Video Overview
An interview with a local resident regarding the Yumbulagang and surrounding area.
- Yumbu Lakhar
- བུ་ཆུངའོང་། པཱ་ལགས་ཁྱེད་རང་གྱི་མཚན་ལ་ག་རེ་ཞུ་གནང་གི་ཡོད་ན།
- དབང་འདུས་རྒྱལ་པོ་ངའི་མིང་ལ་དབང་འདུས་རྒྱལ་པོ་ཟེར་གྱི་ཡོད།
- བུ་ཆུངདབང་འདུས་རྒྱལ་པོ།
- དབང་འདུས་རྒྱལ་པོ་འོང་ལ།
- བུ་ཆུངཨ་ནི་ད་ལྟ་དགུང་ལོ་ག་ཚོད་ཡིན་ན།
- དབང་འདུས་རྒྱལ་པོ་ད་ལོ་དྲུག་བཅུ་ཐམ་པ་ལ་སླེབས་ཀྱི་ཡོད།
- བུ་ཆུངདྲུག་བཅུ་ཐམ་པ། དེ་ནི་འཁྲུངས་ས་ག་པ་རེད།
- དབང་འདུས་རྒྱལ་པོ་ད་ག་༼འདི་ག་༽རང་ནས་ཡིན་ལ།
- བུ་ཆུངཨོའོ་དའི་ལུང་པ་དེའི་མིང་ལ་ག་རེ་ཟེར་གྱི་རེད།
- དབང་འདུས་རྒྱལ་པོ་འདིའི་ཡ་ཡུམ་བུ་སྟང་ཤོད་ཟེར་གྱི་རེད་སྔོན་མག་ལོ་རྒྱུས་བྱས་ན།
- བུ་ཆུངཨ་ལས། ལགས་ཟེ། ཨ་ནི་ཨོང་དིའི་རྒྱལ་པོའི་ཞལ་ཟས་ཞིང་ཁ་དང་གྲོང་ཚོ་དང་པོ་དེ་ག་པ་ག་པ་རེད་ལ།
- དབང་འདུས་རྒྱལ་པོ་ཞལ་ཟས་རྒྱལ་པོའི་ཞིང་ཁ་དང་པོ་དེ་མ་གི་རེད་ལགས་མ་གིའི་ལྕང་གྲག་མ་གའི་འདུག་གང་ལ་མོའོ་ཁྲེའི་ལམ་ཁག་གི་ཚུར་ཙ་དའི། ཨོའོ་དེ་རེད་འདི་རེད། ཨོའོ་མ་གི་འཕྲ་པོ་དེ།
- བུ་ཆུངགཞོགས་འདའི་རེད་ཕར་རེད།
- དབང་འདུས་རྒྱལ་པོ་འདའི་འདའི་ངོས་དའི་རེད། འདི་རེད་ད་གྲོང་བྱེད་ད་ད་མ་གའི་མདུན་མ་གའི་ཆེན་པོ་གཅིག་འདུག་གང་། འདུག་ག་ལ་མ་གའི་། ཕ་གའི་ལ་གཞོགས་ཕར་ཕྱོགས་དེ་རེད་་་་་་་ཆེན་པོ་དེ། ཨོའོ་དེ་རེད་དེའི་མིག་མོ་སྒྲོལ་ཤར་པ་ཟེར་ཡས་དེ་རེད།
- བུ་ཆུངམོ་སྒྲོལ་ཤར་པ་ཟེར་གྲོང་ཚོ་དང་པོ་དེ།
- དབང་འདུས་རྒྱལ་པོ་གྲོང་ཚོ་དང་པོ་དེ་ཨོའོ་དེ་རེད། གྲོང་དང་པོ་དེ་རེད།
- བུ་ཆུངལགས་ལགས། ཨ་ནི་པཱ་ལགས་གས་དེ་ནས་མར་བྱས་ཡར་ཀླུང་གི་གནས་བཤད་ཅིག་གནང་རོགས་གནང་།
- དབང་འདུས་རྒྱལ་པོ་ད་ཡར་ཀླུང་གི་གནས་བཤད་འདྲ་ཞུས་པ་བྱས་ན་གཙོ་བོ་ཆེ་ཤོས་ད་ཨོའོ་དེ་གས་ཀྱི་ལོ་རྒྱུས་འདྲ་བུ་བྱས་པ་ཡིན་ན་དང་པོ་མཁར་དང་པོ་ཡུམ་བུ་བླ་མཁར་ཆགས་བྱས་དེ་འདྲས་ཟེར་བྱུང་པ་རེད་ཟེར།
- དབང་འདུས་རྒྱལ་པོ་དེ་ནས་ཡར་ལ་དེ་ནི་ཞིང་གི་དང་པོ་ཞལ་ཟས་ཞིང་། གྲོང་གི་དང་པ་ཨ་ཨོམོན་གྲོལ་ཤར་པོ། རྫིང་གི་དང་པོ་མོན་གྲོལ། ཞིང་གི་དང་པོ་ཞལ་ཟས་ཞིང་། རྫིང་གི་དང་པོ་མེ་ཏོག་རྫིང་། ད་ག་ནང་བཞིན་གྱི་ཆོས་རྒྱལ་ལ་བརྩིས་པ་ཡིན་ན་ཨང་དང་པོ་གཉའ་ཁྲི་བཙན་པོས་དེ་ནི་ཕོ་བྲང་དེ་སྐྱོན་བྱས་དེ་འདྲས་བྱུང་པ་རེད་ཟེར།
- དབང་འདུས་རྒྱལ་པོ་དེ་ནི་འདིའི་ནང་ལ་ཆུ་མིག་གཅིག་ཡོའོ་རེད་དེ་ཆ་བཞག་ན་བོད་ཀྱི་བློན་པོ་མགར་བའི་ལོ་རྒྱུས་ནང་ལ་བྱས་ན་བློན་པ་མགར་བ་གས་ད་ཕྱག་འཁར་བཙུགས་གནང་ནས་དེ་ནི་དེ་འདྲས་ཀྱི་ལོ་རྒྱུས་ས་དང་ཆུ་འདིའི་ནང་ནས་བརྩིས་པའི་ད་ན་ཚ་ཕྱོགས་བཞི་སྒང་ག་ལ་ཕན་ནོ་ཟེར་དེ་འདྲའི་ལོ་རྒྱུས་ཅིག་ཡོའོ་རེད་ཟེར།
- དབང་འདུས་རྒྱལ་པོ་ད་ང་ར་ཡིན་ན་སྔན་མག་སྐྱེ་ས་ཡིན་ནའི་འོག་དའི་རྩེ་རྣམ་རྒྱལ་གྲྭ་ཚང་གི་གཞི་ཁ་གཞི་བསྡོད་བྱས་ནས་བསྡོད་དུས་གང་ལ་ང་ཚོའི་པྭ་ལགས་དང་ཨ་མ་ལགས་དེ་ཚོས་ཨོའོ་དའི་གཞི་ཁ་ཟེར་གཞི་བསྡོད་བྱས་བསྡོད་ས་རེད། འོ་ད་སྐྱེ་ས་རང་ད་ག་༼འདི་ག་༽རང་ལ་སྐྱེ་བྱས་དེ་འདྲས་ཟེར་ཡིན།
- དབང་འདུས་རྒྱལ་པོ་དེ་ནི་དེའི་རྗེས་ལ་ཡ་ད་ཨ་ནི་ལྔ་བཅུ་ང་དགུའི་བཅོས་བསྒྱུར་གཏང་ནས་དེ་ནི་བོད་བྱེ་ད་མངའ་བདག་མངའ་སྡུག་ནང་ལ་གྲལ་རིམ་ཐེབ་པ་རེད་པ་ལ་དུ་ཟེར་ཚུགས་ནས་དེ་ནི་ཕ་རུ་གཅིག་གཙོ་བོ་ངལ་རྩོལ་བསྒྱུར་བསྐོད་ཟེར་འདྲའི་ཅིག་གཏང་དགོས་པ་བྱས་དེའི་འོག་ལ་དེ་ནི་མི་བོད་བྱེ་ད་ལག་ཤེས་ད་མ་སོང་ནའི་འདྲ་མིན་སྣ་ཚོགས་ཤེས་དགོ་ཡས་དེ་ཨོའོ་དེའི་ག་ཙང་ངལ་རྩོལ་ལ་བསྒྱུར་བསྐོད་གནང་ནས་ཕྱིན་བྱས་དེ་འདྲས་བྱུང་སོང་ཟེར།
- དབང་འདུས་རྒྱལ་པོ་དེ་བྱུང་ནས་ད་དེའི་ནང་ལ་ཆ་བཞག་ན་འོག་ལ་ཡིན་ནའི་ད་ཕར་ཚུར་ཨར་པོ་ཟེར་རྒྱག་ག་འགྲོ་ཡས་དང་དེ་ཚོ་འོ་ད་བརྩི་པ་ཟ་རྒྱག་ཡས་ལ་མཁས་པོ་ཤར་ཡས་དེ་འོ་དེའི་ག་ཙང་ནས་དུ་ཟེར་བྱུང་པ་རེད་ཟེར། དེ་བྱུང་ནས་ད་མཐའ་མཇུག་དའི་ད་མར་ནས་ཡར་ད་ཞོར་ལས་དང་ག་ས་གང་ལ་འགྲོ་གི་ཡོད་ལ་དེ་ནི་མཐའ་མཇུག་མཐའ་མཇུག་དའི་བརྒྱ་བཅུ་གྱ་གསུམ་ནས་དེ་ནི་ཡུམ་བུ་བླ་མཁར་རྒྱག་ཡས་དེ་ཨོའོ་སོ་སོ་རང་གས་མཁས་ལེན་ཞུས་ནས་འོ་ད་འདི་མགོ་འཛུགས་ཡས་དེ་ཨོའོ་འདུག་ཟེར་བྱས་སོ། ད་ལག་ཤེས་འདྲ་དི་ཨོའོ་འདུག་ཟེར་བྱས་བྱུང་སོང་ཟེར།
- བུ་ཆུངཡིག་གེ་སྦྱངས་ཡས་དེ།
- དབང་འདུས་རྒྱལ་པོ་ལགས་འོང་། ཡིག་གེ་སྦྱངས་ཡས་དེ་པ་ཕ་ཨ་མ་ཆུང་ཆུང་ག་ཙམ་ལོ་བཅུ་གསུམ་ནས་བཅུ་བཞིའི་ལོ་དེ་བག་བཅུ་བཞིའི་ལོ་དེ་ཟླ་བ་དྲུག་ཙམ་ཅིག་ཡིག་གེ་སློབ་ཡས་བྱུང་དེ་ནི་དེ་ནས་དེ་ནི་ཡིག་གེ་རྒྱུ་ནས་སློབ་ཡས་ཁོ་ར་མ་བྱུང་། དེ་ནི་རྦད་དེ་ངལ་རྩོལ་ཁོ་རའི་ནང་བསྡད་པ།
- བུ་ཆུངད་ལྟ་ཕྱག་དཔེ་གཟིགས་ཐུབ་ཀྱི་རེད་པ།
- དབང་འདུས་རྒྱལ་པོ་དཔེ་ཆ་བལྟ་ཐུབ་ཀྱི་མེད་ལ།
- བུ་ཆུངལགས་ཟེ།
- དབང་འདུས་རྒྱལ་པོ་དཔེ་ཆ་བལྟ་ཐུབ་ཀྱི་མེད་ལ།