཡོད་པ་དེ་འདྲས་ཤིག་རེད་ཟེར། ད་དེ་རིང་ཁ་སང་དེའི་ནང་ནས་ད་ལྟ་དངོས་སུ་ལག་ལེན་བསྟར་ཡས་རང་ལ། ཆོ་ག་དྲུག་ཙ་ཞིག་ལག་ལེན་བསྟར་ནས་འདུག་བཟོ་བྱེད་ཀྱི་ཡོད་ཟེར།
  • སྐུ་ཞབས་ལགས
    དེའི་ཁར་རུ་དེ་ནི་ད། རྒྱུ་གཏན་གྱི་ཆོས་སྤྱོད་རབ་གསལ་ཟེར་མཁན་དེ་ཕོན་ཆེན་པོ་རེད། ཤོག་གྲངས་བརྒྱ་དང་ལྔ་བཅུ་ང་གཉིས་ཡོད་པ། དེ་གཅིག་གི་དེ་རིང་ཁ་སང་ཚང་མས་ངག་བསྐྱོར་འགྲོ་གི་ཡོའོ་རེད་ཟེར། དེ་ནི་མཆོད་བརྗོད་ཡོང་རྫོགས་ཀྱི་བསྐང་གསོ་ངག་བསྐྱོར་བསྐྱོར་གྱི་ཡོའོ་རེད་ལ།དེའི་ཞི་རྒྱས་དབང་དྲག་ཀྱི་དབྱངས་དང་རོལ་མོ་ཆ་ཚང་ཁོ་ར་ད་བཙུགས་ཐུབ་ཡོའོ་རེད་ཟེར།
  • སྐུ་ཞབས་ལགས
    དེ་ནི་ཆེ་བ་ལ་ཡིན་ན་ཞ་ལུ་རྣམ་སྲས་མཆོད་པ་ཟེར་མཁན་དེ་ཕྱི་རུ། འདི་རུ་བལྟས་མོ་སྟོན་ཡས། ཉི་མ་གཉིས་སྔ་མའི་སྲིད་རྙིང་པའི་སྐབས་ཁོ་རང་སླར་གསོ་བྱས་ནས། ཉི་མ་གཉིས་རྣམ་སྲས་མཆོད་པ་ཟེར་བྱས་ནས། །་དགུ་གཏོར་བཟོ་འདྲ་ཉི་མ་གཉིས་གནང་གི་ཡོའོ་རེད་ཟེར། དེའི་རྩ་བ་དེ་གང་ནས་རེད་ཟེར་ན།བུ་སྟོན་ཐམས་ཅད་མཁྱེན་པས་བཙུགས་པ་གནང་། དེ་ནས་བརྒྱ་ཅུ་བརྒྱ་དྲུག་ལོ་དེའི་སླར་གསོ་བྱས་ནས་བདག་ཚོས་དང་པོ་འཁྲབ་པ་ཡིན་ཟེར། དེའི་ཕྱི་རུ་འཆམ་འཁྲབ་ཐུབ་པ་དང་ནང་དུ་ཕྱོགས་ཁག་དེ་རིང་ཁ་སང་ལག་ལེན་བྱས་པ་གཉིས་ཡིན་ཟེར།
  • སྐུ་ཞབས་ལགས
    གཅིག་ཡིན་ན་རྣམ་སྲས་གྲགས་པའི་མཆོད་བརྗོད་ཡོངས་རྫོགས་ཀྱི་བསྐང་གསོ། རྣམ་སྲས་གྲགས་པའི་ཀླུ་སྒྲུབ་བྱེད་ཡས་དང་གཉིས་ནས་གདུགས་དཀར། གདུགས་དཀར་གྱི་གདུགས་གྲུབ་དེ་གས་དེ་བྱེད་ནས་ད་དེ་རི་ཁ་སང་རྣམ་སྲས་མཆོད་པའི་གདུགས་དཀར་ཆེན་པོ་ཟེར་གྱི་རེད། དེ་དེ་རིང་ཁ་སང་ལག་ལེན་བསྐྱལ་དང་བསྐྱལ་བཞིན་པ་ཡིན་ཟེར། དེ་ནི་ཆོས་ལུགས་ཀྱི་བྱེད་སྒོ་གཅིག་དེ་གང་རས་ཟེར་ན། གཞི་གསུམ་ཆོ་ག་བཙུགས་ནས། བརྒྱ་ཅུ་བརྒྱ་དྲུག་ལ་བཙུགས་ནས་ད་བར་ལ་རྒྱུན་ཆད་མེད་ཟེར།ཞི་སྲུང་ཆོ་ག་བཙུགས།
  • སྐུ་ཞབས་ལགས
    དེ་ནི་རྒྱུད་སྡེ་དེ་གས་དེ་བཙུགས་ཚར་བ་ཡིན། དེ་གས་དེ་སྡོམ་བརྩོན་གྱི་གང་ནས། དཀྱིལ་འཁོར་སྡོམ་བརྩོན་གྱི་བྲིས་བྱས། ད་ངས་ཨ་ལེ་མདོར་བསྡུས་ཞུས་པ་ཡིན་ན། སྔར་གྱི་མདོར་བསྡུས་ཞུས་པ་ན་དེ་འདྲས་ཤིག་ཡིན། དེ་གས་དེ་ཆོས་ལུགས་ད་དེ་བཞིན་གྱི། སྔར་གྱི་མིས་དགོན་པ་ཕྱག་བཏབ་སྟངས་དང་གཞུ་གུ་༼རྗེས་ཀྱི་དོན་༽ལ་བུ་སྟོན་ཕེབས་ནས་སླར་གསོ་བྱེད་ཡས་ཀྱི་མདོར་བསྡུས་ཤིག་ཡིན།
  • ཚེ་རིང་རྒྱལ་པོ
    ལགས་སོ། ཞ་ལུ་ཟེར་ཡས་དེ་གང་འདྲས་ཟེར་ཐོབ་པ་རད། ཐ་སྙད་དེ།
  • སྐུ་ཞབས་ལགས
    ཞ་ལུ་ཟེར་མཁན་དེ་ཐོབ་ཡས་དེ་ལྕེ་བཙུན་ཤེས་རབ་མ་རུ། ང་ཚོ་ཞ་ལུ་ཕྱག་བཏབ་མཁན་དེ། རྒྱན་གོང་ཟེར་མཁན་མ་གི་དེ་ཕྱག་བཏབ་མཁན་དེ་ལོ་སྟོན་རྡོ་རྗེ་དབང་ཕྱུག་རེད། ལོ་སྟོན་རྡོ་རྗེ་དབང་ཕྱུག་དེ་བསྟན་པ་ཕྱི་དར་གྱི་སད་མི་བདུན་གྱི་གྲས་ནས་གཅིག་རེད། བགྲེས་བ། བགྲེས་ཤོས་དེ་རེད།
  • སྐུ་ཞབས་ལགས
    དེས་མ་གི་ཕྱག་བཏབ་དུས་ཙ་ནས་ལྕེ་བཙུན་ཤེས་རབ་འབྱུང་གནས་དེ་ལ། ཕ་གའི་ཨེ། ལྕེ་ཟེར་མཁན་དེ་དེ་དུས་ཙ་ནས་དཔོན་པོ་བྱས་ནས་ལུང་པ་དེ་ལ་ཟིང་ཡོའོ་རེད། དེ་དུས་ཙ་ནས་གྱེན་ལོག་བྱས་ནས་ལྕེ་ཕམ་ནས། དེ་ནི་ཚུར་ལོ་སྟོན་སྐུ་མདུན་ལ་ཚུར་བྲོས་བྱོལ་ལ་ཐད་ནས་འདི་རུ་རྒྱབ་བརྟེན་ཞུས་ནས།དེ་ནི་རྒྱན་དངོས་ཀྱི་མ་གའི། ཨེ་ཐུགས་འགན་བཞེས།
  • སྐུ་ཞབས་ལགས
    གཙུག་ལག་ཁང་བརྒྱབ་དེ་ཐུགས་འགན་བཞེས། མ་གི་གྲུབ་ནས་དེ་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལ་ང་རང་རང་གིས་མིང་ཡོད་པ་ཞིག་གི་དེ་ནི་དགོན་པ་ཞིག་བཏབ་ཀྱི་ཡིན་ཟེར། དེའི་རྗེས་ལ་བླ་མས་ལུང་སྟོན་གནང་དང་ཟེར་ཞུས་འདུག་ག།
  • སྐུ་ཞབས་ལགས
    དེ་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་མདའ་ཞིག་འཁྱེར་ཤོག། ངས་མདའི་ལུང་མཛད་གོ་གསུངས་ནས། མདའི་ཁོག་པའི་ནང་ལ་གསེར་བླུགས་ནས། གསེར་བླུགས་ནས་ལྕེ་བཙུན་རང་དགོངས་པ་ཁོ་ར་གང་རད་ཟེར་ན།
  • སྐུ་ཞབས་ལགས
    བླ་མ་དེ་ད་ཉེ་འདབས་ཡོད་སའི་དགོན་པ་ཞིག་བརྒྱབ་དགོས་པ། བླ་མ་དེ་མཐུ་སྟོབས་ཆེ་དེ་ཆེ་དྲག་ནས། ད་ནི་མདའ་དེ་རྒྱང་རིང་པོ་འགྲོ་གི་༼ཡི་༽དོགས་ཀྱི་གསེར་བླུགས་ནས། དེ་ནི་བཀང་དུས་ཙ་ནས། ད་དེ་རྟེན་འབྲེལ་གང་མིན་ཚད་བྱུང་ནས། ལྕེ་བཙུན་ཤེས་རབ་རྗེ་གསུངས་ནས།
  • སྐུ་ཞབས་ལགས
    མདའ་དེ་དེ་ནི་སྐྱོན་དུས་ཙ་ནས། འདི་རུ་དེ་རིང་ཁ་སང་ཞ་ལུ་འདི་རུ། ཕྱག་བཏབ་ས་འདི་རུ་དེ་དུས་ས་ཞིང་བྱས་ནས། དུས་ཚོད་དཔྱིད་ཀ་ཁེལ་ཡོད་པ། དཔྱིད་དུས་ཤིག་ལ་དེ་ནི་མ་ནས་ཡར་པད་ཀང་གི་ལོ་མ་དེ་འདྲས་ཡར་ཤར་ཡོང་དུས་ཙ་ནས་ཨ་ལོ་ཟེར་གྱི་ཡོད་པ།
  • སྐུ་ཞབས་ལགས
    ད་ལ་ཤར་དུས། དེ་འདྲས་ཤིག་ལ་མདའ་དེ་ཡར་ནས་མར་འབབ་ནས་ལོ་མ་ཞིག་ལ་ཟུག་ནས། ལོ་མ་ཞིག་ལ་ཟུག་དུས་ཙ་ནས་དེ་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་དཔལ་ཞ་ལུ་གསེར་ཁང་ཁྲ་མོ་ཟེར་བྱས་ནས་གསུངས་འདུག་ག། བཏགས་པ་གནང་ནས་མིང་།
  • སྐུ་ཞབས་ལགས
    ལྕེ་བཙུན་གྱི་འདི་བསྐྱོན། བསྐྱོན་རྒྱུའི་རྨང་གཞི་ཁོ་བཏིངས་ཚར་བ་རེད་པ་ལ། དེ་ཡི་ལུང་བསྟན་བྱས་ནས་ད་གསེར་གྱི་བཀང་པ་ན། གང་ཟེར། དཔལ་ཟེར་མཁན་དེ་མཆོད་བརྗོད་བྱས། ཞ་ལུ་ཟེར་མཁན་དེ་པད་ཀ་ཞ་ལུ་ལ་མདའ་ཞུས་པས་ཞ་ལུ།
  • སྐུ་ཞབས་ལགས
    གསེར་ཁང་ཟེར་མཁན་དེ་མདའི་སྦུབ་ལ་བླུགས་པ་དེ། གསེར་གྱི་བཀང་པའི་མདའ་ཟེར། གསེར་གྱི་བཀང་པའི་གསེར་ཁང་། ཁྲ་མོ་ཟེར་མཁན་དེ་དེ་དུས་ཙ་ནས། དེའི་རྒྱུད་ལ་རྩི་ཚང་མ་བཏང་གི་ཡོའོ་རེད།རྩི་དམར་པོ་དང་སྔོན་པོ་དང་དཀར་པོ་བྱས། དེ་རིང་ཁ་སང་ས་སྐྱར་བཏང་གི་ཡོད་པ།
  • སྐུ་ཞབས་ལགས
    དེ་ཡིན་དུས་ཙ་ནས་དཔལ་ཞ་ལུ་གསེར་ཁང་ཁྲ་མོ་ཟེར་ནས་མིང་ཐོག་ཡས་ཁོ་འདུག་བཟོ་ཡིན་ཟེར། མདའ་གསེར་གྱི་བཀང་པས་ན་གསེར་ཁང་། པད་ཀང་གི་ཞ་ལུ་ལ་མདའ་ཟུག་པས་ན་ཞ་ལུ། རྩི་ཚང་མ་བཏང་ནས་ཁྲ་མོ་ཟེར་ཡས་དཔལ་ཞ་ལུ་གསེར་ཁང་ཁྲ་མོ་ཟེར་བྱས་ནས་འདུག་བཟོ་ལ་འདུག།
  • ཚེ་རིང་རྒྱལ་པོ
    ལགས་སོ།
  • སྐུ་ཞབས་ལགས
    ད་ལྟ་དེ་མདའ་བུམ་ཟེར་བྱས་ནས། མདའ་དེ་ལ་ལམ་སེང་ཆོས་སྡེ་ཆུང་ཆུང་འདི་ག་ཙམ་ཞིག་བསྐྱོན། དེའི་སྦུབ་དེ་ལ་སྔར་གྱི་སྲོག་ཤིང་འདི་རུ་བརྩིག་དགོ་རེད། 
  • སྐུ་ཞབས་ལགས
    བྱས་ནས་ད་རིག་གནས་གསར་རྗེའི་སྐབས་ལ་གཏོར་སྐྱོན་ཕྱིན་ཡོད་པ་དེའི། ཡིན་ནའི་ཁོའི་ས་ཆ་ཁོ་རང་ནང་ད་ལྟ་མདའ་བུམ་དེ་བརྒྱབ་ཡོད་པ། འདི་ག་ཙམ་ཞིག་ཡོའོ་རེད། མཆོད་རྟེན།
  • ཚེ་རིང་རྒྱལ་པོ
    ལགས་སོ།
  • སྐུ་ཞབས་ལགས
    འོ་ད་དེ་མདའ་ཕབ་ས་དེ་ལ་རེད། དང་པོ་གཙང་ཁང་ཡ་གི། མདའ་འབབ་སའི་གཙང་ཁང་ཡའི་དང་པོ་དང་རྐྱང་ལྕེ་བཙུན་གྱི་བརྒྱབ་པ་གནང་། དེ་ནས་འདུ་ཁང་སྦུབ་ཀྱི་དེ་གས་དེ་བསྐྱོན་པ་གནང་། དེ་དུས་ཨེ། འོག་ཁང་འདི་གས་དེ་ལྕེ་བཙུན་གྱི་ཐོག་ལ་བསྐྱོན། སྟེང་ག་ཡ་གས་དེ་སྐུ་ཞང་གྲགས་པ་རྒྱལ་མཚན་གྱི་ཐོག་ལ་བསྐྱོན། འདུག་བཟོ་བྱུང་འདུག་ལ།
  • ཚེ་རིང་རྒྱལ་པོ
    ལགས་སོ། ཞ་ལུ་དགོན་པའི་དགོན་པ་དེ་དགོན་ལག་ག་ཚོད་ཡོའོ་རད། དགོན་ལག་དེ་ཚོ་ག་པར་ག་པར་ས་ཆ་ག་པར་ག་པར་ཡོའོ་རེད། དེ་སང་།
  • སྐུ་ཞབས་ལགས
    དགོན་ལག་གཅིག་རྒྱང་རྩེ་ན་རི་སྒྲེང་གྲྭ་ཚང་ཟེར་ཡན་དེ་རེད། དེ་རིང་ཁ་སང་བུ་ལུགས་བྱེད་ཀྱི་ཡོའོ་རེད། བྱེད་ཀྱི་ཡོའོ་རེད་དའི་ད་གྲྭ་པ་ཁོ་རང་བཅུ་ཙམ་ཞིག་ལས་ཡོད་ཀྱི་མ་རེད།
  • སྐུ་ཞབས་ལགས
    གཅིག་དེ་ཡིན་ན་དབང་ལྡན་སྦུབ་ན་དབང་ལྡན་ཆོས་འཁོར་གྲྭ་ཚང་ཟེར། དེ་ལ་ད་གྲྭ་པ་དྲུག་ཙམ་ཞིག་ལས་མེད་པ། དེའི་བུ་ལུགས་རེད། བུ་ལུགས་བྱེད་ཀྱི་ཡོད་པ།
  • སྐུ་ཞབས་ལགས
    གཅིག་ཡར་ན། ཁ་ཁ་ཟེར་མཁན་དེའི་སྦུབ་དེ་ན་ཡང་ཨེན་ཙ་དགོན་པ་ཟེར་མཁན་ཞིག།
  • ཚེ་རིང་རྒྱལ་པོ
    རྒྱལ་རྩེ་རེད་པས། ཁ་ཁ་ཟེར་ཡས་དེ།
  • སྐུ་ཞབས་ལགས
    རྒྱལ་རྩེའི་ཚུར་བྱང་ལ་རེད། ཁ་ཁ་ཟེར་མཁན་དེའི་སྦུབ་ན་ཡོད་པ།
  • ཚེ་རིང་རྒྱལ་པོ
    ལགས་སོ།ལགས་སོ།
  • སྐུ་ཞབས་ལགས
    ཁ་ཁ་ཟེར་མཁན་དེ་ལུང་ཚོ་དེ་རང་གི་མིང་རེད། དེའི་སྦུབ་ནས་ཨེན་ཙ་དགོན་པ་ཟེར་མཁན་དེ། དེ་ན་གྲྭ་པ་ད་བཅོ་ལྔ་ཙ་ཡོད་ངེས། དེ་ནི་མ་ན། སྨད་མ་ན་སྙེ་མོའི་སྦུབ་མ་ན་རུ་དགོན་པ་ཟེར་མཁན་དེ། དེ་ན་གྲྭ་པ་བཅུ་གཉིས་ཙམ་ཞིག་འདུག། གང་ག་རྒས་ཁོག་དང་ཧྲིལ་དེ་བསྡོམས་ན།
  • ཚེ་རིང་རྒྱལ་པོ
    སྙེ་མོ་ལ་ལོའོ།
  • སྐུ་ཞབས་ལགས
    འོང་། སྙེ་མོ་རུ་དགོན་པ་ཟེར་མཁན་དེ། དེ་རང་རེད། དེ་ལས་མི་འདུག་ད་ཉེ་འཁོར།
  • ཚེ་རིང་རྒྱལ་པོ
    ལགས་སོ།ལགས་སོ།
  • སྐུ་ཞབས་ལགས
    ད་གཙོ་ཆེ་ཤོས་ཞ་ལུ་དེ་རང་རང་། བུ་ལུགས་ཀྱི་ད་བསྟན་པ་འཛིན་མཁན་ཁོ་འདི་གས་དེ་རང་ཡིན། འདི་ལ་ཡ་ད་བུ་ལུགས་ཀྱི་མིང་ཙམ་ཞིག་རེད།
  • ཚེ་རིང་རྒྱལ་པོ
    ལགས་སོ།
  • སྐུ་ཞབས་ལགས
    ཞེ་དྲག་ཆ་ཚང་མེད་པ།འདི་ན། ང་ནི་བདག་ཚོའི་འདི་རང་ད་གོང་དུ་ཞུ་མཁན། གཞི་གསུམ་གྱི་ཆོ་ག་བཙུགས་ཡོད་པ་དང་། དེ་བཞིན་གྱི་རྒྱུད་སྡེ་ལ་ཆ་བཞག་སོང་ན། རྒྱུད་སྡེ་ལྔ་བཅུ་རྩ་གཉིས་ཡོད་པ་དེ། དེའི་དཀྱིལ་ནས་གཙོ་བོ་དེ་དཔལ་དུས་ཀྱི་འཁོར་སྐུ་གསུངས་ཚོ་ཡོངས་རྫོགས་ཀྱི་ཆོ་ག། འོ་དེ་བཙུགས་ཡོད་པ། དེའི་གཞུག་ལ་རྣལ་འབྱོར་རྒྱུད་ཀྱི་གཙོ་བོ་དེ་རྡོ་རྗེ་ཡིན་རྒྱུ་རེད།
  • སྐུ་ཞབས་ལགས
    རྣལ་འབྱོར་རྒྱུད་ལ་དཔའ་རྩེ་དབྱིངས་སུ་བྱས་ནས། དཔའ་འཇོག་བྱས། རྩེ་མོ་བྱས་རྡོ་དབྱིངས་སུ་ཡོད་པ་དེ། དེ་བྱས་ན་རྡོ་ཡིག་དེ་ད་དུང་དེའི་དཀྱིལ་ལ་ཆོག་ཁོ་ར་རྩིས་ཀྱི་རེད། བྱས་ནས་རྡོ་ཡིག་དེ་བཙུགས་ཡོད་པ།
  • སྐུ་ཞབས་ལགས
    ད་དེ་ནས་བདེ་མཆོག་གི་སྒོ་ནས་བདེ་སྒོ་བདེ་སྒོ་བསྡད་དུས་ཙ་ནས་ཡིན་ན། བདེ་སྒོ་དགུ་ཙམ་ཞིག་ཡོད་པ། ད་ཆོ་ག་མི་གཅིག་པ། དེའི་དཀྱིལ་ནས་དྲིལ་བུ་ལྷ་ཁང་དེ་བཙུགས་ཡོད་པ།
  • སྐུ་ཞབས་ལགས
    ཨེའེ། དེ་ནི་མི་གྲུབ་པ་ལྷ་བཅུ་གསུམ། མི་གྲུབ་པ་འདིའི་ནང་ལ་གཉིས་ཡོད་པ། བྱ་རྒྱུད་ཀྱི་གཅིག་ད་ལྟ། བྱ་རྒྱུད་སྦུབ་ནས་ཡོད་པ་དེ་ལྷ་དགུ་རེད། རྒྱུད་ཁོའི་བྱ་རྒྱུ་རེད། ད་བདག་ཚོའི་འདི་རྣལ་འབྱོར་རྒྱུད། རྣལ་འབྱོར་རྒྱུད་ཀྱི་འདིའི་ནང་ལ་ལྷ་བཅུ་གསུམ་ཡིན་པ། 
  • སྐུ་ཞབས་ལགས
    དེ་འདྲས་ཤིག་ལ་ཡོའོ་རེད། དེ་གཅིག་བཙུགས་ཡོའོ་རེད། དེ་རིང་གཏོང་གི་ཡོའོ་རེད། ཆོ་ག་ད་བྱང་ཆུབ་པ་ཞེ་པོ་ཡོའོ་རེད། དེ་ནི་སྨན་ལྷ་མདོ་ཕྱོགས། གཞན་ཕན་བདེ་འཇུག་ཟེར་གྱི་རེད་སྨན་ལ་བདེ་ཅན་ལ། དེ་བཙུགས་ཡོད་པ།
  • སྐུ་ཞབས་ལགས
    དེ་ནས་ན་རོ་མཁའ་སྤྱོད། ད་ལྟ་ཚལ་ལུགས་དེ་ཚོ་ལ། བཤད་ན་ལུགས་མང་པོ་ཡོའོ་རེད་པ་ཁ་ཅིག་ནང་ལ། ད་ལྟ་ཁོང་གི་བྲིས་པ་དེ་རང་རེད། མང་ཆེ་གས་༼ཡིས་༽དེ་རིང་ཁ་སང་དེ་ལ་རིན་ཆེན་གང་གི་ཡོའོ་རེད།
  • སྐུ་ཞབས་ལགས
    ཕ་གི། གང་ཟེར་རམ། དྷརྨ་བྷ་ཊའི་གསུངས་དེ། གང་ཟེར་དགོན་པ་དེའི། གཅིག་ཟེར། ང་ཚོའི་འདི་ཚལ་ལུགས་རེད།
  • ཚེ་རིང་རྒྱལ་པོ
    ལགས་སོ། ཚལ་ལུགས།
  • སྐུ་ཞབས་ལགས
    འོང་ལ།
  • ཚེ་རིང་རྒྱལ་པོ
    ལགས་སོ།ལགས་སོ། དེའི་ཞ་ལུ་དགོན་པའི་མཁན་པོ་བྱེད་དགོས་ན། ལོ་ག་ཚོད་ཙམ་འགོར་གྱི་ཡོད་ན།
  • སྐུ་ཞབས་ལགས
    ལཱ་ལགས་༼ག་རེ་༽།
  • ཚེ་རིང་རྒྱལ་པོ
    ཞ་ལུ་དགོན་པོའི་མཁན་པོ་ཐོན་ན་ལོ་ག་ཚོད་བྱས་ནས་མཁན་པོ་ཆགས་ཀྱི་ཡོའོ་རེད།
  • སྐུ་ཞབས་ལགས
    ད་སྔོན་མ་བདག་ཚོའི་ཐོག་ལ་ཡིན་ན་མཁན་པོ་དེ་ལོ་ཚོད་ཟེར་མེད་པ། ལོ་ཚོད་ཟེར་མེད་པ། རི་སྤུག་ནས་ད་ཆེན་པོ་ཟེར་བྱས་གཉིས་ཡོད་པ། རི་སྤུག་ནས་རི་སྤུག་མཁན་པོ་བྱས། ཆེན་པོ་ཟེར་ཡས་དེ་ཞ་ལུ་མཐིལ་གྱི་མཁན་པོ་བྱས། ད་གཉིས་སོ་སོ་རང་གི་ད།
  • སྐུ་ཞབས་ལགས
    སྐུ། ཨེ་་་་།སྐུ་གནས་དང་དེ་བཞིན་གྱི་སོ་སོའི་དབང་སྒོའི་ཁམས་དང་དེ་ལ་བརྟེན་ནས། ད་ལངས་ཐུབ་ཐབས་མེད་པའི་སྒོམ་གྱི་ཡོད་ན་དགོངས་པ་ཞུ་རྒྱུ་རེད། དགོངས་པ་མ་ཞུས་བར་དུ་དེ་ནས་ཡར་སྐོས་མཁན་མེད་པ།
  • སྐུ་ཞབས་ལགས
    ལགས་ལགས།
  • སྐུ་ཞབས་ལགས
    ལོ་ག་ཚོད་བྱས། མཁན་པོ་ང་ཚོའི་ལོ་རྒྱུས་ལ་བལྟས་ན། མཁན་པོ་རེ་འགའ་ལོ་གསུམ་བཅུ་གནང་བ་དེ་འདྲས་ཡོད་པ།
  • ཚེ་རིང་རྒྱལ་པོ
    ལགས་སོ།ལགས་སོ།
  • སྐུ་ཞབས་ལགས
    དེ་ནས་བཅོ་ལྔ་གནང་ཡོད་པ།ཉི་ཤུ་གནང་ཡོད་པ། དེ་འདྲས་མཁན་པོ་རིམ་པ་ནས་དེ་འདྲས་ཡོད་པ། གཙོ་བོ་ད་ང་ཚོ་གཉིས་པོ་དེ་ཡིན་ན་ལོ་རྩིས་རྩ་བ་ནས་མི་ཡོང་།
  • ཚེ་རིང་རྒྱལ་པོ
    ལགས་སོ།ལགས་སོ། མཁན་པོ་ཟེར་ཡས་དེ་སློབ་གཉེར་ག་རེ་ག་རེ་བྱེད་དགོ་༼དགོས་༽རད་ལ།
  • སྐུ་ཞབས་ལགས
    སློབ་གཉེར་ད་དེ་འདྲས་གཙོ་བོ་དེ་རང་རེད་གསང་སྔགས་ཀྱི་ཕྱོགས་ལེན་ད་ག། གཞི་གསུམ་ཆོ་ག་བྱས། གསང་སྔགས་ཕྱོགས་ལེན་དེ་རང་གནང་ཡོའོ་རེད།
  • ཚེ་རིང་རྒྱལ་པོ
    ལོ་ག་ཚོད་བྱེད་དགོས་ན།
  • སྐུ་ཞབས་ལགས
    ལཱ་ལགས།
  • ཚེ་རིང་རྒྱལ་པོ
    ལོ་ག་ཚོད་ཙ་ལས་༼ལུས་ཀྱི་༽ཡོད་ན།
  • སྐུ་ཞབས་ལགས
    ལོ་དེ་ལ་མཁན་པོ་ལ་ལོ་དུས་མེད་པ། དཔེར་ན་ལོ་བཅོ་ལྔ་གནང་སོང་ན། བཅོ་ལྔ་མཁན་པོ་དེས་ཚོགས་ལེན་གང་གོ་༼ཚང་མ་༽ཡི་འགན་འཁུར་ཐུབ་རྒྱུ་འཁུར་དགོས་ཀྱི་མ་རེད།
  • ཚེ་རིང་རྒྱལ་པོ
    ལགས་ལགས།
  • སྐུ་ཞབས་ལགས
    གཙོ་བོ་བྱེད་ཡས་ལ་དཔལ་དུས་ཀྱི་འཁོར་ལོ། དུས་འཁོར་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་འགན་བཞེས་ཡས་ད་དེ་ནི་རྡོ་ཡིག་ད་དེའི་འདི་དར་བཙུགས་བ་གནང་། ཨེ་དེ་ནི་ཚད་མ་རིགས་ཐིག། ཆོ་ག་རྒྱས་པོ་ཞེ་པོ་ཡོད་པ། ཚད་མ་རིག་ཐིགས་ཀྱི།
  • སྐུ་ཞབས་ལགས
    ཨེ། དོན་བཞག་བླ་མ། མི་གྲུབ་པ་ལྷ་བཅུ་གསུམ། དེ་གས་དེ་འགན་འཁུར་དགོས་རེད། མཁན་པོས།
  • ཚེ་རིང་རྒྱལ་པོ
    ལགས་སོ། དེ་ནི་དགེ་བསྒོས་དང་ཨེ་འདྲས་ཡོའོ་རེད་པས།
  • སྐུ་ཞབས་ལགས
    ལགས་ཡོང་རེད། དབུ་མཛད་ཚོགས་ཆེན་ལ་དབུ་མཛད་གཉིས་བྱས། དགེ་བསྐོས་གཉིས་ཡོད་པ། སྲིད་གཉིས་ཀའི་སྐབས་ལ། གྲྭ་ཚང་། གྲྭ་ཚང་བླ་མ་གྲྭ་ཚང་བཞི་བྱས། གྲྭ་ཚང་བླ་མ་བཞི་ལ་མཁན་པོ་རེ་རེ་བྱས། གྲྭ་ཚང་བླ་མ་ཟེར་གྱི་ཡོད་པ། མཁན་པོ་བཞི་བྱས་འདུག་བཟོ་ཡོའོ་རེད།
  • ཚེ་རིང་རྒྱལ་པོ
    ལགས་ལགས། ཞ་ལུ་དེའི་ཁྲི་པ་ཡའོ་རེད་པས། དགོན་པ་དེའི་མཐོ་ཤོས་དེ།
  • སྐུ་ཞབས་ལགས
    ཁྲི་པ་དེ་ད། མ་གི་གང་ཟེར་དགོས། སྐུ་ཞང་ཟེར་ཡས་མ་ལ་ང་ཚོ་ལོ་རྒྱུས་རིང་པོ་ཞེ་པོ་རེད་པ་ལ།
  • ཚེ་རིང་རྒྱལ་པོ
    ལགས་རེད།
  • སྐུ་ཞབས་ལགས
    འོ་མ་ནས་མཁན་པོ་ཞིག་ཡོད་པ། མཁན་པོ་ཟེར་གྱིས་ཁྲི་པ་གཅིག། ཨེ་ཞ་ལུ་ཁྲི་ཆེན་ཟེར་གྱི་རེད།མཚན་ཁོ་ལ། སྐུ་ཞང་ཁྲི་ཆེན།
  • ཚེ་རིང་རྒྱལ་པོ
    ལགས་སོ།
  • སྐུ་ཞབས་ལགས
    དེ་ནས་ཡང་ནུག་དེ་༼གཙང་སྐད་དེ་འདི་འདྲ་ཞེས་པའི་དོན་ལགས༽མ་ནས་ཕྱི་ཤོལ་གནང་གང་ག་ཁྲིའི་སྒང་ལ་ཕེབས་ཀྱི་རེད།
  • ཚེ་རིང་རྒྱལ་པོ
    ལགས་སོ།
  • སྐུ་ཞབས་ལགས
    དེའི་ལོ་རྒྱུས་ལ་བལྟས་བྱས་ནས། གཞན་ཡང་མཁན་པོ་གཅིག་ཐོག་གང་གི་མ་ནས་ཡར་གྲྭ་དཀྱུས་གནང་ནས། གྲྭ་དཀྱུས་ནས་ཡར་རིམ་པས་ཡར་འཛེགས་ནས། དེ་ནི་མཐའ་མ་འོ་ཡ་རུ་མཁན་པོར་སླེབས་པ་རེད།
  • ཚེ་རིང་རྒྱལ་པོ
    ལགས་ལགས། རིམ་པ་ཡར་འཛེགས་དུས་ཡིག་ཚད་བཏང་དགོ་རད། གང་འདྲས་བྱེད་དགོ་རད།
  • སྐུ་ཞབས་ལགས
    ཡིག་ཚད་བཏང་གི་མ་རེད། དེ་འདྲས་དཔེ་ཆ་ཁྲིད་ཡས་དེ་རང་། གསང་སྔགས་མཆོག་ལེན་བྱེད་ཡས་དེ་ཡར་རིམ་པས་ཐོན་གྱི་རེད་པ།
  • ཚེ་རིང་རྒྱལ་པོ
    ལགས་རེད།
  • སྐུ་ཞབས་ལགས
    དེ་ནི་ཁོ་རང་ཆོས་ལུགས་ཀྱི་ཤེས་བྱ་དེ་མཐོ་པོ་ཆགས་སོང་ན་དེ་ནི་མཁན་པོ་ལ་དེ། ད་དེ་རིང་ཁ་སང་ནས་འདེམས་ཤོག་དབྱུག་གི་ཡོད་པ། དེ་དུས་འོས་བརྒྱབ་པ་ཟེར་གྱི་རེད། འདེམས་ཤོག་དབྱུག་ནས་ཁྲི་ཕེབས་དེ་མཁན་པོ་གནང་།
  • ཚེ་རིང་རྒྱལ་པོ
    འོས་བརྒྱབ་པ་ཟེར་གྱི་རེད་པས། དེ་དུས་ཆོ་ག་ག་རེ་ག་རེ་བྱེད་ཀྱི་ཡོའོ་རད།
  • སྐུ་ཞབས་ལགས
    ལཱ།
  • ཚེ་རིང་རྒྱལ་པོ
    གཟན་རིལ་སྒྲིལ་བྱས་དབྱུག་གི་རེད་པས།
  • སྐུ་ཞབས་ལགས
    གཟན་རིལ་དེ་ཡང་ཁག་ཅིག་ཡོད་པ།
  • ཚེ་རིང་རྒྱལ་པོ
    ལས་ཟེའེ།༼ལགས་སོ་༽།
  • སྐུ་ཞབས་ལགས
    ཁག་ཅིག་དབུ་མཛད་འདེམས་ཡས་ལ་སོགས་པ། གྲྭ་ཚང་གི་སློབ་དཔོན་འདེམས་ཡས་ལ་སོགས་པ། དེ་ཚོ་ཡང་གྲྭ་ཚང་ཁོ་རང་རང་གི་བྱེད་སྒོ་དེ་གས་དེ་ཡང་གཟན་རིལ་བརྒྱབ་ཀྱི་ཡོད་པ། 
  • ཚེ་རིང་རྒྱལ་པོ
    ལགས་སོ།
  • སྐུ་ཞབས་ལགས
    ད་ལྟ་མཁན་པོ་དེ་ཚོ་ལ་གཟན་རིལ་བརྒྱབ་ཀྱི་མ་རེད། དེ་གྲྭ་དམངས་ཁོ་ར་རང་གི་འདེམས་ཤོག་དབྱུག་རྒྱུ་རེད། བཀོད་སྟངས་འདུག་བཟོ་ལ་རེད།
  • ཚེ་རིང་རྒྱལ་པོ
    ལགས་སོ། དེ་ཞ་ལུ་ཁྲི་པ་དེ་ཕ་རྒྱུད་བུ་འཛིན་རེད་པས།
  • སྐུ་ཞབས་ལགས
    ལཱ།
  • ཚེ་རིང་རྒྱལ་པོ
    ཁྲི་པ་དེ་ཕ་རྒྱུད་བུ་འཛིན་བཟོ་འདྲ་ཞིག་རེད་པས། ཕ་ཡི་རྒྱུད་བུས་འཛིན་ཞིང་།
  • སྐུ་ཞབས་ལགས
    དིའེ་སྐུ་ཞང་དེ།
  • ཚེ་རིང་རྒྱལ་པོ
    ཁྲི་པ་དེ་ཡིན་ལ།
  • སྐུ་ཞབས་ལགས
    སྐུ་ཞང་དེ།
  • ཚེ་རིང་རྒྱལ་པོ
    འོང་ལ།
  • སྐུ་ཞབས་ལགས
    སྐུ་ཞང་གི་ཁྲི་པ་དེ་ད། མ་ནས་ཡར་བུ་གཅིག་བྱུང་སོང་ན། བུ་གཅིག་མ་རུ་གདུང་པ་བྱས་ནས་རུས་ཀོག་དེ་སྤེལ་དགོ་རེད་པཱ།
  • ཚེ་རིང་རྒྱལ་པོ
    ལགས་རེད།
  • སྐུ་ཞབས་ལགས
    བུ་གཅིག་ཡར་ཞ་ལུ་ལ་ཡར་བསྐྱལ་ནས་ཁྲི་པ་བྱས་ནས། སྐུ་ཞང་ཁྲི་ཆེན་ཟེར།
  • ཚེ་རིང་རྒྱལ་པོ
    ཨ་ལས།
  • སྐུ་ཞབས་ལགས
    འདུག་བཟོ་གཅིག་བྱས་པས། དེ་ཡང་ཡོན་ཏན་སོ་སོ་རང་གི་དངོས་སུ་སྦྱངས་དགོས་རེད་མ་གཏོགས་པས། དང་པོ་གྲྭ་པ་འཛུལ་དུས་ཙ་ནས་ཡོན་ཏན་ཆེ་བ་གའི་མེད་པ། ཁོ་ལོ་རྒྱུས་ལ་བལྟས་བྱས་ནས་ལམ་སེང་ཡར་བཀད་བཀོད་རྒྱུན་འཛིན་བྱེད་སྟངས་ཁོ་བྱས་ནས། ཁྲི་ལ་བསྐྱལ་གྱི་ཡོའོ་རེད།
  • ཚེ་རིང་རྒྱལ་པོ
    ཨ་ལས་ལས།
  • སྐུ་ཞབས་ལགས
    ཞ་ལུ་དགོན་པ་དེའི་དང་པོ་ཕྱག་བཏབ་ཡས་དེ་ལྕེ་བཙུན་ཤེས་རབ་འབྱུང་གནས་རེད་པ། ལྕེ་བཙུན་ཤེས་རབ་འབྱུང་གནས་རུས་ཀོག་དེའི་སྐུ་ཞང་རེད། སྐུ་ཞང་གི་རུས་རྒྱུད་ཁོ་རང་རེད་ད་དེ་བར། ད་དེའི་ནང་ནས་སྐུ་ཞང་གྲགས་པ་རྒྱལ་མཚན་དེའི་རེད་པ། དེ་བཞིན་གྱི་སྐུ་ཞང་གི་ད་ལྕེའི་གདུང་རབས་བཞེངས་པ་ལ་བལྟས་ན། སྐུ་ཞང་གི་ཡར་ནས་མར་རིམ་པ་མང་པོ་ཞིག་ཞ་ལུའི་སྦུབ་ལ་བྱས་རྗེས་ཡོད་པ། 
  • སྐུ་ཞབས་ལགས
    དེ་ཡོད་དུས་ཙ་ནས། སྐུ་ཞང་ཁྲི་པ་ཡོང་དགོས་ཡས་རྒྱུ་མཚན་ཁོ་དེ་ལ་རེད། ཁོ་ར་རང་ལ་བཀོད་སྐལ་གྱོན་ག་ཞིག་ཡོའོ་རེད། ཞོག་མི་བདུན་ཟེར་བྱས་ནས་སྐུ་ཞང་གི་ཁྲི་པ་ལ་གྲྭ་པ་བདུན་ཙ་ཞིག་བཀོད་སྐལ་འགྲོ་ཡི་ཡོད་པ།
  • ཚེ་རིང་རྒྱལ་པོ
    ལགས་སོ།ལགས་སོ།
  • སྐུ་ཞབས་ལགས
    ཁོ་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ། སྐབས་དེ་ལ།
  • ཚེ་རིང་རྒྱལ་པོ
    རེད།རེད།རེད།རེད། རེད།རེད། དེའི་དགོན་པའི་རྟེན་གཙོ་བོ་ག་རེ་རད་ལ། རྟེན་གཙོ།
  • སྐུ་ཞབས་ལགས
    རྟེན་གྱི་གཙོ་རྡོ་སྐུ་རང་བྱོན་ཞིག་ཡོད་པ། རྡོའི་སྐུ་ཆུང་ཆུང་འདི་ག་ཙམ་ཞིག་ཡོད་པ། དེའི་སྐུ་མདུན་དེ་རྡོ་དཀར་པོ་ལ་སྤྱན་རས་གཟིགས་ཁ་སརྤ་ཎི་རང་བྱོན། སྐུ་བརྒྱབ་ལ་རྡོ་ནག་པོ་ལ་ཡིད་དམ་རྡོ་རྗེ་འཇིགས་བྱེད་ཀྱི་རང་བྱོན། རང་བྱོན་ཡོད་པ་དེ་འདྲས་ཤིག་རེད།
  • སྐུ་ཞབས་ལགས
    དེ་དང་པོ་མ་གི་ལ་ཡོད་པ། གཙང་ཁང་བྱེ་མའི་ལྷ་ཁང་། གཙང་ཁང་བྱེ་མའི་ལྷ་ཁང་བྱས། བདག་ཚོ་འདི་རུ་མཁན་པོ་མཁན་ཐོག་གསུམ་པའི་ཐོག་ལ་དེ་ནི་ཡར་གདན་འདྲེན་ཞུས་པ།
  • ཚེ་རིང་རྒྱལ་པོ
    ལགས་སོ།
  • སྐུ་ཞབས་ལགས
    གཡུ་ཐོག་སྒྲ་གསེར་བཟང་ཟེར་ཡན་ཞིག་བྱུང་ནས། དེ་ཡང་ཕ་རྒན་པོ། རུས་ཀོག་གང་ག་ལྕེའི་རུས་ཁོག་རྐྱང་ལ་རེད། ད་ལྟ་སྐུ་ཞང་རུས་ཁོག་ནས། ལྕེ་བཙུན་ཤེས་རབ་འབྱུང་གནས་རེད། མཁན་པོ་གཉིས་པོ་ལྕེ་བཙུན་ཤེས་རབ་ཡེ་ཤེས་རེད། དེ་ནི་ཨེ། གཡུ་ཐོག་སྒྲ་གསེར་བཟང་གསུམ་པ་གསུངས།
  • སྐུ་ཞབས་ལགས
    གཡུ་ཐོག་སྒྲ་གསེར་བཟང་ཐོག་ལ་དེ་ནི་ཞ་ལུའི་རྡོ་སྐུ་རང་བྱོན་དེ་མར། ཡར་གདན་འདྲེན་ཞུས་མར་སྐུ་ཚབ་བཞུགས་ས་ལ། གསེར་སྤྱོད་ཀྱི་འབུམ་ཆ་ཚང་ཞིག་བླུགས་ཡོད་པ། རྒྱས་འབྲིང་བསྡུས་གསུམ་པུ་ཏི་བཅུ་དྲུག་ཡོད་པ། འབུམ་རྒྱས་པ་དེ་ལ། པུ་ཏི་བཅུ་དྲུག་དེ་མར་བསྐུར། གསེར་ཀྱི་ཡི་གེ་ཡིན་པ། དེ་ནི་ཡར་རྡོ་སྐུ་རང་བྱོན་དེ་གདན་འདྲེན་ཞུ་ཐུབ་པ།
  • ཚེ་རིང་རྒྱལ་པོ
    ཨ་ལས། ལགས་སོ།ལགས་སོ།་་་ དེ་མིན་པ་བསྟན་ཡས་ག་རེ་ཡོའོ་རད། གཙོ་བོ་དེ།
  • སྐུ་ཞབས་ལགས
    དེ་ནས་དེའི་སྐུ་རྒྱབ་དེ་ན། ཇོ་བོ་རྒྱ་གར་བཞུགས་ནས་རྗེ་བཙུན་ཤེས་རབ་འབྱུང་གནས་ཞ་ལུ་དགོན་པ་ཕྱག་བཏབ་ཚར་ནས་རྒྱ་གར་ལ་ཕེབས་ནས། དགེ་སློང་གི་སྡོམ་པ་དེ་རྒྱ་གར་ནས་བཞེས་བ། རྒྱ་གར་ནས་བཞེས་ནས། རྒྱ་གར་གྱི་ཡར་ན་སྐུ་བརྙན་དེ་བཞིན་གཤེགས་པ་དགུང་ལོ་བརྒྱད་པའི་ཚད་ཅིག། ་བདག་ལོང་ང་ཙམ་ཞིག་ཡོའོ་རེད།
  • སྐུ་ཞབས་ལགས
    བྱས་ནས་དེ་དེ་རེད།སྐུ་རྒྱུ་དེ་རྒྱ་གར་ཤ་ལི་རེད། ཨེ་རྟེན་གཙོ་དེ་རྒྱ་གར་རྡོ་རྗེ་གདན་གཙུག་ལག་ཁང་རྟེན་གཙོའི་གྲས་ནས། རྗེ་བཙུན་ཤེས་རབ་འབྱུང་གནས་གཞན་དང་མི་འདྲ་སོང་ཙང་གདན་འདྲེན་ཞུ་ཐུབ་པ་རེད། བྱས་ནས་ཡ་གི་རྡོ་སྐུ་རང་བྱོན་ཕེབས་ཕེབས་ཡ་གིས་རྟེན་གཙོ་གནང་།
  • སྐུ་ཞབས་ལགས
    དེ་ནི་རྡོ་སྐུ་རང་བྱོན་མཁན་ཐོག་གསུམ་པའི་ཐོག་ལ་ཕེབས་ནས། ད་ཁོ་གཉིས་ཞ་ལུའི་རྟེན་གཙོ་རེད། རྡོ་སྐུ་རང་བྱོན་དེས་གསུངས་བྱོན་པ། ད་ང་ཚོ་གསུང་བྱོན་པ་ཟེར་ན། རེ་འགས་ཁས་ལེན་གྱི་མ་རེད་མ་གཏོགས། གསུང་བྱོན་ཡས་དེ་གང་རེད་ཟེར་ན། ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱི་བླ་མ་དེ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རེད།
  • སྐུ་ཞབས་ལགས
    སྐུ་དེ་སྤྱན་རས་གཟིགས་ཀྱི་སྐུ་རེད་པ། དེ་ནི་ཞ་ལུའི་ཡོངས་རྫོགས་དེ་རང་སྤྱན་རས་གཟིགས་ཀྱི་བཀོད་པ་བྱས་ནས་རྦད་དེ་ཚང་ཡོད་པ། ལྷོའི་རི་ཡ་གི་གཙུག་ཏོར་ཡ་གའི་གཟིགས་དང་། ཐུབ་འོག་དེ་ན་ཞ་ལུ་དགོན་པ་ཆགས་ཡོད་པ། ལྟེ་བ་ན་རྒྱན་གོང་ཆགས་ཡོད་པ། ཞ་ལུའི་གཤམ་གྱི་ཚོང་འདུས་ཀྱི་མྱང་ཆུ་མ་གི་པདྨ་མའི་དེ་ཡིན་ཟེར། ཨེའེ་ཆུ་རི།
  • སྐུ་ཞབས་ལགས
    ཤར་གྱི་ཡར་ན་ཆུ་ཞིག་ཡོད་པ། ཕ་གི་ཕྱག་གཡས་པའི་ཆུ་རྒྱུན་ཡིན་ཟེར་གྱི་ཡོད་པ། གཡོན་གྱི་མེ་ཏོག་དེ་སྤྱན་རས་གཟིགས་ཁ་སརྤ་ཎི་དེའི་དེ་ལ་རེད། གང་ཟེར། མེ་ཏོག་དེ་ཞ་ལུ་ཡན་གི་རེད་རི་སྦུབ་ཡ་གི། ཡ་གི་སྤྱན་རས་གཟིགས་ཀྱི་མེ་ཏོག་གི་ཞལ་ཀ་ཁོ་ཡ་གི་ཡིན་ཟེར། རི་སྦུབ་དགོན་པ་ཡ་གི།
  • སྐུ་ཞབས་ལགས
    ཡོངས་འདི་ག་རང་ལ་སྤྱན་རས་གཟིགས་བཀོད་པ་དེ་རུ་ཚང་ཡོད་ས་ཆ་དེ་རང་རང་ལ། ད་ལྟ་མྱང་ཆོས་འབྱུང་ལ་གཟིགས་ནའི་ཞ་ལུའི་ས་ཡི་བཀོད་པ་འདུག། རིའི་ལྡེབས་ལ་གང་ག་ལོགས་ད་ཕུན་སུམ་ཚོགས་པོ་ཞེ་པོ་གསུངས་ཡོད་པ། མྱང་ཆོས་འབྱུང་སྦུབ་ལ།
  • སྐུ་ཞབས་ལགས
    ལགས་སོ།ལགས་སོ།
  • སྐུ་ཞབས་ལགས
    བདག་ཚོའི་འདི་ན་དེ་ཞིག་ཡོའོ་རེད། གནས་ཡིག་མདོར་བསྡུས་ཤིག། དེའི་སྦུབ་ལ་༼ནང་ལ་༽དེ་ཚོ་གསལ་ཡོད་པ། འདུག་བཟོ་བྱས་ནས་ད་སྤྱན་རས་གཟིགས་ཀྱི་སྤྲུལ་པ། བླ་མ་དེའི་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པ། སྐུ་དང་པོ་དེའི་སྤྱན་རས་གཟིགས་ཀྱི་ཡིན་པ། སྤྱན་རས་གཟིགས་ད་དུང་འདིའི་སྔོན་ལ་སྨན་ཐང་ལས་བཞེངས་པ་སྐུ་བརྙན་འདི་ག་ཙམ་ཞིག་ཡོད་པ། ད་དེ་མེད་པར་ཕྱིན་སོང་མ་གཏོགས། དེས་གསུང་བྱོན་པ་རེད།
  • སྐུ་ཞབས་ལགས
    སྤྱན་རས་གཟིགས་ཀྱིས། དེ་ལ་ལྕེ་བཙུན་ཤེས་རབ་འབྱུང་གནས་ལ། ཨེ་རྒྱ་གར་འཕགས་པའི་ཡུལ་ནས། དེ་བཞིན་གཤེགས་པ་དགུང་ལོ་བརྒྱད་པའི་ཚད་སྤྱན་རས་གཟིགས་ཁ་སརྤ་ཎི་ཁྱད་དུ་འཕགས་པ་འདུག། གདན་འདྲེན་ཞུས་ཤོག་གསུངས་ནས། དེ་ནི་ལྕེ་བཙུན་ཤེས་རབ་འབྱུང་གནས་རྒྱ་གར་ལ་ཕེབས་ནས། འདི་རུ་མཁན་པོ་མཁན་ཚབ་བཞག།
  • སྐུ་ཞབས་ལགས
    རྒྱ་གར་ལ་ཕེབས་ནས་སྐུ་བརྙན་ཚུར་གདན་འདྲེན་ཞུས། ཕ་རུ་སྡོམ་པ་བསྐྱར་ནས་བཞེས། སྡོམ་པ་བསྐྱར་ནས་བཞེས་ནས་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱི་ཆེ་བ་བཞི་གསུངས་ཡོད་པ། ཚུར་ཕེབས་ནས། ཆེ་བ་བཞི་པོ་དེ་གང་རེད་ཟེར་ན། ང་ལྕེ། རིགས་རུས་ལྕེ་ཡིན་པས་ཆེ།ཟེར། ལྕེ་བཙུན་ཟེར་མཁན་དེ་རུས་ཁོག་མཐོ་པོ་ཞེ་པོ་རེད།
  • སྐུ་ཞབས་ལགས
    ང་རུས་ལྕེ་ཡིན་པས་ཆེ། སྡོམ་པ་རྒྱ་གར་ཡིན་པས་ཆེ། གསུངས་ནས་རྒྱ་གར་ལ་སྡོམ་པ་བཞེས་པ་དགེ་ལོངས་ཀྱི། སྡོམ་པ་རྒྱ་གར་ཡིན་པས་ཆེ༎ མངའ་འབངས་ལ་ཡུལ་གྲུ་ཆེན་པོ་ཀ་བ་བཞི་ཡོད་པས་ཆེ། ཡོན་བདག་བཙད་པོ་ཡིན་པས་ཆེ། སྐབས་དེ་ལ་སྤྱིན་བདག་བལ་པོའི་རྒྱལ་པོས་བྱས་པ།
  • སྐུ་ཞབས་ལགས
    འོ་དེའི་དུས་ཀྱི་སྤྱིན་བདག་དེ། བཙད་པོ་ཟེར་ན་རྒྱལ་པོ་ཟེར་གྱི་རེད་པ། ཆེས་ཆེད་ཆེ་བ་བཞི་གསུངས་ཡོད་པ། ད་སྡོམ་པའི་སྐབས་དེ་གསུངས་དགོས་བྱུང་ན། ཁོང་ཚོས་དེ་གནང་གི་ཡོད་བསྟན་མེད་འགྲོ། སྡོམ་པ་དེ་སྐབས་དེའི་སྡོམ་པ་དེ་གང་པོ་༼ཚང་མ་ཞེས་པའི་དོན་༽་སྨད་ནས་བླ་ཆེན་དགོང་པ་རབ་གསལ་གྱི། འདི་རུ་སྡོམ་པ་བརྟེན་ནས། དགེ་སློང་ཀྱི་སྡོམ་རྒྱུད་དེ་བླ་ཆེན་དགོངས་པ་རབ་གསལ་ཟེར་མཁན་ཞིག་ཡོའོ་རེད། དེའི་སྡོམ་རྒྱུད་རྐྱང་རེད།
  • སྐུ་ཞབས་ལགས
    ད་དེའི་སྦུབ་དེ་ལ་སྡོམ་པ་སྟེར་དུས་ཙ་ནས་བཞི་ཆ་གཅིག་དགོས་པ་དེ། གཅིག་མ་ཚང་ན་ཧ་ཤང་དགེ་སློང་ཞིག་བཙུགས་པ་གནས་སུ། ཧ་ཞང་དགེ་སློང་ཟེར་མཁན་དེ་རྒྱ་ནག་གི་དགེ་སློང་རེད། དེ་བཙུགས་དུས་ཙ་ནས་ལྟ་བ་དེ་ལ་ཏིག་ཙམ་ཁྱད་ཡོད་པ། ལྟ་བ་དེ་ལ་སྐྱོན་ཡོད་དུས་ཙ་ནས་དེ་ནི། དགེ་སློང་གི་ཆ་ཁོ་ཚང་པོ་མ་བྱུང་བ་རྐྱེན་བྱས་ནས། གང་ཟེར་མ་གི།
  • སྐུ་ཞབས་ལགས
    བླ་ཆེན་དགོང་པ་རབ་གསལ་གྱི་མདོ་སྨད་ཀྱི་སྡོམ་རྒྱུད་དེ་ལ་སྐྱོན་འདུག་ཟེར། འདི་རུ་སྐད་ཆ་མང་པོ་ཞིག་བྱུང་ནས། དབུས་གཙང་རུ་དགོན་པ་མང་པོ་ཞིག་བཙུགས་ཚར་པའི་གཞུ་གུའུ།༼རྗེས་ལ་ཞེས་པའི་དོན་༽ དེ་ནི་རྗེ་བཙུན་ཤེས་རེབ་འབྱུང་གནས་རྒྱ་གར་ལ་སྐུ་དེ་གདན་འདྲེན་ཞུ་བར་ཕེབས་ནས།
  • སྐུ་ཞབས་ལགས
    ཕ་རུ་ཨ་བྷྱ་ཀ་ར་ལ་སྡོམ་པ་ཞུས་ནས། ཨ་བྷྱ་ཀ་ར་ཟེར་ན་དེ་རེད་མཁན་པོ་གནང་ནས། དེ་ནས་སྡོམ་པ་ཞུས་ནས་ཚུར་ཕེབས་ནས་ལྕེ་བཙུན་ཤེས་རབ་འབྱུང་གནས་མ་གཏོགས་པས། རྒྱ་གར་ནས་སྡོམ་པ་བཞེས་པ་སྐབས་དེ་ལ་དབུས་གཙང་གཉིས་ཀ་ནས་མེད་པ། དེས་ན་ཆེ་བ་བཞི་གསུངས་ཡས་དེ་འདི་རེད།
  • སྐུ་ཞབས་ལགས
    སྡོམ་པ་དེ་ཧ་ཅང་གི་ད། དེའི་སྦུབ་ནས་བཤད་པ་ཡིན་ན། འདུལ་བའི་སྦུབ་ནས་བཤད་པ་ཡིན་ན། སྡོམ་པ་དེ་ཧ་ཅང་གི་རྩ་ཆེན་པོ་རེད་ཟེར། དེའི་ཕྱིར། ང་སྡོམ་པ་རྒྱ་གར་ཡིན་པས་ཆེ། རིགས་རུ་ལྕེ་ཡིན་པས་ཆེ། མངའ་འབངས་ལ་ཡུལ་གྲུ་ཆེན་པོ་ཀ་བ་ཆེན་པོ་བཞི་ཡོད་པས་ཆེ། སྤྱིན་བདག་བཙད་པོ་ཡིན་པས་ཆེ།གསུང་དུས་ཁོང་གི་ཆེ་བ་བཞི་གསུངས་ཡོད་པ།
  • སྐུ་ཞབས་ལགས
    རྒྱ་གར་ནས་ཕེབས། དེ་ནི་རྗེས་མ་རྒྱན་གོང་ཟེར་མཁན་མ་རུ། ཕ་ནས་རྒྱ་གར་ནས་དེ་ཕེབས་པ་རེད། གང་ཟེར། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་ཞུ་མཁན་དེ། རྒྱ་གར་གྱི་པཎ་གྲུབ་མཁས་པ་གང་མིན་ཚད་ཅིག་ཡོད་པ། དེ་ཕེབས་ནས། རྒྱན་གོང་ལ་ཕེབས་ནས། རྒྱན་གོང་མ་ན་རྡོ་གཞོང་ཆེན་མོ་ཞིག་ཡོད་པ། འོང་སྐབས་དེ་ལ་སྡོམ་པ་ཞུ་མཁན་བྱས་དེ་གྲས་མང་པོ་ཞེ་པོ་བྱུང་ནས། པན་ཆེན་གདུང་རྒྱུད་གཅིག་ལ་དར་པ་རེད།དེ་འདྲས། 
  • སྐུ་ཞབས་ལགས
    འོང་པན་ཆེན་སྡོམ་རྒྱུད་དར་དུས་ཙ་ནས་དེ་ནི་མ་རུ། དེ་གང་ཟེར་དེའི། ཕ་གི་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་དེ། སྡོམ་པ་ཞུ་ས་མ་རུ་རེད། རྡོ་གཞོང་མ་ལ་གཟིགས་དུས་ཙ་ནས། འཁྲུས་བརྒྱབ་ནས་གཟིགས་དུས་ཙ་ནས། ཁོང་ལ་སངས་རྒྱས་སུམ་ཅུ་སོ་ལྔའི་ཞལ་གཟིགས་ནས། དེ་ནི་ལམ་སེང་དབུ་སྐྲ་བསིལ་ནས། བྱིན་རླབས་ཆེད་དུ་མ་གི་བཞག་ཡོད་པ།
  • སྐུ་ཞབས་ལགས
    བྱས་ནས་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་མ་རུ་བསྙེན་རྫོགས་བཞེས་ནས། གནང་མཁན་དེ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་རེད། དེ་ནས་བཟུང་སྟེ་པན་ཆེན་སྡོམ་རྒྱུད་ཟེར་བྱས་ནས། དབུས་གཙང་ཉེ་ལ་ཆགས་གནས། དེང་སང་པན་ཆེན་གདུང་རྒྱུད་རེད། དེ་རྒྱ་གར་འཁྲུལ་མེད་རེད།
  • སྐུ་ཞབས་ལགས
    གཞན་བར་སྐབས་ཤིག་ལ་མ་ནས་ཡར་དར་དུས་ཙ་ནས་དང་པོ་དེ། དེ་ལ་སྡོམ་པ་དེ་དག་པོ་མེད་ཟེར་གྱི་ཡོད་པ། མི་བཞི་ཙམ་ཞིག་དགོས་ཀྱི་ཡོད་པ་དའི། གསུམ་ལའི་མེད་པ་བྱས་གཅིག་ཧ་ཤང་དགེ་སློང་བཙུགས། ཧ་ཤང་དགེ་སློང་དེའི་ལྟ་བ་དེ་ལ། ད་ནང་པའི་ལྟ་བ་དང་མི་མཐུན་པ་ཞིག་ཡོད་ཟེར།སྐབས་དེ་ལ།
  • སྐུ་ཞབས་ལགས
    འོ་དེ་དུས་བྱ་ལ་༼གཙང་སྐད་དེ་སྐད་ཆ་ཞེས་པའི་དོན་༽མང་པོ་བྱུང་ནས། དེ་ནི་པན་ཆེན་གྱི་ཁ་ཆེ་པན་ཆེན་གྱི་སྡོམ་རྒྱུད་དེ་དང་། དེ་འདྲ་ཞིག་དབྱེ་འདོད་ན་དབུས་གཙང་གི་དགེ་བཤེས་གང་པོ་གི་༼ཡི་༽མཐུན་སྒྲུབ་གན་རྒྱ་བཞག་ཡོད་པ་སྐབས་དེ་ལ། མཐུན་སྒྲུབ་གན་རྒྱ་བཞག་ནས་དགེ་བཤེས་གང་པོ་༼ཚང་མ་༽ཡི་མོས་མཐུན་བྱས།
  • སྐུ་ཞབས་ལགས
    ད་དེ་ལ་སུས་དེ་ནི་མི་སྙན་པ་འགྲིག་མིན་ཙམ་བཤད་ཆོག་མི་ཡོང་ཟེར། མཁས་པ་དེ་གས་ཀྱིས། བྱས་ནས་ད་པན་ཆེན་སྡོམ་རྒྱུད་སྐད་གྲགས་ཡོད་པ་དེ། དེ་ནི་དེ་ནས་ཆགས་པ་རེད། དེའི་སྔོན་ལ་ཞ་ལུ་རང་ཨང་དང་པོ་རེད། ཨ་བྷཡ་ཀ་རས་གནང་སྟེ། ཆེ་བ་བཞི་གསུངས་དུས་ཙ་ནས་དེ་ནི་རྒྱ་གར་ནས། སྡོམ་པ་རྒྱ་གར་རེད། དེ་འདྲས་ཤིག་ལས་མེད།
  • ཚེ་རིང་རྒྱལ་པོ
    ལགས་སོ།ལགས་སོ། ལགས་སོ། དེ་ནི་དེ་ག་རེ་ཟག་༼ཟེར་༽ཞ་ལུའི་ལྡེབས་རིས་དེ་དཀྱིལ་འཁོར་ལྡེབས་རིས་ཡོད་པ།
  • སྐུ་ཞབས་ལགས
    ལཱ།
  • ཚེ་རིང་རྒྱལ་པོ
    དཀྱིལ་འཁོར་ཡོད་པ།ལྡེབས་རིས།
  • སྐུ་ཞབས་ལགས
    འོང་རེད། ལྡེབས་རིས།
  • ཚེ་རིང་རྒྱལ་པོ
    དེའི་གཞུང་གཙོ་བོ་དེ་ག་རེ་རད་ལ།
  • སྐུ་ཞབས་ལགས
    ཨེ། སྐུའི་གཙོ་བོ་དེ་རྩེ་མོ་རིག་བསྡུས་རེད། རྣལ་འབྱོར་རྒྱུད་ཀྱི་གཙོ་བོ་དཔལ་རྩེ་དབྱིངས་གསུམ་ཟེར་གྱི་རེད། རྩེ་མོ་བྱས། དཔལ་འཇོག་བྱས། རྡོ་དབྱིངས་དེའི་དཀྱིལ་ནས་གཙོ་བོ་དེ། དེ་ལ་རེད། རྩེ་མོ་ནུབ་གི་ད་ལྟ་དངུལ་གྱི་ཆོས་རྟེན་ཡོད་པ། ཡོད་ས་ཞིག་འདུག་ག་ལ། དེའི་གཙོ་བོ་དེ་དེ་རེད། གང་ཟེར་ རྡོ་དབྱིངས། རྡོ་རྗེ་དབྱིངས་རེད། དེའི་གཙོ་བོ་དེ། 
  • ཚེ་རིང་རྒྱལ་པོ
    ལགས་སོ།
  • སྐུ་ཞབས་ལགས
    ལྷ་ཁང་བཞི་ག་ད་རྣལ་འབྱོར་རྒྱུད་ཀྱང་རེད། ཤར་དེ་དེ་རེད། འཇམ་དཔལ་ཆོས་དབྱིངས་སོང་བ། ཆོས་དབྱིངས་སོང་བ་གཙོ་བོ་དེ། བྱང་དེ་ཞ་ཆང་ཟེར་མཁན་དེ་གཙོ་བོ་དེ་དེ་རེད། སྤུན་རིགས་རྣམ་པ་སྣང་མཛད། དེ་གཅིག་ད་རྒྱལ་མོ་རྣལ་འབྱོར་རྐྱང་ལ་རེད། ད་བུ་སྟོན་ཐམས་ཅད་མཁྱེན་པ་ཆེན་པོའི་རྒྱུད་སྡེ་ཞིག་གསུངས་བ་ལ། བཞི་ག་གསུངས་ཡོད་རེད་དའི། དེའི་དཀྱིལ་ནས་རྣལ་འབྱོར་རྒྱུད་དེ་མང་ཆེ་བ་ཡོད་པ།
  • ཚེ་རིང་རྒྱལ་པོ
    ལགས་སོ།ལགས་སོ། རེད།རེད། ལགས་སོ།
  • སྐུ་ཞབས་ལགས
    དེ་གས་ནི་་་་བུ་སྟོན་རིན་ཆེན་གྲུབ་ཀྱི་གནང་པ།
  • ཚེ་རིང་རྒྱལ་པོ
    ལགས་སོ།ལགས་སོ།
  • སྐུ་ཞབས་ལགས
    དཀྱིལ་འཁོར་དེ་གས་དེ།
  • ཚེ་རིང་རྒྱལ་པོ
    ལགས་སོ།ལགས་སོ། དེ་ནས་དེའི་བཀའ་འགྱུར་བསྟན་འགྱུར་ཞིག་ཡོའོ་རེད་པཱ། བུ་སྟོན་རིན་ཆེན།
  • སྐུ་ཞབས་ལགས
    ལཱ།
  • ཚེ་རིང་རྒྱལ་པོ
    བཀའ་བསྟན། བཀའ་འགྱུར་དང་བསྟན་འགྱུར། བུ་སྟོན་རིན་ཆེན་དོན་གྲུབ་སྐབས་ཀྱི་བཞངས་ཀྱོག།
  • སྐུ་ཞབས་ལགས
    ད་དེ་བར་བཞུགས་མེད་པ། གཞི་ཡང་བཀའ་འགྱུར་ལ་གཞུ་དག་གནང་ཡོའོ་རེད། བསྟན་འགྱུར་ལ་ཞུ་དག་གནང་ཡོའོ་རེད། བུ་སྟོན་གྱི། ད་དེ་བར་བཞུགས་མེད་པ་མ་གཏོགས། གཞི་ཡོའོ་རེད། ད་ལྟ་སྔ་མ་བྱས་ནས་དངུལ་གདུང་ཟེར་མཁན་ཡར་ན་ཡོད་པ།
  • ཚེ་རིང་རྒྱལ་པོ
    དངུལ་གདུང་གི་སྒང་ལ།
  • སྐུ་ཞབས་ལགས
    ལགས་འོང་། ཆོས། སྐུ་ཆོས་དང་། གཞུ་དག་གནང་། ཁོང་རང་གི་ད་བཀའ་རྩོམ་དེ་གསུངས་འབུམ་པུ་ཏི་དེ་ཡོད་བཟོ་རེད། ཉི་ཤུ་རྩ་དྲུག། དེ་ད་ལྟ་ལྷོའི་ཞ་ལུ་ཟེར་མཁན་ཡའི། ད་ལྟ་བུ་སྟོན་གྱི་སྣང་བརྙན་ཞིག་ཡོའོ་རེད། དེའི་གཡས་གཡོན་གཉིས་ལ་བྲིས་ཡོད་པ།
  • ཚེ་རིང་རྒྱལ་པོ
    ལགས་སོ།
  • སྐུ་ཞབས་ལགས
    ཡ་གི་བུ་སྟོན་ཐམས་ཅད་མཁྱེན་པ་ཆེན་པོའི་གསུངས་འབུམ་རེད། པུ་ཏི་ཉི་ཤུ་རྩ་དྲུག་དང་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་ཞུ་མཁན་ཞིག་གསུངས་འབུམ་གཉིས་བྱས། ཉི་ཤུ་རྩ་བརྒྱད་ཡོད་པ་ལ།
  • ཚེ་རིང་རྒྱལ་པོ
    ལགས་སོ།ལགས་སོ།
  • སྐུ་ཞབས་ལགས
    ད་ཐུགས་སྲས་ལོ་ཙཱ་བ་ཟེར་མཁན་དེའི་བུ་སྟོན་རིན་ཆེན་གྲུབ་ཟེར་ནའི་རེད། ཁོང་གཉིས་དགོངས་པ་གཅིག་མཐུན་རེད་པ།
  • ཚེ་རིང་རྒྱལ་པོ
    ལགས་རེད།
  • སྐུ་ཞབས་ལགས
    མཁས་པ་གང་མིན་ཚད། རྗེ་རིན་པོ་ཆེ་དང་མཉམ་དུ་ཡོད་པ་དེ་འདྲས་ཤིག་རེད།
  • ཚེ་རིང་རྒྱལ་པོ
    ལགས་རེད། རེད།རེད།
  • སྐུ་ཞབས་ལགས
    ད་ལྟའི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་ཟེར་མཁན་རྒྱན་གོང་ལ་ཕེབས་མཁན་དེའི་སྡོམ་པ། སྡོམ་པ་ཞེ་པོ་ཞིག་གནང་ཡོད་པ།ཟེར། ངས་བླ་མ་དེ། དེའི་བུ་སྟོན་ཐམས་ཅད་མཁྱེན་པ་ཆེན་པོ་སྐུ་གོང་མའི་གྲས་རེད།
  • ཚེ་རིང་རྒྱལ་པོ
    ལགས་སོ།
  • སྐུ་ཞབས་ལགས
    ཕྱོགས་དྲུག་མཇལ་ཀ་ཕེབས་ནས། སྐྱེས་རབ་འདྲེན་དགོས་བྱུང་ན། དེ་ནི་དེའི་སྐབས་ལ་ཨེའེ་ཐུགས་སྲས་ལོ་ཙཱ་བ་ཡོད་པ། པན་གྲུབ་དྷ་ན་ཤྲི་ཟེར། གང་ཟེར། ཁ་ཆེ་པན་ཆེན་ཤཱཀྱ་ཤྲི་ཡི་སྐུ་ཐོག་ལ། ཐུགས་སྲས་ལོ་ཙཱ་བའི་ཆེ་བ་ཁོ་ལ་པན་དྲུག་དྷ་ན་ཤྲི་ཟེར།
  • ཚེ་རིང་རྒྱལ་པོ
    ཨཱ་ལས། ལས་ཟེའེ་ལས་ཟེའེ་༼ལགས་སོ་ལགས་སོ་༽།
  • སྐུ་ཞབས་ལགས
    བྱས་ཙང་ཁོང་རྣམ་གཉིས་མཉམ་དུ་ཚེ་རབས། སྐྱེས་རབ་མང་པོ་གནས་ཡོད་པ། དེའི་རྗེས་ཀྱི་ད་ལྟ་བདག་གི་གདེང་འཇོག་ཆེ་པོ་གནང་མཁན་གསུམ་དེ། དེ་རེད་ཟེར། ཐུགས་སྲས་ལོ་ཙཱ་བ་གསུམ་རེད་དའི། བུ་སྟོན་གསུང་དང་ཁྱད་པར་མེད་པ།ཞུ་ཡས་དེ། ཁོ་ཚོའི་གཅིག་པ་གཅིག་རྐྱང་རེད། འདུག་བཟོ་ལ་རེད།
  • ཚེ་རིང་རྒྱལ་པོ
    ལགས་སོ་ལགས་སོ། དེ་བུ་སྟོན། བུ་སྟོན་ཆོས་འབྱུང་ཡོད་པཱ། བུ་སྟོན་ཆོས་འབྱུང་གི་དེ་བུ་སྟོན། བུ་སྟོན་རིན་པོ་ཆེ་རང་གི་ཕྱག་བྲིས་ཡོའོ་རེད་པས། ཕྱག་བྲིས་ཕྱག་ཏམ་མ་བྲིས་ཀྱོག།
  • སྐུ་ཞབས་ལགས
    ཨེའེ་བུ་སྟོན་ཆོས་འབྱུང་ད་ལྟ་བཀའ་འབུམ་ནང་ལ་ཡོའོ་རེད།
  • ཚེ་རིང་རྒྱལ་པོ
    ལས་ཟེའེ།
  • སྐུ་ཞབས་ལགས
    བཀའ་འབུམ་ནང་ལ་ཡོའོ་རེད་དའི། བཀའ་འབུམ་ངོ་མ་དེ་བུ་སྟོན་ཐམས་ཅད་མཁྱེན་པ་ཆེན་པོའི་ཕྱག་ཙ་ཡིན་ཟེར་གྱི་ཡོའོ་རེད།
  • ཚེ་རིང་རྒྱལ་པོ
    ཨཱ་ལས། ལགས་སོ།
  • སྐུ་ཞབས་ལགས
    དེ་ང་ཚོ་ལ་ཡོའོ་རེད།
  • ཚེ་རིང་རྒྱལ་པོ
    ད་ལྟ་ཡོའོ་རེད་པས།
  • སྐུ་ཞབས་ལགས
    ཡོའོ་རེད་དའི་མཛོད་ཁང་ནང་ལ་བཅུག་བྱས་ནས། ད་བསྟན་གྱི་མེད་པ། སུ་ལ་ཡང་།
  • ཚེ་རིང་རྒྱལ་པོ
    ཨ་ལས། ལས་ཟེའེ། ཧ་ཧ་ཧ་་་།
  • སྐུ་ཞབས་ལགས
    ད་དེ་ནས་ཕབ་བྱས་ནས་ད་ལྟ་ཡ་གི་པར་རེད།
  • ཚེ་རིང་རྒྱལ་པོ
    ལགས་སོ་ལགས་སོ།
  • སྐུ་ཞབས་ལགས
    ཕབ་ནས། དེ་ནས་ཕབ་བྱས་ནས་པར་བཏབ་ནས། མ་རུ་གཞུང་རེ་བཏབ་ནས། སྐུ་ཕྲེང་བཅུ་གསུམ་པའི་ཐོག་ལ་པར་བཏབ་ནས། དེ་ན་ཡོའོ་རེད་པར་གཅིག། རྩེ་པར་ཁང་ལ།
  • ཚེ་རིང་རྒྱལ་པོ
    ལགས་སོ།
  • སྐུ་ཞབས་ལགས
    རྩེ་པར་ཁང་ན་ཡོའོ་རེད། པར་མ་ཎི་བཀའ་འབུམ་གྱི།
  • ཚེ་རིང་རྒྱལ་པོ
    ཨ་ལས། ལགས་སོ། ལགས་སོ།