Video Overview
སྔོན་མ་བྱང་ཕྱོགས་མ་ཎི་པདྨེ་ཧཱུཾ། ཟེར་ ཨོ་རྒྱན་ལྷ་མོ་གིས་འཐེན་ཏེ་འདུག གླུ་གཞས་འདི་ཡང་ དར་ཁྱབ་གནམ་མེད་ས་མེད་ཅིག་མ་འགྱོ་བའི་གླུ་གཞས་ཅིག་རང་ཨིན་མས། ཨིན་རུང་ ཚིག་གི་ཁ་ཐུག་ལས་འབད་བ་ཅིན་ ཤར་ཕྱོགས་ཁ་ཐུག་ལས་འཐེན་མི་དང་ གཞལམ་སྒང་ལས་ གསར་སྤང་ལུ་གཞི་གསར་སྡོད་མི་ཅིག་གིས་ཡང་འཐེན་ཏེ་འདུག དེ་འབདཝ་ད་ ཤར་རི་ལ་མ་འགྲོ་ཨ་མའི་བུ། ཟེར་མི་འདི་ཅོག་འཐདཔ་སྦེ་ཡོད་རུང་ ཨོ་རྒྱན་ལྷ་མོ་གིས་འཐེན་མི་འདི་ འགོ་བཙུགསཔ་ད་ར་ སྔོན་མ་བྱང་ཕྱོགས་མ་ཎི་པདྨེ་ཧཱུཾ། ཟེར་ འཐེན་པ་གིས་མ་ཚད་ གདངས་དབྱངས་འདི་ མ་པ་ལས་ར་མི་འདྲ་བས།
The song “A Northern Mani in the Past” is presented here by Aum Ugyen Lhamo from Thimphu Thromdey. The song speaks of a journey; the obstacles one may face while undertaking it; and what is needed to overcome such obstacles. Hence, in certain respects, this song is about the ways in which people travel in the past and the challenges they faced.
- Thim Throm
- ཚེ་དབང་ལྷ་མོ Tshewang Lhamoཟོང་ལ་ལེགས་པའི་ཨ་ཐང་ལ་ཁ་དམར་འདི། །ཁྲོམ་ལ་མི་དམངས་འཛོམས་ས་ལ་མ་འགྱོན་ན། །
- ཚེ་དབང་ལྷ་མོ Tshewang Lhamoཟོང་ལ་གཟེམ་མའི་གཤམ་མ་ལ་རྒས་པ་ཕངས་ལ། །རྒས་པ་ཕངས་ག་མི་ཕངས་ལ་ང་གི་འདྲི། །
- ཚེ་དབང་ལྷ་མོ Tshewang Lhamoཟོང་རྒས་པ་ཕངས་ག་ལ་མ་ཕངས་འདི། །ངའི་ཨ་ཐང་བཟང་མོ་ལ་འདྲི་སོང་གེ །
- ཚེ་དབང་ལྷ་མོ Tshewang Lhamoཕྱག་ཤན་ལེགས་པའི་པ་སངས་བསྟན་འཛིན་འདི། །ཁྲོམ་ལ་མི་དམངས་འཛོམས་ས་མ་བཏོན་ན། །
- ཚེ་དབང་ལྷ་མོ Tshewang Lhamoཁྲོམ་ལ་མི་དམངས་འཛོམས་ས་ལ་མ་བཏོན་པར། །ངེའི་ཕྱག་ཤན་གློ་ལུ་ལ་རྒས་པ་ཕངས། །
- ཚེ་དབང་ལྷ་མོ Tshewang Lhamoལོ་ན་གཞོན་པའི་ཕོ་རྒས་གླུ་གར་འདི། །གསུང་ལ་མི་དམངས་འཛོམས་ས་ལ་མ་བསྒྱུར་ན། །
- ཚེ་དབང་ལྷ་མོ Tshewang Lhamoཁྲོམ་ལ་མི་དམངས་འཛོམས་ས་ལ་མ་བསྒྱུར་བ་ལ། །རང་འགྱོད་པའི་ཕང་ལུ་ལ་རྒས་པ་འཕངས། །
- ཚེ་དབང་ལྷ་མོ Tshewang Lhamoམ་རྒས་པ་ཕངས་ག་ལ་མ་ཕངས་འདི་ལ། །ཨམ་ལ་ཁམས་མཁས་རྒྱལ་མོ་ལ་གསུམ་ཆང་གིས། །འ་ནཱེ་སྦེ་སླབ་མས། འ་ནཱེ་ཅིག་རང་ཨིན།