Skip to main content Skip to search
17 Aug 2018
2 min 39 sec
Ariana Maki
Video Overview
Creators: 
Yeshi Wangchuk
Transcript search
No results found for this search
0 of 0
  • རྟ་མགྲིན་ Tandin
    གནས་ཤཱཀྱ་རི་ཟེར་མི་འདི་ རི་ཏེ་ང་བཅས་ར་ད་ལྟོ་ ནཱ་སློབ་དཔོན་ཚུ་ ནཱ་ནམ་ཡང་མ་བྱོན་པར་ མཁྱེན་ཡང་མི་མཁྱེན་དོ་འོང་།
  • རྟ་མགྲིན་ Tandin
    རྫོང་བདག་ཚུ་བྱོན་ཡི་ རྫོང་རབས་བྱོན་ཡི་ ཨ་ཞེ་རྡོ་རྗེ་དབང་མོ་བྱོན་ཡི། སྒང་སྟེང་སྤྲུལ་སྐུ་ བླམ་ཚུ་ག་ར་བྱོན་ཡི།
  • རྟ་མགྲིན་ Tandin
    འདི་ཏེ་ང་བཅས་ཀྱི་ ད་ལྟོ་གནས་སྦོམ་འདི་ སྒང་སྟེང་སྤྲུལ་སྐུ་བླམ་བྱོནམ་ད་འདི་ གནས་སྦོམ་འདི་མཇལ་མ་ཚུགས་ལགས་འདི། མཇལ་མ་ཚུགས་ བླམ་གིས་གནས་ཡིག་བསྣམས་བྱོན་ནུག་ལགས་ཏེ།
  • རྟ་མགྲིན་ Tandin
    ང་ཡང་ཉིནམ་གཉིས་འདི་འཚོལ་བ་སོང་ཡི་བ་ཏེ་ བླ་མའི་བཀའ་མ་ཐེག་པ་ཏེ། ད་ང་བཅས་ར་འཚོལ་ཡི་སྨེ་ང་བཅས་ར།
  • རྟ་མགྲིན་ Tandin
    ཤིཝ་ད་ང་བཅས་ར་ ཨ་ནཱ་ལས་སྤང་མི་དེ་ཚུ་ལུ་ ང་བཅས་ར་གཅིག་ཁར་སྦེ་འགྱོ་དགོ་ཟེར་ སྨོན་ལམ་འདི་ཚུ་ ཟངས་མདོག་དཔལ་རི་ལུ་ ང་བཅས་གཅིག་ཁར་ལྷོད་པའི་ སྨོན་ལམ་བཏབ་དགོ་སྨེ་ཟེར་ཏེ།
  • རྟ་མགྲིན་ Tandin
    སེལཝ་ཨིན་ཟེར་ འདི་འབད་འབདཝ་ད་ ཁྱོད་ར་ཚུ་གི་ལུས་པ་གི་སྒྲིབ་པ་དག དེ་འབད་ཟེར་ཏེ། ཏེ་ང་བཅས་ར་གཅིག་ཁར་འཛོམས་ནི་གི་སྨོན་ལམ་དགོ་སྨེ་ཟེར་ཏེ།
  • རྟ་མགྲིན་ Tandin
    ཏེ་སེལ་ཟེར་ ང་བཅས་སེལ་ཡི་བ་ཏེ་ཉིནམ་གཉིས། ཤུལ་ལས་འབདཝ་ད་ སྒང་སྟེང་སྤྲུལ་སྐུ་གིས་ ང་བཅས་ལུ་སོ་སོ་རང་དབང་གནང་སྟེ།
  • རྟ་མགྲིན་ Tandin
    ཨ་ནཱ་ཨིན་ལགས། དབང་བཤད་གནང་ས་ སོ་སོ་འདི་ག་ར་དམངས་ཁ་ལུ་ཚར་གཅིག་གནང་ཚར་ཞིནམ་ལས་ རྟ་འགྲིན་ཤོག་ཟེར་གསུངས་དེས་ལོ། གསུང་དོ་ལོ་བླ་མ་གིས།
  • རྟ་མགྲིན་ Tandin
    ཏེ་སོང་པ་གི་ ཏེ་ཁོ་ར་གི་རྡོ་རྗེ་གཅིག་འདུག་ ཏེ་རྡོ་རྗེ་གིས་གནང་། འ་ནི་བསྒང་སྨོན་ལམ་ ང་བཅས་ར་ལེགས་ཤོམ་སྦེ་བཏབ་དགོ་སྨེ་ཟེར་ ཁྱོད་ཚུ་གིས་དོ་རུང་སེལ་ཟེར་ གསུངས་བཞག་དེས་ལགས།
  • རྟ་མགྲིན་ Tandin
    འ་ནི་སྦེ་འབདཝ་ད་ ཨ་ནི་དེ་གི་ གནས་གཞན་ སློབ་དཔོན་ཁྱོད་ར་ཚུ་གིས་བྱོན་པ་ཅིན་ ཨ་ཡི་ནང་ཨིན་ ངང་ལ་ཁག་གནས་འདི་ཏེ། ཏེ་འ་ནི་སྦོམ་གཅིག་ཡོད་འ་ནི་ ང་བཅས་ར་ ཨ་ཡ་རྫོང་བདག་བྱོན་ཡི།
  • རྟ་མགྲིན་ Tandin
    རྫོང་རབས་དེ་ཡང་བྱོན་ཡི། ཡར་ཡ་སྤོ་ཏོ་ཁར་གཅིག་ཡོད། དེ་ལས་ཤཱཀྱ་ཕུག་ལུ་ཡོད། དེ་ཨ་ནཱ་ཨ་མི་ནང་ལུ་ང་བཅས་ཀྱི་ དཔག་ཚད་གསུམ་བརྒྱ་ཡོད་ཟེར་མི་འདི་ ཨ་ན་ལས་ཨིན་མས་ལགས།
  • རྟ་མགྲིན་ Tandin
    ཨ་མི་ནང་ ངེའི་ཨ་རིང་ནང་ལུ་ ཨོ་རྒྱན་གུ་རུ་གི་ཆིབས་རྟ་ བཏག་བཏགསཔ་ཨིན་ཟེར་ རྡོ་འདི་ཨ་ནཱི་སྦེ་ [ཝ་ལང་?]སྦེ་ཡོད་ལགས་འ་ནི་སྦེ། དོང་སྤེད་སྤེདཔ་འདི།
  • རྟ་མགྲིན་ Tandin
    ཨ་མི་ནང་ཡོད་ཨ་མ་ སྤོ་ཏོ་ཁ་ལུ་ ང་ེགི་ཨ་རིང་[གིརཔ་?]ཅིག་ཡོད་མེད་ན་ལགས་ འ་ནི་ན་ཨིན། ད་མི་ནང་ལུ་ད་རུང་ ཨ་ཕི་ནང་ལུ་ ཞབས་རྗེས་གསུམ་གྱི་ཡོད། ཆུ་ཕར་ཁ་ཨིན་ལགས།
  • རྟ་མགྲིན་ Tandin
    འ་ནི་སྦེ་ཡོད་ལགས། ཏེ་འ་ནི་ཅིག་རང་ཨིན་ལགས། དེ་ཡང་འ་ནི་ཡང་ང་བཅས་ཀྱིས་ཤེས་མི་འདི་ གནམ་མེད་ས་མེད་གང་ཡང་མེད་ལགས། འ་ནི་ཅིག་ལས་བརྒལ་ཞུ་ནི་མེད་ལགས།། །།