Skip to main content Skip to search
20 Jan 2016
1 min 32 sec
Video Overview
Creators: 
Sherig Dhentshog

Sangshing Dorji from Dechenling in Pemagatshel district narrates the story about the two kings Namzong and Gongdhu, who lived not far from each other and how the people of Dechenling lineage later came from the Namzong's descendents. The two kings were competing in wealth and power, but king Namzong couldn’t match his wealth and power to king Gondhu. King Namzong and his family fled to Kurtoe in Lhuntse district, and later king Namzong’s son Thepa Draktsang came to Dechenling and settled there. It is believed that the people of Dechenling came from the lineage of Thepa Draktsang.

 

༉  འཛམ་གླིང་ཡོངས་ཀྱི་གཙུག་རྒྱན་ཟེར་མི་གླུ་གཞས་ཐུང་ཀུ་འདི་ བོད་སྒྲ་རིག་གསར་གྱི་གླུ་གཞས་ཅིག་ཨིནམ་ད་ འཛམ་གླིང་ཡོངས་ཀྱི་གཙུག་རྒྱན། །ཡིད་ལ་ལྷང་ལྷང་དྲན་པ། །སྙིང་ནས་གསོལ་བ་འདེབས་སོ། །འགྲོ་བའི་དེད་དཔོན་ཆེན་པོ་ཟེར་ སྤྱི་ལོ་ ༡༩༡༣ ལུ་སྐུ་འཁྲུངས་ཏེ་ དགུང་གྲངས་ ༡༠༢ ཙམ་བཞུགས་ཏེ་ སྤྱི་ལོ་ ༢༠༡༥ འི་ལོར་ ཞིང་དུ་གཤེགས་པའི་ཚུལ་སྟོན་པའི་རྙིང་མའི་བླ་ཆེན་ཅིག་ཨིན་མི་སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་ལུ་བསྟོད་པའི་གླུ་གཞས་ཅིག་ཨིན་མས། སྐྱབས་རྗེ་མཆོག་ བོད་ཀྱི་རྒྱལ་ཁབ་ནང་སྟབས་མ་བདེཝ་ཐོན་ཞིནམ་ལས་མང་ཤོས་ཅིག་ ནེ་པཱལ་ལུ་བཞུགས་ནུག

Transcript search
No results found for this search
0 of 0
  • ཕུན་ཚོགས་/ Phuntsho:
    འཛམ་གླིང་ཡོངས་ཀྱི་གཙུག་རྒྱན། །ཡིད་ལ་ལྷང་ལྷང་དྲན་པ། །ཡིད་ལ་ལྷང་ལྷང་དྲན་པ། །
  • ཕུན་ཚོགས་/ Phuntsho:
    སྙིང་ནས་གསོལ་བ་འདེབས་སོ། །འགྲོ་བའི་དེད་དཔོན་ཆེན་པོ། །འགྲོ་བའི་དེད་དཔོན་ཆེན་པོ། །
  • ཕུན་ཚོགས་/ Phuntsho:
    བྱ་བྲལ་སངས་རྒྱས་རྡོ་རྗེ། །གོང་དུ་སློབ་མ་འཕེལ་ནས། །གོང་དུ་སློབ་མ་འཕེལ་ནས། །
  • ཕུན་ཚོགས་/ Phuntsho:
    རྒྱལ་ཁབ་སྐྱོང་མི་འཕེལ་སོང་། །ཕན་པའི་རི་ཁྲོད་བསྒྲུབ་ན། །ཕན་པའི་རི་ཁྲོད་བསྒྲུབ་ན། །
  • ཕུན་ཚོགས་/ Phuntsho:
    རྔ་ཡབ་དཔལ་རི་ཞིང་ལ། །ཨུ་རྒྱན་པདྨ་བཞུགས་ཡོད། །ཨུ་རྒྱན་པདྨ་བཞུགས་ཡོད། །
  • ཕུན་ཚོགས་/ Phuntsho:
    བདག་ཅག་སྐལ་ལྡན་རྣམས་གསུམ། །དཔལ་རི་ཞིང་ལ་ཁྲིད་སོང། །དཔལ་རི་ཞིང་ལ་ཁྲིད་སོང་། །