Video Overview
Sangshing Doeji from Phungshanrang village in Dechencholing Gewog (county) in Pemagatshel Dzongkhag (district), shares a brief account on the religious practices in his area. According to him the Dechencholing valley first came into contact with the Pema Lingpa tradition through a lama known as Megon lama Tshewang Namgay. Later the Terser tradition of Dudjom Rinpoche became a popular practice, through contact with Barstam lama, probably a student of Dudjiom Rinpoche. It became the most practiced religious tradition in the valley after the visit of Dungsey Rinpoche and his son Garab Rinpoche who really focused on spreading the practice of Troema, the wrathful yogini. However according to Sangshing the annual local household rituals are still conducted according to the Pema Lingpa tradition.
༉ པདྨ་དགའ་ཚལ་རྫོང་ཁག་ གཡུས་མོང་སྒར་ལས་ ཤེས་རབ་དབང་མོ་གིས་འཐེན་མི་གླུ་གཞས་ཐུང་ཀུ་འདི་ ནང་པའི་བླ་ཆེན་ སྤྱི་ལོ་ ༡༩༠༤-༡༩༨༧ ཚུན་ཚོད་བཞུགས་མི་ བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དང་ སྤྱི་ལོ་ ༡༩༡༣-༢༠༡༥ ཚུན་བཞུགས་མི་ བྱ་བྲལ་སངས་རྒྱས་རྡོ་རྗེ་ལུ་ གསོལ་འདེབས་སྦེ་ཕུལཝ་ཨིན་པས། གླུ་གཞས་འདི་གིས་ བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འདི་ འཛམ་གླིང་ཡོངས་ཀྱི་གཙུག་རྒྱན་དང་ བྱ་བྲལ་སངས་རྒྱས་རྡོ་རྗེ་འདི་ འགྲོ་བ་སེམས་ཅན་ཡོངས་ཀྱི་དེད་དཔོན་བཟུམ་ཅིག་ཨིན་ཟེར་ རྔ་གཡབ་ཟངས་མདོག་དཔལ་རི་ལུ་ཨོ་རྒྱན་པདྨ་བཞུགས་ཡོད་ སྐལ་བ་དང་ལྡན་པ་ང་བཅས་ཚུ་ཡང་ དཔལ་རི་ཞིང་ལུ་འཁྱིད་གནང་ཟེར་ གོང་གི་བླམ་གཉིས་ལུ་གསོལཝ་བཏབ་ཨིན་པས།
- Dechheling
- ཤེས་རབ་དབང་མོ་/ Sherab Wangmo:འཛམ་གླིང་ཡོངས་ཀྱི་གཙུག་རྒྱན། །བདུད་འཇོམས་ཡེ་ཤེས་རྡོ་རྗེ། །
- ཤེས་རབ་དབང་མོ་/ Sherab Wangmo:ཡིད་ལ་ལྷང་ལྷང་དྲན་པ། །སྙིང་ནས་གསོལ་བ་འདེབས་སོང་། །སྙིང་ནས་གསོལ་བ་འདེབས་སོང་། །
- ཤེས་རབ་དབང་མོ་/ Sherab Wangmo:འགྲོ་བའི་དེད་དཔོན་ཆེན་པོ། །བྱ་བྲལ་སངས་རྒྱས་རྡོ་རྗེ། །
- ཤེས་རབ་དབང་མོ་/ Sherab Wangmo:གོང་རྗེ་སློབ་མ་འཕེལ་ནས། །རྒྱལ་ཁབ་སྐྱོང་མི་འཕེལ་སོང་། །རྒྱལ་ཁབ་སྐྱོང་མི་འཕེལ་སོང་། །
- ཤེས་རབ་དབང་མོ་/ Sherab Wangmo:རྔ་ཡབ་ཟངས་མདོག་དཔལ་རི། །ཨུ་རྒྱན་པད་མ་བཞུགས་ཤིང་། །
- ཤེས་རབ་དབང་མོ་/ Sherab Wangmo:བདག་ཅག་སྐལ་ལྡན་རྣམས་ཀྱང་། །དཔལ་རི་ཞིང་དུ་ཁྲིད་ཟེར་། །དཔལ་རི་ཞིང་དུ་ཁྲིད་ཟེར་།
- ཤེས་རབ་དབང་མོ་/ Sherab Wangmo:ལགས་སོ།